དེ་རིང་ནི2025ལོའི་ཟླ06པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཕགས་ཡུལ་འགྲིམས་པའི་ལོ་ཙཱ་བ་དེ་དག

2024-11-08 09:49:43   |   1381

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། ཆ་རུ་འཕྲིན་སྟེགས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.jpg

ཤངས་པ་བཀའ་བརྒྱུད་ཀྱི་ཤིང་རྟའི་སྲོལ་འབྱེད་ཁྱུང་པོ་རྣལ་འབྱོར(1050-1127)
དུས་རབས་བཅུ་དགུ་པའི་དུས་མཇུག་གི་བརྩམས་ཆོས།
ཞེ་ཆེན་དགོན་པའི་ཡིག་ཚང་ཁང་དུ་བཞུགས།

སྐབས་དེའི་བོད་ཀྱི་གྲུབ་མཐའི་བསམ་བློར་ཐེ་ཚོམ་བྱུང་ནས། ཁྱུང་པོ་རྣལ་འབྱོར་མཆོག་རྒྱ་གར་དུ་དམ་ཆོས་འཚོལ་བར་ཕེབས། མཁའ་འགྲོ་མ་སུ་ཁ་སིདྷི་སོགས་བསྟེན་ནས་གྲུབ་ཆེན་གྱི་གོ་འཕང་བསྙེགས།

ཧྥ་རན་སིའི་མཁས་དབང་ཨན་ཐོ་ནི·དྷེ·པཱག་ཁེས(Antoine de Baecque)ཁོང་གི་བརྩམས་ཆོས《འགྲུལ་བཞུད་ཀྱི་ལོ་རྒྱུས》(Histoire de la marche)སུ། གནའ་བོའི་ཆོས་པ་ཚོའི་འགྲུལ་བཞུད་ནི"རིག་གནས་ཀྱི་རྒྱལ་ཁམས་ཉུལ་ནས། སྲོལ་རྒྱུན་གྱི་འཆིང་རྒྱ་གཏོར་ཏེ། འཚོལ་རྟོགས་ཀྱི་ལས་འགན་གྲུབ་རྒྱུ"དེ་ཡིན་གསུངས། དེ་སྔོན་གྱི་རྩོམ་ཞིག་ཏུ་ཁོ་བོས་བོད་ཀྱི་ཆོས་པ་ཚོས་རྒྱལ་ཁམས་སྐོར་བའི་སྣང་ཚུལ་དེར་འགྲེལ་བརྗོད་ཇི་ལྟར་གནང་མིན་དང་། དངོས་ཡོད་ཀྱི་སྤྱི་ཚོགས་གནས་བབ་ཁྲོད་ཁོང་རྣམ་པས་རང་གི་བྱ་སྤྱོད་དེ་ཐུན་མིན་ཅན་དུ་རིག་པས་གྲུབ་ཚུལ་བསྟན་ཡོད།

2.jpg

རྭ་ལོ་ཙཱ་བ་རྡོ་རྗེ་གྲགས་པ(1016-1128)

དུས་རབས་བཅོ་བརྒྱད་པའི་དུས་དཀྱིལ་ཙམ།
ཛྙ་ན་པ་ཏྲ་སྒྱུ་རྩལ་བཤམས་སྟོན་ཁང་དུ་བཞུགས།

རྭ་ལོ་ཙཱ་བ་དགུང་ལོ་བཅུ་བཞིའི་ཐོག(རྩོད་པ་ཡོད) བལ་ཡུལ་ཀ་ཏྱ་མན་དྷུར་འབྱོར་ཞིང་། མེ་འབྲུག་ལོའི་མཆོད་པར་བཞུགས་རྗེས་རྒྱ་གར་དུ་ཕེབས། རྒྱ་གར་གྱི་བྲམ་ཟེའི་ཆོས་པ་རྣམས་དང་རྩོད་པ་མང་དུ་བྱུང་། ཐེངས་གཉིས་པར་རྒྱ་གར་དུ་ཕེབས་སྐབས་ནཱ་ལེནྡྲར་བཞུགས།

སྤྱིར་ལམ་དང་ཁ་ཕྱོགས་སྣ་ཚོགས་ཡོད་ཀྱང་། གནའ་མི་རྣམས་ལ་མཚོན་ན་ནུབ་ཕྱོགས་ནི་དམིགས་ཡུལ་འགངས་ཆེན་ཞིག་ཡིན་ཏེ། ཐུབ་བསྟན་ཆོས་ལུགས་བོད་དུ་མ་དར་གོང་ནས་བོད་ཀྱི་རྒྱལ་ཁམས་པ་ཚོས་ལྷོ་ཕྱོགས་དང་ནུབ་བྱང་ཕྱོགས་ལ་ཤིན་ཏུ་དད་མོས་བྱེད་བཞིན་ཡོད། རྒྱུ་མཚན་ནི་ཁ་ཕྱོགས་དེ་གཉིས་བོད་རང་གི་གནའ་བོའི་རིག་གནས་ཀྱི་དྲན་པའམ་འབྱུང་ཁུངས་དང་འབྲེལ་བ་དམ་པོ་ཡོད་པས་ཡིན། སྔར་བོད་ཀྱི་བཙན་པོ་རྣམས་ལོ་རེ་བཞིན་ས་ཕྱོགས་གང་སར་ཆིབས་སྒྱུར་མཛད་ཀྱིན་ཡོད་ལ། དེ་ལྟའི་ཆིབས་སྒྱུར་གྱི་བྱ་སྤྱོད་དེས་བཙན་པོ་སྟེ། ལྷ་ཡི་སྲས་རྣམས་ཀྱི་བླ་ན་མེད་པའི་ཆ་དེ་སྔར་བས་གོང་མཐོར་གཏོང་བ་དང་ཁྱབ་བསྒྲགས་བྱེད་པར་ཕན་པ་བསྐྲུན་ཡོད། རྒྱ་རྣམས་ལ་མཚོན་ན་ནུབ་ཀྱི་ས་ནི་སྟོན་པ་བཅོམ་ལྡན་འདས་སྐུ་བལྟམས་པའི་གནས་དང་གྲུབ་ཆེན་རྣམས་སྒོམ་སྒྲུབ་གནང་ཡུལ་ཡིན་སྟབས། ནུབ་ཕྱོགས་ནི་གནས་མཆོག་ཡིན་པའི་འདུ་ཤེས་སྔར་ནས་ཡོད།

3.jpg

པཎ་ཆེན་གྱི་འཁྲུངས་རབས་ཐང་ག་ལས།

འགོས་ཁུག་པ་ལྷས་བཙས།
དུས་རབས་བཅུ་དགུ་པའི་བརྩམས་ཆོས།

རིགས་བརྒྱུད་མཐོན་པོའི་ཁྱིམ་དུ་འཁྲུངས་ཀྱང་། རིག་པའི་གནད་འཚོལ་བར་དཀའ་བ་གྲངས་མེད་སྤྱད་པའི་ལོ་ཙཱ་བ་ཁོང་། སྔ་རྗེས་སུ་རྒྱ་གར་དུ་ཐེངས་གསུམ་ཕེབས། ཕྱིས་སུ་གསང་བ་འདུས་པ་བོད་དུ་འདྲེན་མཁན་གཙོ་བོར་འགྱུར། ཁོང་གི་ཟིན་བྲིས་མང་པོ་ཞིག་ནི་སྐབས་དེའི་རྒྱ་གར་སྤྱི་ཚོགས་ལ་ཞིབ་འཇུག་བྱེད་རྒྱུའི་ཡིག་ཆ་གལ་ཆེན་ཡིན།

མང་པོ་ཞིག་གིས་བོད་ཀྱི་མི་རྣམས་ཐག་རིང་དུ་བསྐྱོད་པ་སྟབས་བདེ་ཚུལ་བརྗོད་ཀྱང་། དེ་ནི་ལོང་གཏམ་འབའ་ཞིག་སྟེ། རྒྱའི་ལོ་རྒྱུས་ཐོག་ནུབ་ཕྱོགས་སམ་རྒྱ་གར་དུ་བསྐྱོད་མཁན་བྱུང་མང་ཤོས་ཀྱི་དུས་ཚོད་ནི་དུས་རབས་བཅུ་པ་ནས་བཅུ་གཉིས་མཚམས་སུ་ཡིན་ལ། སྐབས་དེར་བོད་ཀྱི་མི་རྣམས་ཐག་རིང་འཕགས་པའི་ཡུལ་དུ་བསྐྱོད་པ་ལ་དྲོ་གྲང་མ་སྙོམ་ནས་ཚད་པས་ཤི་བ་དང་། ཇག་པ་དང་འཕྲད་པ། གྲོན་དངུལ་ཟད་པ། ལར་བདེ་ཐང་ངང་འཕགས་ཡུལ་དུ་འབྱོར་ཡང་བླ་མ་ངན་པས་ཆོས་མ་བསླབ་པ་དང་། བསླབ་ཀྱང་རྫུན་མ་བསླབས་པ་སོགས་དཀའ་ཚེགས་བསམ་ཡུལ་ལ་འདས་པ་ཞིག་ཡོད།

4.jpg

བཀའ་བརྒྱུད་པའི་ཤིང་རྟའི་སྲོལ་འབྱེད་མར་པ་ལོ་ཙཱ་བ།
དུས་རབས་བཅུ་དྲུག་པའི་དུས་མཇུག་གི་བརྩམས་ཆོས།
མི་སྒེར་གྱིས་ཉར་ཚགས་བྱས་ཡོད།

མར་པ་ལོ་ཙཱ་བས་རྒྱ་གར་དུ་སློབ་གཉེར་གནང་ཚུལ་ནི་དཔྱད་གཞི་གལ་ཆེན་ཞིག་རེད། དེ་ནི་གནའ་བོའི་བོད་ཀྱི་ས་ཁམས་རིག་པ་དང་། མཐོང་སྣེ་གསུམ་པའི་འགྲེལ་བརྗོད(第三方阐述)བྱེད་སྟངས་དང་འབྲེལ་བ་ཡོད།

བསྟན་པ་ཕྱི་དར་གྱི་དུས་ནི་བོད་ཀྱི་ལོ་རྒྱུས་སྟེང་མཁས་མང་འགྲན་རྩོད་དང་རིག་པ་འབར་གས་བྱུང་བའི་དུས་ཤིག་ཡིན་ནའང་སྤྱི་ཚོགས་ཀྱི་རྣམ་པ་ཟང་ཟིང་ཡིན། སྐབས་དེར་བོད་ཀྱི་མཁས་པ་མང་པོ་ཞིག་གིས་བོད་ཀྱི་ཆོས་ལུགས་གྲུབ་མཐའ་ཁག་གི་སྐྱོན་མཚང་མཐོང་ནས་འཕགས་པའི་ཡུལ་དུ་རིག་པའི་གནད་དམ་པ་འཚོལ་བར་ཕེབས་ཀྱི་ཡོད། དེ་ལྟ་མོད་ཀྱི། ཁོང་རྣམ་པས་གཡམ་རྒྱུགས་མ་ཡིན་པར་འཕགས་ཡུལ་གྱི་རིག་པ་རྣམས་ལའང་གཟབ་ནན་ངང་དཔྱད་པ་གནང་བ་རེད། མདོར་ན། ཕེབས་ལམ་ཉི་ཟླས་བསྐྱལ་ཞིང་། ཉི་ཟླ་རིག་པས་འདའ་བར་བྱས།

5.jpg

རྒྱ་གར་གྱི་པཎ་ཆེན་ཤཱཀྱ་ཤྲི་།
དུས་རབས་བཅུ་བདུན་པའི་བརྩམས་ཆོས།
རུའུ་པིན་བཤམས་སྟོན་ཁང་དུ་བཞུགས།

ནཱ་ལེནྡྲའི་མཁན་ཐོག་མཐའ་མ་པཎ་ཆེན་ཤཱཀྱ་ཤྲི(1127-1225)དགུང་ལོ་མཐོ་པོར་སོན་སྐབས་བོད་དུ་ཕེབས་ནས་བསྟན་པའི་རྨང་བཏིང་། འདུལ་བའི་ཁྲིམས་སྤེལ་བ་རེད། (སྐབས་དེར་དགུང་ལོ་དོན་བརྒྱད་ཡིན་པར་གྲགས)

བསྟན་པ་ཕྱི་དར་སྐབས་སུ་རྒྱ་གར་གྱི་མཁས་དབང་མང་པོ་ཞིག་བོད་དུ་ཕེབས་ནས་སྔར་གྱི་མཐའ་འཁོབ་ཡུལ་དེ་ཆོས་ཀྱི་ལྟེ་བར་བསྒྱུར། དེ་ཡང་སྤྱི་ཚོགས་སྒྲིག་འཛུགས་ཀྱི་འགྱུར་ལྡོག་དབང་གིས་ཏེ། སྐབས་དེར་དམག་འཁྲུག་དང་འཛམ་གླིང་རིག་གནས་མང་པོ་རྒྱ་གར་དུ་འདུ་འཛོམས་བྱུང་བས། ཡུལ་དེ་གའི་མཁས་དབང་ཚོས་རང་ལ་དབང་བའི་རིག་གནས་ཀྱི་ལྡུམ་ར་གསར་པ་ཞིག་འཚོལ་བར་འབད་པ་གནང་བ་རེད། དེ་ལྟའི་རིག་གནས་སྤེལ་རེས་ཀྱི་གོམ་སྟབས་ནི་ནམ་ཡང་མཚམས་འཇོག་མ་མྱོང་སྟེ། ཉེ་རབས་ཀྱི་དྲན་དབང་དགེ་འདུན་ཆོས་འཕེལ་མཆོག(1903-1951)ཀྱང་འཕགས་ཡུལ་དུ་ཕེབས་ནས། "ཤར་ནུབ་རྒྱ་མཚོའི་མཐའ་ལ་ཐུག་གི་བར། །ལྷོ་ཕྱོགས་རྒྱ་གར་ཡུལ་དུ་བགྲོད་པའི་ཚུལ། །ནུབ་ཀྱི་སྨག་ལ་སྒྲོན་མེ་བཏེག་འདྲ་འདི། །བྱང་ཕྱོགས་བོད་ཀྱི་སྐྱེས་བུའི་དོན་དུ་འབྲི"ཞེས་ཀྱང་གསུངས་ངོ་། །

6.jpg

པཎ་ཊི་ཏ་སྨྲྀ་ཏི་ཛྙ་ན།
དུས་རབས་བཅུ་བདུན་པའི་བརྩམས་ཆོས།
སྒེར་གྱིས་ཉར་ཚགས་བྱས་ཡོད།

འཕགས་ཡུལ་གྱི་སློབ་དཔོན་གང་དེ་བོད་དུ་ཕེབས་རྗེས། ལོ་ཙཱ་བ་ལམ་དུ་གཤེགས་ནས་ལོ་མང་ཕྱུགས་རྫི་མཛད། ཕྱིས་སུ་བོད་དུ་གསང་སྔགས་གསར་མའི་སྲོལ་གཏོད།

(རྩོམ་པ་པོ། བསོད་ནམས་དབང་ཆེན།)


མཉམ་སྤྱོད།