དེ་རིང་ནི2025ལོའི་ཟླ07པའི་ཚེས24ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-08 15:29:23   |   884

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
བློ་མཐུན་ཀྲིག་ཧྲི་ཀྲོ་དང་ལྷན་དུ།
གཅིག་དགུ་ང་ལྔ་ལོའི་ཟླ་བཅུ་པར།


རླབས་ཕྲེང་འཕྱོ་བའི་གཙང་མཐར་འཆམ་མ་ཐག །

ཡང་ནི་རྩེག་མང་རིར་འགོས་མིག་རྒྱང་ཕྱེ། །

རླུང་བུས་དལ་གྱིས་གཡུ་ལྗོངས་གཡོ་ཞིང་སྐྱོམ། །

ཆར་བ་སྤང་ཐང་བརྒྱུད་ནས་རི་རྩེར་བསླེབས། །

གྲོགས་འཕྲད་སྔར་བཞིན་དགའ་སྤྲོའི་གླེང་མོལ་གནང་། །

ཕྱི་ཡུལ་རང་དོན་སྒྲུབ་ལ་འཐབ་པར་སྐྱོ། །

དངན་པ་མ་འཐེན་ལང་ཚོ་ཡལ་བར་སླ། །

སུམ་ཅུའི་རྗེས་སུ་ཧི་ཞིའི་ཀླད་ནས་འཕྲད། །

སྙན་ངག་འདི་རྩོམ་པ་པོས1955ལོའི་ཟླ10པའི་ཚེས4ཉིན་ཀྲིག་ཧྲི་ཀྲོ་ལགས་ལ་བསྐུར་བའི་འཕྲིན་ཡིག་ཁྲོད་ནས་བཤུ་འབྲི་གནང་ཞིང་། འཕྲིན་ཡིག་དེ་ཆེས་སྔ་མོར་མི་དམངས་དཔེ་སྐྲུན་ཁང་གི1983ལོའི་ཟླ12པའི་པར་གཞི《མའོ་ཙེ་ཏུང་གི་འཕྲིན་ཡིག་གཅེས་བསྡུས》སྟེང་བཀོད་ཡོད།


七律
和周世钊同志
一九五五年十月


春风浩荡暂徘徊,

又踏层峰望眼开。

风起绿洲吹浪去,

雨从青野上山来。

尊前谈笑人依旧,

域外鸡虫事可哀。

莫叹韶华容易逝,

卅年仍到赫曦台。

这首诗作者抄录在一九五五年十月四日致周世钊的信中,随信最早发表在人民出版社一九八三年十二月版《毛泽东书信选集》。


མཉམ་སྤྱོད།
Loading...