དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

ཐ་སྙད་ལ་བཀས་བཅད་བྱས་ནས་ཡིག་སྒྱུར་ལས་དོན་ཚད་ལྡན་དུ་གཏོང་བ།

2024-11-18 09:22:49   |   965

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། བོད་ལྗོངས་སྐད་ཡིག་ལས་དོན་གཞུང་ལས་ཁང་། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ཆར། ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པ་དང་རང་སྐྱོང་ལྗོངས་ཏང་ཨུ་སྐབས་བཅུ་པའི་ཚང་འཛོམས་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་བྱེད་པ་དང་། ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་གཞི་རིམ་དང་རྒྱ་ཆེའི་ཞིང་འབྲོག་ཁུལ་གྱི་ལས་བྱེད་མང་ཚོགས་ཚོས་ལག་བསྟར་དོན་འཁྱོལ་ཡག་པོ་ཡོང་ཆེད། རང་སྐྱོང་ལྗོངས་བོད་སྐད་ཨུ་གཞུང་ལས་ཁང་(རྩོམ་སྒྱུར་ཅུ)གིས་བཀས་བཅད་ཨུ་ལྷན་གྱི་རིགས་གཅིག་མཁས་དབང18སྒྲིག་འཛུགས་བྱས་ཏེ།ཏང་གི་སྐབས་ཉི་ཤུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གསུམ་པའི<<གཏན་འབེབས>>དང་རང་སྐྱོང་ལྗོངས་ཏང་ཨུ་སྐབས་བཅུ་པའི་ཚང་འཛོམས་གྲོས་ཚོགས་ཐེངས་དྲུག་པའི<<སྤྱི་བསྒྲགས>>ཁྲོད་ཐོན་པའི་ཐ་སྙད་གསར་པར་ཆེད་དོན་བཀས་བཅད་བྱས་པ་དང་། “གྲངས་རིག་ལག་རྩལ”སོགས་སྡོམ་ཐ་སྙད་གསར་པ58བཀས་བཅད་བྱས་པ་རེད།

ཐེངས་འདིའི་བཀས་བཅད་ཚོགས་འདུ་ཐོག་ཡང་དག་པའི་ཆབ་སྲིད་ཀྱི་ཁ་ཕྱོགས་དང་ཚད་མཐོའི་འགན་འཁུར་གྱིས་མ་ཡིག་ལ་བསྟུན་པ་དང་། བརྗོད་པ་ཡང་དག་ཏུ་བཅོས་པ། གོ་དོན་ཁ་གསལ་བཟོ་བ་བཅས་ཀྱི་རྩ་དོན་བརྩི་སྲུང་བྱས་ཁར། ཚོགས་འདུའི་སྔོན་ལ་གྲོས་བསྡུར་ནན་ཏན་དང་རིགས་འདེད་ཞིབ་ཚགས་བྱས་ཞིང་། མང་ཚོགས་ལ་གོ་བརྡ་སྤྲོད་རྒྱུ་དམིགས་ཡུལ་དུ་བཟུང་ནས། གོ་བདེ་ཞིང་ཤེས་སླ་བ་དང་ཚད་ལྡན་གཅིག་འགྱུར་ཡོང་བར་བརྩོན་ལེན་བྱས་ཡོད། དེ་མིན། ཐེངས་འདིའི་བཀས་བཅད་བྱས་པའི་ཐ་སྙད་གསར་པ་དག“རྒྱ་བོད་ཐ་སྙད་འཚོལ་བཤེར”ལས་སྟེགས་དང་གཙོ་ཆེའི་དྲ་ཚིགས། ཚགས་པར་དང་དུས་དེབ་སོགས་སུ་འགྲེམས་སྤེལ་བྱས་ནས།མང་ཚོགས་ཀྱིས་ཚང་འཛོམས་གྲོས་ཚོགས་ཀྱི་དགོངས་དོན་ཆ་ཚང་བ་དང་ཡང་དག་པ་ཤེས་པ། ཕྱོགས་ཡོངས་ནས་སློབ་སྦྱོང་བྱེད་པ་དང་གོ་བ་ལོན་པ། ལག་བསྟར་དོན་འཁྱོལ་བྱེད་པ་བཅས་ཀྱིས་སྐད་ཡིག་ཚད་ལྡན་ཡོང་རྒྱུར་ཞབས་འདེགས་ཧུར་ཐག་ཞུས་ཡོད།


མཉམ་སྤྱོད།