དེ་རིང་ནི2025ལོའི་ཟླ06པའི་ཚེས14ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-19 09:09:21   |   951

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། 


1724286892128003.png

ཚེག་བདུན་ཤོ་ལོ་ཀ་ཁག་གཉིས།
ལུའུ་ཞུན་འཁྲུངས་ནས་ལོ་འཁོར་བརྒྱད་ཅུ་
ལོན་པའི་རྗེས་དྲན།

གཅིག་དགུ་བཅོ་བརྒྱད་ལོའི་ཟླ་བཞི་པར།


གཅིག

མཁྱེན་ཡངས་དཔྱོད་ལྡན་རྡོ་རྗེའི་སྤུན་གྲོགས་ཁྱེད། །

རལ་གྲིའི་གྲིབ་སོ་མཐུག་པོའི་གཡུལ་ན་རྒྱལ། །

ལུང་ཧྭའི་དམར་གསོད་བསམ་ན་གཉིད་མི་ཁུག །

ཁྱེད་ཀྱི་སྙན་ངག་རྒྱུད་མངས་གདངས་ལ་འདྲེས། །

གཉིས།

སྐུ་ཉིད་ཕ་ཡུལ་ཅན་ཧུའུ་མཁས་མཛངས་སྒར། །

གཅེས་པའི་རྒྱལ་ཁབ་ཕྱིར་དུ་སྲོག་ཀྱང་འདོར། །

ཅན་ནན་གླུ་སྐད་སྟོན་རླུང་སྒྲ་ལ་འཐབ། །

བརྩེ་བའི་དུད་སྤྲིན་སྙན་ངག་པང་ལ་འཁྱུད། །

སྙན་ངག་འདི་གཉིས་ལག་བྲིས་མ་གཞིར་བཟུང་ནས་པར་བསྐྲུན་བྱས།


七绝二首
纪念鲁迅八十寿辰
一九六一年秋


其一


博大胆识铁石坚,

刀光剑影任翔旋。

龙华喋血不眠夜,

犹制小诗赋管弦。

其二


鉴湖越台名士乡,

忧忡为国痛断肠。

剑南歌接秋风吟,

一例氤氲入诗囊。

这两首诗根据抄件刊印。


མཉམ་སྤྱོད།