དེ་རིང་ནི2025ལོའི་ཟླ04པའི་ཚེས28ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-21 09:12:49   |   1002

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

འབོལ་རྩོམ་སྙན་ངག
ལྡིང་ཤོག་བརྒྱད་པའི་བསྟོད་བསྔགས།
གཅིག་དགུ་རེ་གསུམ་ལོའི་ཟླ་བརྒྱད་པའི་ཚེས་གཅིག་ཉིན།


ལྡིང་ཤོག་ལེགས་བརྒྱད་གླིང་ལ་གྲགས། །

ཅིའི་ཕྱིར་ཞེ་ན་བློ་སྤོབས་བརྟན། །

དམངས་ཀྱི་དོན་དུ་ལོ་བཅུ་ཕྲག །

རུལ་སུངས་བཅད་ཅིང་ཅིར་ཡང་འཛེམ། །

དེ་བས་ལྡིང་ཤོག་ལེགས་བརྒྱད་ཐོགས། །

བཅིངས་འགྲོལ་དམག་མིས་སློབ་སྦྱོང་བྱེད། །

དམག་དམངས་ཀུན་གྱིས་རང་སྟོབས་སྤེལ། །

གཉའ་གནོན་བཤུ་གཞོག་ལ་མི་འཇིགས། །

གྲི་མདུང་ཟླ་ཚེས་མར་མི་སྐྲག །

གདོན་འདྲེ་ལ་ཡང་འཇིགས་པ་མེད། །

དཔོན་དང་རྐུན་མར་འཇིགས་སྐྲག་མེད། །

བུ་དང་བུ་མོ་ཐང་ཤིང་བཞིན། །

ཁངས་ཆར་ཁྲོད་ན་ཀྲོང་ངེར་འགྱིངས། །

སྒྲིག་ལམ་བརྟན་པོ་རྡོ་རྗེ་བཞིན། །

དམག་དོན་ནུས་རྩལ་ཐོག་གློག་འདྲ། །

ཆབ་སྲིད་ཁོང་ཆུད་ཨང་དང་པོ། །

བསམ་བློའི་དབྱེ་སྒོ་ཧ་ཅང་ཞིབ། །

དབྱེ་ཞིབ་བཟང་བས་དགེ་མཚན་ཤར། །

དགེ་མཚན་གང་དུ་ཡོད་ཅེ་ན། །

མཐུན་སྒྲིལ་སྟོབས་ཤུགས་གཅིག་ཏུ་བསྡུས། །

དམག་དམངས་མཐུན་པོ་མི་གཅིག་འདྲ། །

གནམ་འོག་དོ་ཟླ་མེད་པར་ལྟོས། །

སྙན་ངག་འདི་ཆེས་ཐོག་མར1982ལོའི་ཟླ12པའི་ཚེས26ཉིན་གྱི《བཅིངས་འགྲོལ་དམག་གི་ཚགས་པར》སྟེང་བཀོད་ཡོད།


杂言诗
八连颂
一九六三年八月一日


好八连,天下传。为什么?意志坚。

为人民,几十年。拒腐蚀,永不沾。

因此叫,好八连。解放军,要学习。

全军民,要自立。不怕压,不怕迫。

不怕刀,不怕戟。不怕鬼,不怕魅。

不怕帝,不怕贼。奇儿女,如松柏。

上参天,傲霜雪。纪律好,如坚壁。

军事好,如霹雳。政治好,称第一。

思想好,能分析。分析好,大有益。

益在哪?团结力。军民团结如一人,

试看天下谁能敌。

这首诗最早发表在一九八二年十二月二十六日《解放军报》。


མཉམ་སྤྱོད།