དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-11-22 08:40:00   |   346

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཉན་ནུའུ་ཅོ།
ཅིན་ཀང་རི་བོ།
གཅིག་དགུ་རེ་ལྔ་ལོའི་ཟླ་ལྔ་པར།


ལྗོན་པའི་རྩེ་མོ་དགུང་སྔོན་གནམ་དང་མཉམ། །

ནོར་འཛིན་ཅིན་ཀང་ཁ་ཞེང་ཡངས་ཤིང་ཆེ། །

ལྷོ་ཡི་ཕྱོགས་སུ་རླུང་ལྟར་མགྱོགས་པོར་སོང་། །

གནས་རྙིང་སླར་མཇལ་ཅི་མཐོང་ཞེས་དྲིས་ན། །

ཐོག་རྩེག་ལྡིང་ཁང་འགའ་ཞིག་མང་དུ་སོང་། །

ཅིན་ཀང་རི་བོའི་དོང་ལྔའི་རྡོ་རིང་མདུན། །

ཧྭོང་དབྱང་ཅེ་ཡི་ས་ཕྱོགས་གང་ཡིན་རུང་། །

རླངས་འཁོར་མྱུར་མོ་དྲི་བཞོན་འགྲོས་ལ་འགྲན། །

རི་མོ་ལས་བྱུང་སྙམ་པའི་རྒྱལ་ཁམས་འདི། །

གནའ་བོའི་དུས་སུ་ཆུ་ཡི་གཏེར་ཡིན་སྐད། །

ལོ་ངོ་སོ་བརྒྱད་སེ་གོལ་གཏོགས་པའི་ཡུན། །

མི་ཡུལ་འགྱུར་ལྡོག་ངོ་མཚར་རབ་ཏུ་ཆེ། །

གནམ་ས་གོ་ལྡོག་བཞིན་དུ་རྣམ་པ་འགྱུར། །

དེའི་དུས་དམག་འཐབ་ཡིད་ལ་དྲན་ཙམ་གྱིས། །

འཆི་ཉེན་ལས་ཐར་ཁ་སང་ཡིན་སྙམ་བྱུང་། །

དཔའ་སྤོབས་བློ་སྟོབས་ཁོ་ན་ལྡན་པ་ཡིས། །

གནམ་མཐའི་མཚམས་ནས་དུང་ཟླ་མཁར་འཕགས་ཤིང་། །

གཟི་སྤོབས་མཐོ་བ་དབྱར་སྐྱེས་རྔ་ལ་འགྲན། །

ཐོ་རངས་དུས་ན་བྱ་ཕོའི་སྐད་གསང་སྒྲོག །

གདོན་འདྲེ་ཐམས་ཅད་གར་སོང་ཆ་མེད་གྱུར། །

སྙན་ངག་འདི་ཆེས་ཐོག་མར་མི་དམངས་རྩོམ་རིག་དཔེ་སྐྲུན་ཁང་གི1986ལོའི་ཟླ9པའི《མའོ་ཀྲུའུ་ཞིའི་སྙན་ཚིག་གཅེས་བདམས》སྟེང་བཀོད་ཡོད།


念奴娇
井冈山
一九六五年五月


参天万木,

千百里,

飞上南天奇岳。

故地重来何所见,

多了楼台亭阁。

五井碑前,

黄洋界上,

车子飞如跃。

江山如画,

古代曾云海绿。

弹指三十八年,

人间变了,

似天渊翻覆。

犹记当时烽火里,

九死一生如昨。

独有豪情,

天际悬明月,

风雷磅礴。

一声鸡唱,

万怪烟消云落。

这首诗最早发表在人民文学出版社一九八六年九月版《毛泽东诗词选》。


མཉམ་སྤྱོད།