དེ་རིང་ནི2025ལོའི་ཟླ04པའི་ཚེས30ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-06 08:58:16   |   876

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
བསམ་བློ་ཐོངས།
གཅིག་དགུ་རེ་དྲུག་ལོའི་ཟླ་དྲུག་པར།


ལྷ་ཡི་མཁར་ན་ལས་དོན་ཡོད་པའི་དུས། །

ལྷོ་ཡི་ཕྱོགས་ལ་སྐོར་གཟིགས་བྱེད་སྒང་ཡིན། །

ཐང་ཤིང་སྐྱེས་པ་ཨ་སྔོན་དགུང་ལ་ཟུག །

ལྷུང་བའི་ལོ་མ་བཞུར་བའི་ཆུ་ཡིས་ཁྱེར། །

གློ་བུར་ཐོག་རླུང་འཇིག་རྟེན་གཉིད་ལས་བསླངས། །

སྲང་ལམ་ཡོངས་ནི་དམར་ལྗང་དར་དམར་གཡོ། །

དུས་འགྱུར་དྲག་ཆར་འདི་འདྲའི་རྒོད་པ་འདིར། །

མེས་རྒྱལ་མི་དམངས་རྣམས་ཀྱིས་བསམ་བློ་ཐོངས། །

སྙན་ངག་འདི་རྩོམ་པ་པོས་ཞིབ་བཤེར་གཏན་འབེབས་བྱས་པའི་མ་ཡིག་གཞིར་བཟུང་ནས་པར་བསྐྲུན་བྱས་པ་ཡིན།


七律
有所思
一九六六年六月


正是神都有事时,

又来南国踏芳枝。

青松怒向苍天发,

败叶纷随碧水驰。

一阵风雷惊世界,

满街红绿走旌旗。

凭阑静听潇潇雨,

故国人民有所思。

这首诗根据作者审定的抄件刊印。


མཉམ་སྤྱོད།