དེ་རིང་ནི2025ལོའི་ཟླ04པའི་ཚེས29ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-09 08:34:41   |   828

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་ཤོ་ལོ་ཀ
ཅ་ཡེ།


ཅཱ་ཧྲིན་སྤྱང་ཀྲུང་ལྡན་ལ་འཇོན་ནུས་ཡོད། །

སྐབས་ཐོག་དེ་ལ་འགྲན་པའི་དོ་ཟླ་མེད། །

ངུ་ཞིང་བཤུམ་ལ་སྐྱོ་བའི་སེམས་ཀྱི་ནི། །    

ཆུས་ཡོན་གཤེགས་པའི་མྱ་ངན་ཞུ་ཚིག་བརྩམས། །

ལྱེང་ཝང་རྟ་ལས་ལྷུང་སྟེ་ཤི་བ་དེ། །

ཧ་ལས་ཧང་སངས་དགོས་པའི་དོན་དག་མིན། །

སྐྱོ་ཞིང་གདུང་ནས་རང་ལུས་རིན་ཆེན་གྱི། །

ཚེ་ཡི་འཕེན་པ་རྫོགས་དོན་ག་ལ་ཡོད། །

སྙན་ངག་འདི་ལག་བྲིས་མ་ཕྱི་གཞིར་བཟུང་ནས་པར་བཏབ་པ་ཡིན།


七绝
贾谊


贾生才调世无伦,

哭泣情怀吊屈文。

梁王坠马寻常事,

何用哀伤付一生。

这首诗根据抄件刊印。


མཉམ་སྤྱོད།