དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-10 08:34:40   |   163

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
ཅ་ཡེ་ལ་བསྟོད་པ།


གཞོན་སྐྱེས་ཤེས་ཡངས་རྒྱལ་སྲིད་གདུང་མའི་ཚད། །

རླབས་ཆེན་ཕུགས་འདུན་མ་འགྲུབ་ཡིད་རེ་སྐྱོ། །

བློ་གདེང་མཐོ་བ་ས་ཡ་དམག་གི་ཟླ། །

ཏཱ་ཧན་གོང་མར་བློ་དཀར་རྒྱལ་ཕྲན་བཙུགས། །

འཇོན་ལྡན་དེ་འདྲ་མངའ་བདག་བློར་མ་ཤོང་། །

དྲང་བདེན་བསྐྱངས་པ་དོགས་པའི་རྒྱུ་རུ་གྱུར། །

གནའ་དེང་མི་རྣམས་རྐྱེན་ངན་འཕྲད་པར་ཕངས། །

ཁོང་ཉིད་ཆུས་ཡོན་རྗེས་སུ་བཞུད་ཅེས་གྲགས། །

སྙན་ངག་འདི་ལག་བྲིས་མ་ཕྱི་གཞིར་བཟུང་ནས་པར་བཏབ་པ་ཡིན།


七律
咏贾谊


少年倜傥廊庙才,

壮志未酬事堪哀。

胸罗文章兵百万,

胆照华国树千台。

雄英无计倾圣主,

高节终竟受疑猜。

千古同惜长沙傅,

空白汨罗步尘埃。

这首诗根据抄件刊印。


མཉམ་སྤྱོད།