དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-24 08:37:05   |   1030

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཧྭེན་ཞི་ཧྲ།
(ལྱིག་ཡ་ཙིའི་སྙན་ངག)


ཕུག་རོན་དཀར་པོའི་ཚོགས་ཀྱི་ནི། །

གར་གྱི་སྟངས་སྟབས་འདུ་འགོད་བསྒྱུར། །

བཟོ་དང་ཞིང་པ་མང་ཚོགས་ཀྱི། །

སྟོབས་དང་ཤུགས་ལ་རྫོགས་མཐའ་མེད། །

ཉིང་རྡུལ་ཚོན་དང་ཨ་སྒོར་གྱིས། །

འཇིགས་སྐུལ་བསླུ་བྲིད་ཡེ་མི་སྐྲག །

འཐབ་འཁྲུག་འཚོང་བའི་སྡེ་ཚོགས་ཏེ། །

ཨ་རི་བཙན་རྒྱལ་དགྲ་ཟླ་ཡིན། །

ཞི་ཞིང་བདེ་བའི་བཙན་རྫོང་སྟེ། །

སུའུ་ལེན་ལ་ནི་རོགས་བཀུར་བྱེད། །

གནམ་བདེ་སྒོ་ཆེན་འདུ་ར་རུ། །

མེ་ཏོག་དམར་པོ་ཁྲི་སྟོང་བཞད། །


浣溪沙
(柳亚子原诗)


白鸽连翩奋舞前。

工农大众力无边。

推翻原子更金圆。 

战贩集团仇美帝,

和平堡垒拥苏联。

天安门上万红妍!


མཉམ་སྤྱོད།