དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-25 08:47:09   |   1050

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

ཚེག་བདུན་རྐང་བརྒྱད་སྙན་ངག
སྤྲེལ་རྒྱལ་ཝུ་ཁུང་གིས་རུས་དཀར་བདུད་མོ་
ཐེངས་གསུམ་བཏུལ་བའི་ཟློས་གར་ལ་
བལྟས་རྗེས་བྲིས་པ།

(ཀོ་མོ་རོའི་སྙན་ཚིག)


མི་བདུད་གོ་ལྡོག་བདེན་རྫུན་མི་འབྱེད་བསྲེས། །

དགྲ་ལ་བྱམས་སྙིང་གྲོགས་ལ་སྡང་སྡིག་སྟོན། །

གསེར་ཤན་དབུ་ཞྭར་མཐུ་སྔགས་ཁྲི་བཏང་བས། །

རུས་དཀར་འདྲེ་མོ་བསྟུད་མར་ཐེངས་གསུམ་ཤོར། །

ཐང་བླ་གཙབ་གཏུད་བཏང་ཡང་སྡུག་གྱོང་རེད། །

སྤུ་ཉག་གཅིག་བཏོག་སྤྲེལ་རྒྱལ་ག་ལ་གནོད། །

དུས་ཐོག་བསླབ་བྱ་བཏང་ལ་བསྟོད་བསྔགས་བྱེད། །

ཕག་ལ་བློ་ལྡན་བླུན་པོ་དག་ལས་ལྷག །


七律
看《孙悟空三打白骨精》
(郭沫若原诗)


人妖颠倒是非淆,

对敌慈悲对友刁。

咒念金箍闻万遍,

精逃白骨累三遭。

千刀当剐唐僧肉,

一拔何亏大圣毛。

教育及时堪赞赏,

猪犹智慧胜愚曹。


མཉམ་སྤྱོད།