དེ་རིང་ནི2025ལོའི་ཟླ02པའི་ཚེས05ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མའོ་ཙེ་ཏུང་གི་སྙན་ཚིག་བོད་འགྱུར་མ་མུ་འགོད།

2024-12-26 08:50:24   |   1029

སྒྱུར་མཁན། རིན་ཆེན་ཚེ་རིང་། ཡོང་ཁུངས། མཚོ་བྱང་ཁུལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།


1724286892128003.png

མན་ཅང་ཧྭོང་།
(ཀོ་མོ་རོའི་སྙན་ཚིག)


རྒྱ་མཚོ་ཆེན་པོ་གཡོ་ཞིང་འཕྱོ་བའི་དུས། །

ད་གཟོད་དཔའ་བོའི་རང་རྟགས་གཞི་ནས་མངོན། །

མགོ་ནག་མི་གྲངས་དུང་ཕྱུར་དྲུག་ཀྱང་ཡོད། །

མཐུན་སྒྲིལ་བརྟན་ཞིང་རྩ་དོན་རྒྱུན་འཁྱོངས་བྱེད། །

ནམ་མཁའ་བརྡིབས་ཀྱང་ཡར་ལ་འདེགས་ཐུབ་སྟེ། །

འཇིག་རྟེན་ཡོ་ཡང་སྐྱོར་བའི་ཐབས་ཤེས་ཡོད། །

བྱ་ཕོས་སྐད་གསང་སྒྲོག་མ་ཉིད་ཐག་ཏུ། །

འཛམ་གླིང་ཡོངས་ལ་ཁྱབ་ཅིང་ཤར་ཕྱོགས་གསལ། །

ཉི་མ་ཤར་ཞིང་འཁྱག་རི་ཞུས་ནས་ཐིགས། །

བཙོ་མའི་གསེར་ནི་རང་དགར་ག་ལ་ཞུ། །

བརྗིད་ཆེའི་གསུང་རྩོམ་པོད་གྲངས་བཞི་བོས་ནི། །

མི་དམངས་ཡོངས་ལ་ཁ་ཕྱོགས་གསལ་བོ་བསྟན། །

དམ་པར་ཁྱི་ཡིས་རྨུགས་པ་དགོད་རེ་བྲོ། །

འཇིམ་གླང་རྒྱ་མཚོར་ཞུགས་ན་སླར་ལོག་མེད། །

ཤར་ནས་གཡུགས་པའི་རླུང་གི་མདུན་བསུས་ཏེ། །

གསར་བརྗེའི་དམག་དར་སྐྱོད་ཅིང་གནམ་ས་དམར། །


满江红
(郭沫若原诗)


沧海横流,

方显出英雄本色。

人六亿,

加强团结,

坚持原则。

天垮下来擎得起,

世披靡矣扶之直。

听雄鸡一唱遍寰中,

东方白。

太阳出,

冰山滴;

真金在,

岂销铄?

有雄文四卷,

为民立极。

桀犬吠尧堪笑止,

泥牛入海无消息。

迎东风革命展红旗,

乾坤赤。


མཉམ་སྤྱོད།