དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྐང་ཚ་རྫོང་གི་སྐྱེ་ཁམས་ཕྱུགས་ར་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བའི་“གཉིས་ཕན”གྱི་ལམ་ཁར་ཞུགས།

2024-10-30 09:26:43   |   340

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་འགའི་རིང་ལ། མཚོ་བྱང་ཁུལ་རྐང་ཚ་རྫོང་གིས་མགྱོགས་མྱུར་ངང་གཞི་ཁྱོན་འོས་འཚམ་དང་ཐོན་སྐྱེད་ནུས་ཐོན། དོ་དམ་སྔོན་ཐོན་དང་ཕན་འབྲས་མངོན་གསལ་ཡིན་པ་བཅས་ཀྱི་སྐྱེ་ཁམས་ཕྱུགས་ར་འཛུགས་སྐྱོང་བྱས་ཏེ། ཕྱུགས་ལས་སྐྱེ་ཁམས་ཅན་དང་སྐྱེ་ཁམས་ཐོན་ལས་ཅན་དུ་གཏོང་བར་སྐུལ་འདེད་བཏང་ནས། སྐྱེ་ཁམས་ཕྱུགས་ར་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བའི་“གཉིས་ཕན”གྱི་ལམ་ཁར་ཞུགས། 2023 ལོར་སྐྱེ་ཁམས་ཕྱུགས་ར་རིགས་དང་པོ་དང་གཉིས་པ་གསུམ་པའི་ཁྱིམ་ཚང24གསོ་སྐྱོང་དང་ངོས་འཛིན་བྱས་ཤིང་། དེ་ཡིས་རྫོང་ཡོངས་ཀྱི་ཞིང་འབྲོག་སྒེར་གཉེར་གྱི17.27%བཟུང་བ་དང་། ལོ་རེའི་ལས་གཉེར་སྤྱིའི་ཡོང་འབབ་སྒོར་ཁྲི4740.29 ལས་བརྒལ་ཡོད། ལས་ཐོག་ཁེ་སྤོགས་སྒོར་ཁྲི2155.81ཟིན།

རྐང་ཚ་རྫོང་གིས་ཐོན་ཁུངས་དོ་སྙོམས་དང་ཁོར་ཡུག་མཛའ་མཐུན། ལྗང་མདོག་སྐྱེ་ལྡན་བཅས་ཀྱི་འཕེལ་རྒྱས་ལམ་བུ་བཏོད་པ་མཐའ་འཁྱོངས་བྱས་ཏེ། རྒྱལ་ཁབ་ཞིང་ལས་ལྗང་མདོག་འཕེལ་རྒྱས་ཀྱི་སྔོན་སྐྱོད་ཁུལ་དང་ལྗང་མདོག་སྐྱེ་ལྡན་ཞིང་འབྲོག་ཐོན་རྫས་ཕྱིར་གཏོང་ཁུལ་འཛུགས་སྐྲུན་བྱ་རྒྱུ་སྣེ་ཁྲིད་བྱེད་པར་སྐུལ་འདེད་བཏང་བ་དང་། མགྱོགས་མྱུར་སྒོས་སྐྱེ་ཁམས་ཐཱན་ཉུང་འབྲོག་ལས་འཕེལ་རྒྱས་སུ་བཏང་ནས། ལྗང་མདོག་སྐྱེ་ལྡན་གྱི་སྔོན་སྐྱོད་པ་ཁག་གཅིག་བྱུང་ཡོད། སྐྱེ་ཁམས་ཕྱུགས་རས་རང་བྱུང་རྩྭ་རར་སྐྱེ་ལྡན་ལུད་མང་དུ་གཏོང་བ་དང་གཟན་རྩྭ་གསོག་འཇོག་བྱེད་པ། ཕྱུགས་རིགས་འཚོ་མཚམས་འཇོག་པ། ཕྱུགས་རེས་མོས་སུ་འཚོ་བ། ཕྱུགས་ཕྱེད་ཙམ་འཚོ་སྐྱོང་བྱེད་པ་སོགས་ཀྱི་བྱེད་ཐབས་ཁྱབ་གདལ་དུ་བཏང་ནས་རྩྭ་སའི་ཐོན་ཁུངས་བེད་སྤྱོད་ལུགས་མཐུན་བྱས། རིམས་འགོག་ལམ་ལུགས་དོན་འཁྱོལ་ནན་མོ་བྱས་ནས། གཏོང་འཇོག་ཐོན་རྫས་ཀྱི་བརྒྱུད་རིམ་ཧྲིལ་པོ་དོ་དམ་དང་སྤུས་ཚད་ཚོད་འཛིན་ནན་མོ་བྱེད་པར་ཤུགས་སྣོན་གྱིས་ཐོན་རྫས་ཀྱི་སྤུས་ཚད་ནུས་ལྡན་ངང་མཐོ་རུ་བཏང་ཡོད།     སྐྱེ་ཁམས་ཕྱུགས་ར24ཡི་ནོར་གནག་དང་འབྲོག་ལུག་གི་ཤའི་སྐྱེ་ལྡན་ཐོན་རྫས་ཀྱི་དཔང་ཡིག་ལོན་ཡོད་ལ། ཚོང་རྟགས་ཐོ་འགོད་བྱས་པའི་ཐོན་རྫས22ཡོད་པ་དང་།    ལྗང་མདོག་བཟའ་བཅར་བདེན་དཔང་ར་སྤྲོད་བྱེད་སྒང་ཡིན་པ3ཡོད།    བཟའ་བྱའི་ཞིང་ལས་ཐོན་རྫས་ཚད་ལོན་ལག་འཁྱེར་ལམ་ལུགས་ཁག་དང་ཁས་ལེན་བྱས་པ5དོན་འཁྱོལ་བྱས།

དེ་དང་ཆབས་ཅིག་ཏུ་རྩྭ་ཐང་འགན་གཙང་ལེན་འཚོ་སྐྱོང་དབང་ཆ་བརྒྱུད་བཤུག་གི་དོ་དམ་ལམ་ལུགས་བཙུགས་ནས། མ་རྐང་ནང་ཞུགས་པ་དང་བོགས་མར་གཏོང་བ།    ཕན་ཚུན་བརྗེ་རེས་སོགས་ཀྱི་བྱེད་ཐབས་སྣ་མང་བརྒྱུད་དེ་རྩྭ་ཐང་ལེགས་བསྡུས་ཞིབ་གཉེར་ཅན་གྱི་འཚོ་སྐྱོང་ཆུ་ཚད་མཐོར་འདེགས་སུ་བཏང་།     རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ར24ཡི་འཚོ་སྐྱོང་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི17.26ཟིན་པ་དང་ཆ་སྙོམས་འཚོ་སྐྱོང་བྱེད་སའི་རྩྭ་རའི་རྒྱ་ཁྱོན་མུའུ་ཁྲི0.72ཟིན་པ་དེ། ཞིང་འབྲོག་དཀྱུས་མའི་འཚོ་སྐྱོང་རྩྭ་རའི་རྒྱ་ཁྱོན་གྱི་ལྡབ5ཡིན་པ་དང་།     གཞི་ཁྱོན་ལྡན་པའི་ངང་འཚོ་སྐྱོང་བྱེད་པའི་ཕྱུགས་རིགས་མགོ་གྲངས་ཁྲི2.38ཟིན་པ་དང་འཚོ་སྐྱོང་བྱེད་པའི་ཕྱུགས་རིགས་མགོ་གྲངས800ཡན་ཡོད་པའི་ཁྱིམ་ཚང13ཡོད།  དེ་ནི་ཞིང་འབྲོག་པའི་ཕྱུགས་རིགས་མགོ་གྲངས་ཀྱི་ལྡབ3ཡིན་པ་རེད།     2023ལོར་སྐྱེ་ཁམས་ཕྱུགས་རའི་འཚོ་སྐྱོང་ཡོང་འབབ་སྒོར་ཁྲི100ཡན་ཟིན་པའི་ཁྱིམ་ཚང་བརྒྱད་ཡོད་ལ། ཆེས་མཐོ་ཤོས་ལ་སྒོར་ཁྲི1851.56ཟིན།  གཞི་ཁྱོན་ལྡན་པའི་ངང་འཚོ་སྐྱོང་བྱེད་པའི་ལེགས་ཆ་མངོན་གསལ་དོད་པོ་བྱུང་ཡོད།   

རྐང་ཚ་རྫོང་གིས་ལག་རྩལ་དང་ཆ་འཕྲིན། དོ་དམ། སྤུས་རྟགས་སོགས་ཐད་ཀྱི་སྐྱེ་ཁམས་ཕྱུགས་རའི་ལེགས་ཆ་འདོན་སྤེལ་གང་ལེགས་བྱས་ནས་མངགས་ཐོ་ཉོ་སྒྲུབ་དང་།    ལས་ཞུགས་བསྡུ་ལེན། ཕྱུགས་རིགས་བརྗེ་རེས། ལག་རྩལ་མཛུབ་ཁྲིད་སོགས་ཀྱི་བྱེད་ཐབས་སྣ་ཚོགས་བརྒྱུད་ཞིང་འབྲོག་ཁྱིམ་ཚང་དང་ཁེ་ཕན་འབྲེལ་མཐུད་ཀྱི་འབྲེལ་བ་བཙུགས་ཏེ་དེང་རབས་འབྲོག་ལས་ཐོན་སྐྱེད་ཀྱི་ལག་རྩལ་དང་ཚད་གཞི། རྒྱུ་རྐྱེན་གཙོ་བོ་སོགས་ཞིང་ཁྱིམ་ཆུང་གྲས་ནང་ཁྱབ་གདལ་བཏང་ནས་འབྲོག་ལས་འཕེལ་རྒྱས་ཀྱི་སྤུས་ཚད་དང་ཕན་འབྲས་ཁྱོན་ཡོངས་ནས་མཐོ་རུ་བཏང་ཡོད།    ཅིན་ཧྲན་སྐྱེ་ཁམས་ཕྱུགས་ར་དང་སྡེ་བའི་ཐུན་མོང་དཔལ་འབྱོར་གྱི་རྩ་འཛུགས8དང་མཉམ་དུ་ལས་གཉེར་བྱས་པར། ལོ་རེར་ཁེ་སྤོགས་སྒོར་ཁྲི40ཟིན་ཡོད་ལ།  དེས་ཕྱུགས་ར་དང་སྡེ་བ།  ཁྱིམ་ཚང་བཅས་ཕྱོགས་གསུམ་ཀར་ཕན་ཐོགས་བྱུང་ཡོད་པ་རེད།    ཆིན་ཆིན་ཚོ་སྐྱེ་ཁམས་ཕྱུགས་ར་ཡིས་རྫོང་ཁོངས་འབྲོག་ཁྱིམ་ཀྱི་འབྲི་གཡག་མགོ་གྲངས2000ལྷག་ཙམ་ཉོ་ཚོང་བྱས་ནས་མང་ཚོགས་ཀྱི་བཤས་གཏོང་དཀའ་བའི་གནད་དོན་ཐག་གཅོད་བྱས། དབྱང་ཏེ་སྐྱེ་ཁམས་ཕྱུགས་ར་ཡིས་དུས་ཚིགས་བགར་ནས་ཁྲོམ་རའི་རིན་གོང་ལས་གོང་མཐོན་པོ་སྤྲད་ནས་ཉེ་འཁོར་གྱི་འབྲོག་ཁྱིམ26གི་འབྲི་འོ་ཏུན12ལྷག་ཙམ་ཉོ་ཚོང་བྱས་ཤིང་། ཁྱིམ་ཚང་རེར་ཆ་སྙོམས་གཉེར་སྐྱོང་རང་བཞིན་གྱི་ཡོང་འབབ་སྒོར5400ལྷག་ཙམ་འཕར་ཡོད། ཅིས་ཀྲའོ་སྐྱེ་ཁམས་ཕྱུགས་ར་ཡིས་ཉེ་འཁོར་གྱི་ཞིང་འབྲོག་ཁྱིམ་ཚང་ལ་རྒྱུད་བཟང་ཁྲོམ110ལྷག་ཙམ་མཁོ་འདོན་བྱས་ནས་ཕྱུགས་རིགས་རྒྱུད་བཟང་ཅན་དུ་བསྒྱུར་བར་སྐུལ་འདེད་བཏང་། རྫོང་ཡོངས་ཀྱི་སྐྱེ་ཁམས་ཕྱུགས་ར24ཡིས་ལོ་ཧྲིལ་པོར་ལས་ཀ་ལས་མི71བསྡུས་པ་དང་དུས་ཡུན་ཐུང་བའི་ལས་ཀ་ལས་མི232བསྡུས་པས། ཞིང་ལས་ཁྱིམ་ཚང་ལ་གླ་ཕོགས་རང་བཞིན་གྱི་ཡོང་འབབ་སྒོར་ཁྲི178.38འཕར་བས། ཞིང་ཁྱིམ་ཆུང་གྲས་ཀྱི་ལས་ཞུགས་ཡོང་འབབ་ཐད་སྐུལ་ཁྲིད་ནུས་ལྡན་ཐོན་ཡོད།  

རྐང་ཚ་རྫོང་གིས་སྐྱེ་ཁམས་ཕྱུགས་རའི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ཐད་མུ་མཐུད་དུ་མ་དངུལ་གཏོང་ཤུགས་ཆེ་རུ་བཏང་ཞིང་། 2022ལོ་ནས་བཟུང་རིམ་རྩིས་བྱས་པ་ལྟར་ན། མ་དངུལ་སྒོར་ཁྲི1200ལྷག་ཙམ་བཏང་ནས་རྐང་ཚ་རྫོང་གིས་སྒེར་གཉེར་ཐོན་ལས་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་རྣམ་གྲངས་ལག་བསྟར་དང་སྐྱེ་ཁམས་ཕྱུགས་རའི་དཔེ་སྟོན་ས་ཚིགས་བཏོད་ཡོད།  མིག་སྔར་སྐྱེ་ཁམས་ཕྱུགས་ར24ཡི་ཁྲོད་ཞིང་ཆེན་རིམ་པའི་དཔེ་སྟོན་ཁུལ(ཕྱུགས་ར)15གཏན་འཁེལ་བྱས།     2024ལོར་རྫོང་རིམ་པའི་ནོར་སྲིད་ཀྱིས་མ་དངུལ་སྒོར་ཁྲི500བཀོད་སྒྲིག་བྱས་ནས་གཏན་འཁེལ་བྱས་ཟིན་པའི་སྐྱེ་ཁམས་ཕྱུགས་ར་ལ་བྱ་དགའ་སྤྲད།


སྐབས་སྔོན་མ། མེད།
སྐབས་རྗེས་མ། མཚོ་བྱང་རྐང་ཚས་འཚོ་གནས་དང་མཐུན་པའི་འཚོ་བའི་རྣམ་པ་གསར་བ་ཞིག་བསྐྲུན།
མཉམ་སྤྱོད།