དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་རྐང་ཚས་འཚོ་གནས་དང་མཐུན་པའི་འཚོ་བའི་རྣམ་པ་གསར་བ་ཞིག་བསྐྲུན།

2024-10-31 16:17:33   |   313

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་།  རྐང་ཚ་རྫོང་གིས“གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་བ་དང་། སྙན་གྲགས་ཅན་གྱི་ཁྱད་ལྡན་གྲོང་རྡལ་སྐྱེད་སྲིང་བྱེད་པ།  གྲོང་གསེབ་དར་སྤེལ་དུ་གཏོང་བ། མཁར་གྲོང་མཉམ་འདྲེས་ལ་སྐུལ་འདེད”བཅས་གཙོ་ཐིག་ཏུ་བཟུང་སྟེ། འཆར་འགོད་ཀྱི་སྣེ་ཁྲིད་མཐའ་འཁྱོངས་དང་། མཁོ་བསྒྲིགས་ཆ་ཚང་ལ་ཤུགས་སྣོན་པ། འཕེལ་རྒྱས་ཁོར་ཡུག་ལེགས་སྒྱུར་བྱེད་པ་བཅས་བྱས་ཏེ། གྲོང་ཁྱེར་འཛུགས་སྐྲུན་དང་ནགས་ཚལ་ལྗང་འགྱུར་སོགས་ཀྱི་ཕྱོགས་ནས་རྒྱུན་མཐུད་ཤུགས་བསྣན་ཏེ། རྐང་ཚ “སྡོད་གནས་དང་། ལས་ཞུགས། གནས་སྐོར”ལ་འཚམ་པའི་དེང་རབས་ཅན་གྱི་རྫོང་མཁར་གསར་བ་ཞིག་ཏུ་བསྐྲུན་པར་འབད་པ་བྱས།

གྲོང་ཁྱེར་གསར་སྒྱུར་སྒྱུར་བཀོད་ལ་ཤུགས་བསྣན། གྲོང་ཁྱེར་གྱི་སྤུས་ཚད་མཐོ་རུ་གཏོང་རྒྱུ་གཙོ་ཐིག་ཏུ་བཟུང་སྟེ། སྤྱིལ་ཁྱིམ་ཁུལ(མཁར་རྙིང)སྒྱུར་བཀོད་བྱ་རྒྱུ་གཙོ་བོར་བྱེད་པའི་གྲོང་ཁྱེར་གསར་སྒྱུར་གྱི་བྱ་སྤྱོད་ལག་ཏུ་བསྟར་བ་དང་། ལོ་ངོ་གསུམ་གྱི་རིང་ལ་ས་ཁུལ8ཀྱི་ཁྱིམ་ཚང357གྱི་ཁང་བ་བསྡུ་ལེན་གྱི་ལས་དོན་ལེགས་གྲུབ་བྱུང་ཤིང་།   མཚོ་སྔོན་པོ་གཞིས་ཁྱིམ་དང་། མཚོ་ངོགས་དང་པོ་སོགས་ཀྱི་སྤུས་ཚད་མཐོ་བའི་སྡོད་ཁང་གི་རྣམ་གྲངས་ལས་མགོ་ཚུགས་པ་དང་།  མཁར་གྲོང་གཞིས་ཁུལ་རྙིང་བའི་སྒྱུར་བཀོད་རྣམ་གྲངས6ལེགས་འགྲུབ་བྱུང་ཟིན།  སྤྱི་སྤྱོད་རླངས་འཁོར་འབབ་ཚུགས་དང་མཁའ་ཟམ8བཅས་འཛུགས་སྐྲུན་བྱས།  རྫོང་མཁར་དང་དཔལ་དགེ་གྲོང་རྡལ་གྱི་མཁར་གྲོང་གི་རྣམ་པ་ལེགས་བཅོས་རྣམ་གྲངས་ལག་བསྟར་བཅས་བྱས་ཏེ། ཧུར་ཐག་གིས་གྲོང་ཁྱེར་གྱི་གཞིས་སྡོད་ཁོར་ཡུག་ཇེ་ལེགས་སུ་བཏང་བ་དང་གྲོང་ཁྱེར་སྤྱི་ཡོངས་ཀྱི་སྣང་བརྙན་མཐོ་རུ་བཏང་།

མཁར་གྲོང་ལྗང་འགྱུར་སྐྱེད་ཚལ་ཅན་དུ་གཏོང་བར་འགན་ལེན་བྱེད་པར་ཤུགས་བསྣན། རྒྱལ་ཁོངས་ལྗང་འགྱུར་ཅན་དུ་གཏོང་བ་སྲ་བརྟན་དང་མཐོ་འདེགས་གཏོང་བའི་ལོ་གསུམ་གྱི་འཆར་གཞིའི་ནང་དོན་དོན་འཁྱོལ་ནན་མོ་བྱས་ཏེ། ཚན་རིག་དང་མཐུན་པའི་སྒོ་ནས་ལྗང་འགྱུར་ཅན་དུ་གཏོང་བའི་ས་མཚམས་གཏན་འཁེལ་བྱས་པ་དང་། ལོ་འཁོར་གྱི་ལྗང་འགྱུར་ཅན་དུ་གཏོང་བའི་ལས་འགན་བཀོད་སྒྲིག་ཚུལ་མཐུན་བྱས་ལ། རྒྱུན་ཆད་མེད་པར་སྡོང་འཛུགས་ནགས་འདེབས་ཀྱི་ལས་དོན་སྤེལ་བ། རྫོང་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་གཏོང་བ་བཅས་བྱས་ཏེ།  མཁར་གྲོང་ལྗང་འགྱུར་ཅན་དུ་གཏོང་བའི་ཆུ་ཚད་མཐོ་རུ་བཏང་། ལྷག་པར་དུ་ད་ལོ་རྐང་ཚ་རྫོང་ཨུ་དང་རྫོང་སྲིད་གཞུང་གིས་མ་དངུལ་སྒོར་ཁྲི1000བཏང་སྟེ“ ནགས་ཀྱིས་གྲོང་འདབས་བསྐོར་བ་དང་། སྡོང་བོ་གྲོང་ཁྱེར་དུ་ཁྱེར་ཡོང་བ་  ”ཡི་ལྗང་འགྱུར་བྱ་སྤྱོད་ལག་བསྟར་བྱས་ཏེ། རྫོང་མཁར་གྱི་ས་ཆ13ལ་ཁྱོན་ཡོངས་ནས་ལྗང་འགྱུར་མཐོར་འདེགས་དང་སྒྱུར་བཀོད་བྱས།

གནས་སྐོར་གསང་སྤྱོད་འཛུགས་སྐྲུན་བྱེད་པར་ཤུགས་བསྣན།  གནས་སྐོར་གསང་སྤྱོད་དེ་གནས་སྐོར་གྱི་སྣང་བརྙན་འགྲེམས་སྟོན་དང་གནས་སྐོར་ཞབས་ཞུའི་ནུས་པ་མཚོན་པའི་སྒེའུ་ཁུང་གཙོ་བོ་ཡིན་པ་མཐའ་འཁྱོངས་བྱས་ཏེ། སྤྱི་བའི་གསང་སྤྱོད་ཚང་མ《རྒྱལ་ཁབ་ཀྱི་རིགས་གཉིས་པའི་སྤྱི་པའི་གསང་སྤྱོད་ཀྱི་ཚད་གཞི》ལྟར་ཇུས་འགོད་དང་བཟོ་སྐྲུན་བྱས་པར་མ་ཟད། གནས་ཡུལ་དང་ཁོར་ཡུག་གི་ཁྱད་ཆོས་གཞིར་བཟུང་སྟེ། སྤྱི་བའི་གསང་སྤྱོད་ཀྱི་ཕྱིའི་བཀོད་པ་དང་ནང་གི་ཇུས་འགོད་ལ་བོད་མཁར་རིག་གནས་ཀྱི་ཁྱད་ཆོས་འབུར་དུ་ཐོན་པར་བྱས།  རྐང་ཚ་རྫོང་གིས་སྔ་རྗེས་སུ་མཁར་གྲོང་གི་སྤྱི་བའི་གསང་སྤྱོད་དང་གནས་སྐོར་སྤྱི་བའི་གསང་སྤྱོད34གསར་སྐྲུན་དང་བསྐྱར་སྐྲུན་བྱས་ཡོད།   རྫོང་མཁར་ནང་ཁུལ་གྱི་སྤྱི་བའི་གསང་སྤྱོད་གྱི་ཁྱབ་ཚད་སྤྱི་ལེ་གྲུ་བཞི་མ5ཡི་ནང་ཚུན་དུ་གསང་སྤྱོད་རེ་ཡོད་པ་དང་། “སྐར་མ5ནང་དུ་གསང་སྤྱོད་དུ་འགྲོ་ཐུབ་པ ”བཟོས་ཡོད།  གནས་སྐོར་བ་མང་དུས་སུ་ཉིན་རེར་ཆ་སྙོམས་མི་ཁྲི3སྣེ་ལེན་བྱེད་བཞིན་ཡོད་ཅིང་།  མང་ཚོགས་དང་གནས་སྐོར་བར་སྟབས་བདེ་བསྐྲུན་ནས“གསང་སྤྱོད་གསར་བརྗེ”དེ་ཁུལ་ཡོངས་དང་ཞིང་ཆེན་ཕྱི་ནང་གི་མདུན་གྲལ་དུ་སླེབས་ཡོད།


སྐབས་སྔོན་མ། རྐང་ཚ་རྫོང་གི་སྐྱེ་ཁམས་ཕྱུགས་ར་དེ་སྐྱེ་ཁམས་སྲུང་སྐྱོང་དང་ཕྱུགས་ལས་འཕེལ་རྒྱས་སུ་འགྲོ་བའི་“གཉིས་ཕན”གྱི་ལམ་ཁར་ཞུགས།
སྐབས་རྗེས་མ། མཚོ་བྱང་རྐང་ཚས་ཞིང་ཕྱུགས་ཐོན་རྫས་ལ་བརྟེན་ནས་ཞིང་ལས་ཀྱི་ཡོང་འབབ་འཕར་སྣོན་བྱས།
མཉམ་སྤྱོད།