མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དྲུག་པའི་བསསམ་འཆར་ཨང21523པའི་ཡིག་ལན།

2022-11-30 23:57:13   |   2958

འཐུས་མི་སུའུ་བདུན་ཅུ་ལགས།  

ཁྱེད་ཀྱིས་བཏོན་པའི“མཚོ་སྐོར་ཉེ་འགྲམ་གྱི་ཡུལ་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་ལ་རྒྱབ་སྐྱོར་དང་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་གསལ་བྱུང་ཞིང་།  འདིར་ལན་སློག་པ་གཤམ་གསལ་ལྟར།   

མཚོ་སྐོར་ཉེ་འགྲམ་གྱི་ཡུལ་གྲོང་གི་བཙོག་ཆུ་དང་གད་སྙིགས་གཙང་སེལ་སྒྲིག་བཀོད་འཛུགས་སྐྲུན་འཐུས་ཚང་དུ་གཏོང་ཆེད། གཅིག་ནས་རྐང་ཚ་རྫོང་གིས་མ་དངུལ་སྒོར་ཁྲི4290བཏང་ནས་རྐང་ཚ་རྫོང་སྐྱིད་སྨོན་ཡུལ་ཚོར་མཛེས་སྡུག་ལྡན་པའི་མཁར་གྲོང་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་ལེགས་སྒྲུབ་བྱས་ཤིང་། 98m2ཡི་གད་སྙིགས་བར་སྒྱུར་ས་ཚིགས1གསར་འཛུགས་བྱས་པ་དང་། 80m2ཡི་ཆུ་བཤལ་རྣམ་པའི་སྤྱི་ཆབ1གསར་སྐྲུན་བྱས་པ། གད་སྙིགས་དབོར་འདྲེན་རླངས་འཁོར་སྒྲིག་སྦྱོར་བྱས་ཡོད། གཉིས་ནས་མ་དངུལ་སྒོར་ཁྲི2220བཏང་ནས་གཡུ་དཀར་འོམ་ལུང་ཡུལ་ཚོའི་གད་སྙིགས་སྦས་ཡུལ་འཛུགས་སྐྲུན་རྣམ་གྲངས་ལག་བསྟར་བྱས་པ་དང་། ཉིན་རེར་ཐག་གཅོད་བྱེད་ནུས་ཉིན་རེར་ཏུན་54.94ཅན་ཇུས་འགོད་བྱས་པ་དང་། སྤྱིའི་མཛོད་དུ་ཤོང་ཚད་བསྡོམས་འབོར་སྨི་རྒྱ་དཔངས་གྲུ་བཞི་མ་ཁྲི39.36ཡིན།  མིག་སྔར་ལས་གྲྭའི་བསྡོམས་འབོར་གྱི70%ལེགས་སྒྲུབ་བྱས་ཡོད། སྔོན་དཔག་བྱས་ན་ཟླ་བཅུ་པའི་ཟླ་མཇུག་ཏུ་ལས་ཚར་ནས་བེད་སྤྱོད་གཏོང་ཐུབ། གསུམ་ནས་རྐང་ཚ་རྫོང་གིས་ཡུལ་གྲོང་དང་སྲིད་འཛིན་སྡེ་བ་ཚང་མར་གཙང་སྦྲ་བྱེད་མཁན་དང་གད་སྙིགས་གཙང་སེལ་དབོར་འདྲེན་རླངས་འཁོར་ཆུང་གྲས་བཀོད་སྒྲིག་བྱས་ཏེ། རྫོང་མཁར་དང་ཉེ་འཁོར་ཡུལ་གྲོང་གི་ཐོན་སྐྱེད་དང་འཚོ་བའི་གད་སྙིགས་གནས་གཏན་འཁེལ་གྱིས་བསྡུ་རུབ་དང་དུས་ཐོག་ཏུ་གཙང་མར་དབོར་ཏེ། གད་སྙིགས་གཙང་སེལ་ཉིན་རེར་གཙང་སེལ་ཐུབ་པ་བྱུང་ཡོད།   བཞི་ནས་རྐང་ཚ་རྫོང་གིས་རིམ་རྩིས་བྱས་ན་མ་དངུལ་སྒོར་ཁྲི9346.81བཏང་ནས། རྫོང་མཁར་གྱི་ཆུ་འབུད་ཆུ་སྦུག་དྲ་བ་སྒྱུར་བཀོད་དང་།  རྫོང་དང་ཡུལ་ཚོའི་འབྲོག་པའི་གཞིས་ཆགས་ཁུལ་གྱི་ལེ་ལག་ཚང་བའི་སྒྲིག་བཀོད་རྣམ་གྲངས།  གཙོ་གནད་མཁར་གྲོང་གི་ཆུ་འབུད་སྒྲིག་ཆས་འཐུས་ཚང་ལས་གྲྭ་སོགས་དམངས་འཚོའི་རྣམ་གྲངས་ལག་བསྟར་བྱས་ཤིང་།   རྫོང་གྲོང་དང་དེའི་ཉེ་འཁོར་གྱི་ཡུལ་གྲོང(དཔལ་དགེ་གྲོང་རྡལ་དང་།  གཡུ་དཀར་འོམ་ལུང་ཡུལ་ཚོ།  སྐྱིད་སྨོན་ཡུལ་ཚོ་བཅས)དང་འབྲེལ་བ་ཡོད་པ་དང་། སྡོད་དམངས་ཀྱི་འཚོ་བའི་ཁུལ་བདུན་ལ་ཁྱབ་པ།  བཙོག་ཆུའི་མདོང་ལམ་སྤྱི་ལེ30.03འདིང་བ།  བཙོག་ཆུ་གཙང་སེལ་ས་ཚིགས3གསར་དུ་སྐྲུན་པ་བཅས་ཏེ།  གྲོང་ཚོའི་ཁོར་ཡུག་བཅོས་སྒྲིག་དང་སྲང་ལམ་བཅོས་སྒྲིག ལུད་རྫིང་བཟོ་སྐྲུན།  ཁོར་ཡུག་འཕྲོད་བསྟེན་སྒྲིག་ཆས་སྒྲིག་སྦྱོར་སོགས་ཞོར་གཏོགས་ལས་གྲྭ་ཆ་ཚང་ལག་བསྟར་བྱས་ཡོད།   ལྔ་ནས་མདའ་བཞི་རྫོང་གིས་མཚོ་བྱང་ཁུལ་གྱི་གཙོ་གནད་མཁར་གྲོང་གི་ཆུ་འབུད་རྣམ་གྲངས་ལེགས་སྒྲུབ་བྱས་ཤིང་།  ཝ་མགྱོགས་ཡུལ་ཚོའི་གྲོང་རྡལ་དང་།  མཚོ་སྔོན་པོའི་ཡུལ་ཚོའི་ཞབས་དྲུང་སྒར་ཐོག  མཁར་ཟུར་གསུམ་གྲོང་རྡལ་གྱི་ཁེ་ཐུའུ་བཅས་སུ་བཙོག་ཆུ་བསྡུ་རུབ་གཙང་སེལ་ས་ཚིགས་བཙུགས་ནས། མིག་སྔར་རྣམ་གྲངས་དེ་འགྲུབ་ཡོད།   ཝ་མགྱོགས་ཡུལ་ཚོའི་གྲོང་རྡལ་དུ་ཁྱོན་མ་དངུལ་སྒོར་ཁྲི100བཏང་བའི“མདའ་བཞི་རྫོང་ཝ་མགྱོགས་ཡུལ་ཚོའི་བཙོག་ཆུ་གཙང་སེལ་འཛུགས་སྐྲུན་ལས་གྲྭ”ལས་བསྟར་བྱས་ཤིང་། འཛུགས་སྐྲུན་གྱི་ནང་དོན་གཙོ་བོ་ནི།  མཇུག་ཆུའི་འཚོལ་བསྡུ་མ་ལག་དང་ཞོར་གཏོགས་བཟོ་བཀོད་དངོས་པོ་ཆ་ཚང་ཡིན་པས།  རྣམ་གྲངས་དེའི་འཛུགས་སྐྲུན་གྱིས་བཙོག་ཆུ་སྔར་བས་འཚོལ་བསྡུ་དང་གཙང་སེལ་བྱེད་ཐུབ་པ་དང་ཆུའི་སྦགས་བཙོག་གིས་ཁོར་ཡུག་ལ་བཟོས་པའི་གནོད་འཚེ་ཆུང་དུ་གཏོང་ཐུབ།   དྲུག་ནས་མདའ་བཞི་རྫོང་གིས་ད་ལོར་མང་ཚོགས་ཀྱི་འཕྲོད་བསྟེན་གསང་སྤྱོད་ཁྱོན300བརྩོན་ལེན་བྱས་ཤིང་།  མིག་སྔར་བཟོ་སྐྲུན་བྱེད་བཞིན་ཡོད་པས་མང་ཚོགས་ཀྱི་མི་སྡོད་ཁོར་ཡུག་ལེགས་སུ་ཆེས་ཆེར་འགྲོ་ངེས་ཡིན།   བདུན་ནས་མདའ་བཞི་རྫོང་གིས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་འཚོ་བའི་གད་སྙིགས་བཅོས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་ཞིང་།   ལྷག་པར་དུ་མཚོ་སྔོན་པོ་སྐོར་བའི་གཙོ་གནད་ལམ་མཚམས་སུ་ཁ་གཏད་ནས་མཚོ་སྔོན་པོ་སྐོར་བའི་མིང་བྱང་ལ་དམིགས་ཏེ། རྫོང་ཁོངས་ཀྱི་རྒྱལ་ལམ315ཡི་ཡར་མར་བགྲོད་ལམ་དང་།  སན་ཀན་གཞུང་ལམ། མཚོ་སྐོར་ཤར་ལམ་བཅས་གཞུང་ལམ4ལ་དུམ་བགོས་རྣམ་པའི་ཐོག་ནས་རྫོང་ཡོངས་ཀྱི་རྫོང་ཐད་གཏོགས་སྡེ་ཁག་དང་།  ཞིང་ཆེན་དང་ཁུལ་གྱི་རྫོང་དུ་བཅའ་སྡོད་སྡེ་ཚན་ཁ་ཤས། ཁེ་ལས་སྡེ་ཚན་བཅས་སྡེ་ཚན44དང་། རྫོང་རིམ་པའི་མགོ་ཁྲིད་ཚུད་པ་བཅས་ལ་དབྱེ་བགོས་བྱས་ཤིང་། སྤྱིའི་རིང་ཚད་སྤྱི་ལེ200ལྷག་ཡོད།   ཡུལ་གྲོང་གཏོགས་ཁོངས་དང་སྡེ་ཁག་གི་རྟོག་དམ་འགན་འཁྲི་འདོན་སྤེལ་བྱས་ཏེ། ཡུལ་གྲོང་གིས་གཙོ་བོར་འཛིན་པ་དང་སྡེ་ཁག་གིས་གཞོགས་འདེགས་བྱེད་པའི་རྩ་དོན་གཞིར་བཟུང་། གཟའ་འཁོར་རེའི་གཟའ་པ་སངས་དེ“ཁོར་ཡུག་དག་ཐེར་ཉིན་མོར”བརྩིས་ནས་གཞུང་ལམ་གྱི་ལམ་རྒྱུད་དང་གཞོགས་གཉིས་ཀྱི་ཁོར་ཡུག་འཕྲོད་བསྟེན་ལ་དག་ཐེར་བྱེད་པ་དང་།  གཟའ་སྤེན་པ་དང་གཟའ་ཉི་མའི་ཉིན། སྡེ་ཁག་སོ་སོས་རང་སོ་སོའི་འགན་ལེན་ཁུལ་དུ་ཁོར་ཡུག་འཕྲོད་བསྟེན་གཙང་སྦྲའི་ལས་དོན་རྒྱུན་རྣམ་ཅན་གྱི་རྐྱེན་་སྲོལ་ལག་བསྟར་བྱེད་དགོས།   

གོང་གསལ་རྣམ་གྲངས་ལག་བསྟར་བྱས་ན། སྔར་ལས་ལྷག་པའི་སྒོ་ནས་གྲོང་ཁྱེར་དང་གྲོང་གསེབ་ཀྱི་གད་སྙིགས་བཙོག་ཆུ་གཙང་སེལ་བྱེད་ཚད་མཐོ་རུ་གཏོང་བ་དང་།  མཚོ་སྐོར་འབབ་རྒྱུད་ཀྱི་ཡུལ་གྲོང་དང་གྲོང་ཚོའི་ཁོར་ཡུག་ལེགས་སུ་འགྲོ་བ།  རོང་འབྲོག་མང་ཚོགས་ཀྱི་འཚོ་བའི་ཆུ་ཚད་མཐོ་རུ་གཏོང་ཐུབ།    

གོམ་སྟབས་རྗེས་མར་རང་ཁུལ་གྱིས་མཚོ་སྐོར་ས་ཁུལ་གྱི་གད་སྙིགས་བཙོག་ཆུ་བཅོས་སྒྲིག་ལས་དོན་མུ་མཐུད་ཡག་པོ་སྤེལ་ནས། ཁུལ་ཡོངས་ཀྱི་གད་སྙིགས་དབྱེ་འབྱེད་ལྟེ་གནས་འཛུགས་སྐྲུན་ལས་དོན་ལ་སྐུལ་འདེད་བཏང་སྟེ། ཁུལ་ཡོངས་ཀྱི་འཚོ་བའི་གད་སྙིགས་གྲངས་ཉུང་ཅན་དང་།  ཐོན་ཁུངས་ཅན།  གནོད་མེད་ཅན་བཅས་ཀྱི་བེད་སྤྱོད་ཐག་གཅོད་མངོན་འགྱུར་བྱེད་པ་དང་། མཚོ་སྐོར་གྲོང་ཚོའི་བཙོག་ཆུ་བསྡུ་རུབ་གཙང་སེལ་རྣམ་གྲངས་ཀྱི་བརྩོན་ལེན་ལས་དོན་སྤེལ་ཤུགས་ཆེ་རུ་བཏང་ནས། མཚོ་སྐོར་ཉེ་འགྲམ་གྱི་སྐྱེ་ཁམས་ཁོར་ཡུག་བདེ་འཇགས་ཀྱི་ཚད་མཐོ་རུ་གཏོང་དགོས། 

སླད་ཕྱིན་གྱི་ལས་དོན་ཁྲོད་ཁྱེད་ཀྱི་ཐུགས་ཁུར་དང་རྒྱབ་སྐྱོར་མུ་མཐུད་ཐོབ་པའི་རེ་བ་འཆང་བ་མ་ཟད།  ཁྱེད་ཀྱིས་མུ་མཐུད་ནས་ང་ཚོའི་ལས་དོན་ལ་བསམ་འཆར་དང་གྲོས་གཞི་རྩ་ཆེན་འདོན་རྒྱུ་མཁྱེན།   

འབྲེལ་གཏུག་བྱ་ཡུལ།  ཞུས་ཡུན་དབྱི།  ཁ་པར།  1363970766 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།  

2022ལོའི་ཟླ9ཚེས16ཉིན། 


མཉམ་སྤྱོད།