མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས19ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་དམངས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་བདུན་པའི་གྲོས་གཞི་ཨང195034ལ་ལན་སློག་པའི་སྐོར་གྱི་སྦྲག་འཕྲིན།

2022-11-30 23:59:33   |   2981

འཐུས་མི་མཱ་སངས་རྒྱས་སྐྱིད་ལགས།   

ཁྱེད་ཀྱིས་བཏོན་པའི“བུ་བཅོལ་ཁང་གི་སློབ་སྒྲུབ་ཚད་ལྡན་དུ་བཏང་ནས་དགེ་རྒན་དཀོན་པའི་གནད་དོན་ཐག་གཅོད་བྱ་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་གསལ་བྱུང་ཞིང་། འདིར་ལན་སློག་པ་གཤམ་གསལ་ལྟར།   

2011ལོ་ནས་བཟུང་རྒྱལ་ཁབ་ཀྱིས་སྐབས་གསུམ་པའི《སློབ་སྔོན་སློབ་གསོའི་ལོ་གསུམ་གྱི་བྱ་སྤྱོད་འཆར་གཞི》དང་རྣམ་གྲངས་སྣ་ཚོགས་ལག་བསྟར་བྱས་པས།  རང་ཁུལ་གྱི་སློབ་སྔོན་སློབ་གསོའི་བྱ་གཞག་དབྱར་མཚོ་རྒྱས་པ་ལྟར་འཕེལ་རྒྱས་མགྱོགས་པོ་བྱུང་ཞིང་།  ཁུལ་ཡོངས་ཀྱི་བུ་བཅོལ་ཁང་གི་གྲངས་འབོར་དང་བུ་བཅོལ་ཁང་གི་བྱིས་པའི་མི་འབོར་ཆེས་ཆེར་མང་དུ་ཕྱིན་པ་དང་།  ཁུལ་ཡོངས་ཀྱི་རོང་འབྲོག་ཁུལ་དུ་སློབ་སྔོན་སློབ་གསོ་གཞི་རྩའི་ཆ་ནས་ཁེབས་ཡོད། སློབ་སྔོན་ལོ་གསུམ་གྱི་སློབ་གསོ་གཞི་རྩའི་ཆ་ནས་ཁྱབ་གདལ་བྱུང་ཡོད།   འོན་ཀྱང་འཕེལ་རྒྱས་ཀྱི་འཕེལ་རིམ་མགྱོགས་སུ་ཕྱིན་པ་དང་བསྟུན་ནས། སློབ་སྔོན་སློབ་གསོའི་ཆེད་ལས་དགེ་རྒན་དཀོན་པའི་གནད་དོན་སྔར་བཞིན་མངོན་གསལ་ཡིན།   

2015ལོར་ཞིང་ཆེན་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གིས《སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ཞབས་ཞུའི་རྣམ་གྲངས་ཉོ་སྒྲུབ་བྱེད་པའི་ལག་བསྟར་བྱེད་ཐབས》བཏོན་ནས། སྲིད་གཞུང་གིས་ཞབས་ཞུ་ཉོ་སྒྲུབ་བྱེད་པའི་བྱེད་ཐབས་བརྒྱུད་སློབ་སྔོན་སློབ་གསོའི་དགེ་རྒན་མི་འདང་བའི་གནད་དོན་ཐག་གཅོད་བྱེད་དགོས་ཞེས་བཏོན་ཡོད།   2016ལོར་ཞིང་ཆེན་སྲིད་གཞུང་གིས《མཚོ་སྔོན་ཞིང་ཆེན་གྱི་སློབ་གསོ་ཕྱོགས་བསྡུས་སྒྱུར་བཅོས་ཇུས་གཞི》བཀྲམ་པའི་ནང“སློབ་སྔོན་དགེ་རྒན་ནུས་ལྡན་ངང་ཁ་གསབ་བྱེད་སྟངས་འཚོལ་ཞིབ་བྱས་ནས་སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ཞབས་ཞུ་ཉོ་སྒྲུབ་བྱེད་ཤུགས་ཆེ་རུ་བཏང་སྟེ། རིམ་བཞིན་སློབ་སྔོན་དགེ་རྒན་ལ་ལས་འདྲ་ཡོན་འདྲ་ཡོང་བ་བྱེད་པའི”བླང་བྱ་བཏོན་ཡོད།   སླད་ཕྱིན་སློབ་སྔོན་དགེ་རྒན་གྱི་དགེ་རྒན་དཔུང་སྡེ་ཐག་གཅོད་ན་གཙོ་བོ་སྲིད་གཞུང་གིས་སྤྱི་ཚོགས་ཀྱི་སློབ་སྔོན་སློབ་གསོའི་སྤྱི་པའི་ཞབས་ཞུའི་དོན་ཚན་ཉོ་སྒྲུབ་བྱེད་ཐབས་ལ་བརྟེན་ནས།   སྤྱི་ཚོགས་ཀྱི་སྟོབས་ཤུགས་སྐུལ་སློང་བྱས་ཏེ། རིམ་པ་མང་བ་དང་བྱེད་ཐབས་མང་བའི་སློབ་སྔོན་སློབ་གསོའི་ཞབས་ཞུའི་མཁོ་སྤྲོད་མ་ལག་བཙུགས་ནས། རང་ཁུལ་གྱི་སློབ་སྔོན་སློབ་གསོ་དེ་སྒྲིག་ཁུངས་ཚད་བཀག་དབང་གིས་འགན་ལེན་སློབ་གསོ་མི་སྣ་མི་འདང་བའི་གནད་དོན་ནུས་ལྡན་ངང་ཞི་ལྷོད་དུ་བཏང་བ་དང་དུས་མཚུངས་སུ་འབྲེལ་ཡོད་ཆེད་ལས་ཀྱི་སློབ་ཐོན་སློབ་མ་ཁག་གཅིག་གི་ལས་ཞུགས་གནད་དོན་ཐག་གཅོད་བྱས་ཡོད།   ཉེ་བའི་ལོ་ཤས་རིང་།  རང་ཁུལ་གྱི་རྫོང་སོ་སོས་རྣམ་གྲངས་རེ་ཞུ་ཧུར་ཐག་བྱས་པ་བརྒྱུད། སྲིད་གཞུང་གིས་སློབ་སྔོན་སློབ་གསོའི་ཞབས་ཞུའི་ལས་དོན་ཉོ་སྒྲུབ་བྱས་པ་དང་།  ཞིང་ཆེན་ནོར་སྲིད་ཀྱིས་ཆེད་སྤྱོད་མ་དངུལ་གཤམ་སྤྲོད་བྱས་པ་དང་།  ས་གནས་ནོར་སྲིད་ཀྱིས་ལེ་ལག་ཚང་བའི་མ་དངུལ་ཁག་གཅིག་བཀོད་སྒྲིག་བྱས་ནས། ལས་གནས་ཀྱི་འགན་ལེན་སློབ་གསོའི་མི་སྣའི་གླ་ཕོགས་ཉོ་རྒྱུའི་ཐག་གཅོད་བྱས་ཤིང་། དེའི་ནང་མདོ་ལ་རྫོང་དང་རྐང་ཚ་རྫོང་གི་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་པར་ལས་འདྲ་ཡོན་འདྲ་ཐོབ་ཐང་མངོན་འགྱུར་བྱུང་ཡོད།  འཇུ་ལག་རྫོང་དང་མདའ་བཞི་རྫོང་གིས་ཀྱང་མ་དངུལ་དང་ས་གནས་ཀྱི་མ་དངུལ་གྲབས་གསོག་བརྩོན་ལེན་ཧུར་ཐག་བྱས་ནས། སློབ་སྔོན་སློབ་གསོར་གནས་སྐབས་གདན་ཞུ་བྱས་པའི་དགེ་རྒན་གྱི་གླ་ཕོགས་དོན་འཁྱོལ་བྱས་པས། དགེ་རྒན་མི་འདང་བའི་གནད་དོན་ཞི་ལྷོད་དུ་ནུས་ལྡན་ཕྱིན་ཡོད།   ད་ལོར་མཚོན་ན། ཞིང་ཆེན་སློབ་གསོ་ཐིང་དང་ནོར་སྲིད་ཐིང་གིས་དགེ་རྒན་གྱི་དགོས་མཁོའི་བསྡུར་གྲངས་གཞིར་བཟུང་། མི་རེར་ཆ་སྙོམས་ཟླ་རེར་སྒོར750ཡི་ཆེད་སྤྱོད་ཁ་གསབ་མ་དངུལ་སྔ་སྣུར་དུ་སྤྲད་པ་དང་། འཇུ་ལག་རྫོང་ལ་ཞིང་ཆེན་གྱིས་མ་དངུལ་བཏང་བ་དང་དུས་མཚུངས་རྫོང་ནོར་སྲིད་ཀྱིས་ཀྱང་ཁ་གསབ་ཚད་གཞི་མཐོ་རུ་བཏང་བས། གནས་སྐབས་གདན་ཞུ་བྱས་པའི་མི་རེའི་ཆ་སྙོམས་གླ་ཕོགས་དེ་སྔའི་ཟླ་རེར་སྒོར1500ནས་སྒོར1700ལ་སླེབས་ཡོད། དེ་ལྟར་ཡིན་ནའང་སྒྲིག་ཁོངས་ནང་གི་དགེ་རྒན་གྱི་ཐོབ་ཐང་དང་བསྡུར་ན་ད་དུང་ཧེ་བག་ཧ་ཅང་ཆེན་པོ་ཡོད། ཁྱེད་ཀྱིས་བཏོན་པའི་སློབ་གསོའི་ཐད་ཀྱི་མི་སྣའི་ཐོབ་ཐང་དོན་དངོས་ཐོག་མཐོ་རུ་གཏོང་དགོས་པའི་གྲོས་གཞི་དེ་ད་ལྟ་རིམ་བཞིན་མངོན་དུ་འགྱུར་བཞིན་ཡོད།   

ཁྱེད་ཀྱིས་བཏོན་པའི་བྱིས་པའི་སྒྲིག་ཁོངས་ཁ་སྣོན་བྱེད་དགོས་པའི་སྐོར་གྱི་གྲོས་གཞི་དེར། སྒྲིག་ཁོངས་ལ་ཁུལ་དང་རྫོང་གི་སྤྱི་འབོར་གྱི་ཚོད་འཛིན་ཐེབས་པའི་དབང་གིས་ད་དུང་སྒྲིག་ཁོངས་མང་དུ་གཏོང་ཐུབ་མི་འདུག་པས།  སྒྲིག་ཁོངས་སྟོང་པར་གྱུར་ཚེ་བསྡུ་ལེན་བྱ་རྒྱུ་ལས་ཐབས་གཞན་མེད།   2020ལོའི་ཟླ6པའི་ཟླ་སྨད་དུ། ཁུལ་ཡོངས་ཀྱིས་སློབ་གྲྭ་འབྲིང་ཆུང་དང་བུ་བཅོལ་ཁང་གི་དགེ་རྒན་གཅིག་གྱུར་ཐོག་བསྡུ་སྐབས། བུ་བཅོལ་ཁང་གི་དགེ་རྒན14(དེའི་ནང་འཇུ་ལག་ཏུ8དང་མདོ་ལར6ཡིན། རྫོང་གཞན་དག་ཏུ་སྒྲིག་ཁོངས་སྟོང་པ་མེད)བསྡུ་ལེན་བྱས།   2022ལོའི་ཟླ7པའི་ཟླ་སྨད་དུ། ཁུལ་ཡོངས་ཀྱིས་བུ་བཅོལ་ཁང་གི་དགེ་རྒན་གཅིག་གྱུར་ཐོག་བསྡུ་སྐབས། བུ་བཅོལ་ཁང་གི་དགེ་རྒན12(དེའི་ནང་འཇུ་ལག་ཏུ10དང་།  མདའ་བཞིར1དང་། ནུབ་མཚོ་བུ་བཅོལ་ཁང་དུ1བཅས་ཡིན། རྫོང་གཞན་དག་ཏུ་སྒྲིག་ཁོངས་སྟོང་པ་མེད)བསྡུ་ལེན་བྱས་ཡོད།  རང་ཞིང་གིས་ད་དུང་གཞུང་བཙུགས་བུ་བཅོལ་ཁང་གི་དགེ་རྒན་དང་ལས་བཟོ་པའི་སྒྲིག་ཁོངས་ཚད་གཞི་བཏོན་མེད་པས། སློབ་སྔོན་སློབ་གསོའི་དགེ་རྒན་སྒྲིག་ཁོངས་དོ་དམ་ནང་འཇུག་པ་དེ་མིག་སྔར་མངོན་འགྱུར་བྱེད་ཐབས་མི་འདུག   

ཁྱེད་ཀྱིས་སློབ་གསོའི་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་ཐུགས་རྗེ་ཆེ།   

འབྲེལ་གཏུག་བྱ་ཡུལ།  ལུའུ་ཡུན། འབྲེལ་གཏུག་ཁ་པར།  8646337 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།  

2022ལོའི་ཟླ་9ཚེས་15ཉིན།


མཉམ་སྤྱོད།