མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས24ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཨང195021པའི་ཡིག་ལན།

2022-12-01 00:04:41   |   3116

འཐུས་མི་ལུང་ཡུང་ཧྲེང་ལགས།     

ཁྱེད་ཀྱིས་བཏོན་པའི“གྲོང་ལྷོའི་ཡུག་ཁུལ་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་རྣམ་གྲངས་ཐག་གཅོད་བྱེད་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་ཟིན། ད་ལྟ་ལན་བཏབ་པ་གཤམ་གསལ་ལྟར།

མདོ་ལ་རྫོང་གི་རྨང་གཞིའི་སྒྲིག་བཀོད་ཀྱི་ལེ་ལག་ཆ་ཚང་བ་དང་།    ཞབས་ཞུའི་ནུས་པ་སྔར་བས་ཆ་ཚང་བ།    གྲོང་ཁྱེར་དང་གྲོང་རྡལ་གྱི་ཉམས་འགྱུར་སྔར་བས་གསལ་བ།    མི་འཚོ་སྡོད་ཁོར་ཡུག་སྔར་བས་མཛེས་སྡུག་ལྡན་པ་བཅས་ཡོང་ཆེད།    རང་རེའི་ཁུལ་གྱིས་རང་འགུལ་ངང་བྱ་སྤྱོད་སྤེལ་ནས་མཉམ་འབྲེལ་ཐོག་སྒྱུར་བཅོས་དང་སྡོད་ཁང་འཛུགས་སྐྲུན་སོགས་སྡེ་ཚན་གྱི2019ལོར་མདོ་ལ་རྫོང་གི2019ལོའི་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་རྣམ་གྲངས་བརྩོན་ལེན་དང་དོན་འཁྱོལ་བྱས་ནས་ཁྱོན་མ་དངུལ་སྒོར་དུང་ཕྱུར4.45བཏང་བ་དང་བུན་འཛིན་མ་དངུལ་སྒོར་དུང་ཕྱུར3.23གཤམ་སྤྲོད་བྱས། 2020ལོར་མདོ་ལ་རྫོང་གི་རྡོ་བལ་ནུབ་ལམ་གྱི་གཞུང་ལམ་འཛུགས་སྐྲུན་བཟོ་སྐྲུན་བརྩོན་ལེན་དང་དོན་འཁྱོལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི900བཏང་བ་དང་།   མདོ་ལ་རྫོང་གི་སྐྱེ་ཁམས་ལྷོ་ལམ་གྱི་གཞུང་ལམ་བཟོ་སྐྲུན་ལ་མ་དངུལ་སྒོར་ཁྲི800བཏང་། མདོ་ལ་རྫོང་རྩྭ་ཐང་གི་ལྷོ་མཚམས་དང་རྩྭ་ཐང་གི་ལྷོ་ལམ་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི1060བཏང་།     མདོ་ལ་རྫོང་གི་མི་རིགས་ལྷོ་ལམ་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི500བཏང་།     མདོ་ལ་རྫོང་མཚོ་ལྷོ་ལམ་དང་དེའི་གཞུང་ལམ་བཟོ་སྐྲུན་འཛུགས་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི2690བཏང་།     མདོ་ལ་རྫོང་མཁར་གྲོང་གི་ཆུ་མཁོ་འདོན་མདོང་ལམ་དྲ་བ་ལེགས་སུ་གཏོང་བའི་སྒྱུར་བཀོད་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི776བཏང་ཡོད།    མདོ་ལ་རྫོང་གི2019ལོར་སྡོད་ཁང་སྐྱོ་ཁུལ་སྒྱུར་བཀོད་ཁུལ་དུ(དུས་ཐེངས་དང་པོའི)ལེ་ལག་ཚང་བའི་རྨང་གཞིའི་སྒྲིག་བཀོད་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི5280བཏང་བ་དང་།  མདོ་ལ་རྫོང་དུང་སོ་རི་བོའི་བྱང་འདབས་ཁུལ་གྱི་སྐྱེ་ཁམས་སླར་གསོ་དང་གྲོང་ཁྱེར་ཉམས་གསོ་བཟོ་སྐྲུན་ཁྱོན་མ་དངུལ་སྒོར་ཁྲི5000བཏང་།  2021ལོར་མདོ་ལ་རྫོང་གི་བདེ་ཐང་གཞུང་ལམ་གྱི་ཆུ་ལོག་སྔོན་འགོག་དང་འཁྱིལ་ཆུ་ཕྱིར་འབུད་ཀྱི་བཟོ་སྐྲུན་བརྩོན་ལེན་དང་དོན་འཁྱོལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི888བཏང་བ་དང་།  མདོ་ལ་རྫོང་གི་ལྷོ་སྐོར་ལམ་དུ་ཆུ་ལོག་འགོག་པ་དང་ཆུ་ལོག་ཕྱིར་འབུད་ཀྱི་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི5652བཏང་།   མདོ་ལ་རྫོང་གི་ལྷོ་སྐོར་ལམ་རིམ་སྤོར་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི2375བཏང་། མདོ་ལ་རྫོང་གི་ཆུ་བེད་ལམ་གྱི་ཤར་མཚམས་དང་།    པིན་ཧོ་ལམ་གྱི་ནུབ་ཕྱོགས།    བརྒྱད་གཅིག་ལམ་སོགས་ཁྲོམ་གཞུང་བཅོས་སྒྲིག་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི2110བཏང་།     2022ལོར་མདོ་ལ་རྫོང་གྲོང་གི་མི་བགྲོད་གནམ་ཟམ་འཛུགས་སྐྲུན་རྣམ་གྲངས་བརྩོན་ལེན་དང་དོན་འཁྱོལ་བྱས་ནས་ཁྱོན་མ་དངུལ་སྒོར་ཁྲི1018བཏང་བ་དང་།  མདོ་ལ་རྫོང་གྲོང་གི་དེའུ་ཡག་སྡེ་ཁུལ་གསར་པའི་ཆུ་མཁོ་འདོན་མདོང་དྲ་བསྐྱར་སྐྲུན་རྒྱས་སྐྲུན་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི652བཏང་།  མདོ་ལ་རྫོང་གི་གྲོང་གསེབ་ཀྱི་རྨང་གཞིའི་སྒྲིག་བཀོད་ལེགས་གཏོང་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི1576བཏང་།    མདོ་ལ་རྫོང་ཤང་གྲོང་གི་ནུས་རྒྱུ་གཙང་མའི་སྒྱུར་བཀོད་རྣམ་གྲངས་ལ་མ་དངུལ་སྒོར་ཁྲི2801བཏང་།  མདོ་ལ་རྫོང་གི་པ་པའོ་འཕྲེད་ལམ་སོགས་ལམ་དུམ་བུ་དང་ཆར་ཆུའི་ཆུ་སྦུག་དྲ་བ་གསར་སྐྲུན་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི916བཏང་།   མདོ་ལ་རྫོང་སྤྱི་སྤྱོད་རླངས་འཁོར་གྱི་མཚོ་ཁུག་རྣམ་པའི་རླངས་འཁོར་སྒུག་སའི་ས་ཚིགས་འཛུགས་སྐྲུན་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི665བཏང་། མདོ་ལ་རྫོང་གི་རླངས་འཁོར་འཇོག་ས་སྒྱུར་བཀོད་རྣམ་གྲངས་ལ་ཁྱོན་མ་དངུལ་སྒོར་ཁྲི388བཏང་།     མདོ་ལ་རྫོང་གྲོང་གི་ཆུ་མཁོ་འདོན་མདོང་ལམ་དྲ་བ་སྒྱུར་བཀོད་བཟོ་སྐྲུན་ལ་ཁྱོན་མ་དངུལ་སྒོར་ཁྲི196བཏང་ཡོད། མདོ་ལ་རྫོང་གི་བཟོ་ལས་ལམ་ཆེན་གྱི་རིམ་སྤོར་སྒྱུར་བཀོད་བཟོ་སྐྲུན་དང་། མདོ་ལ་རྫོང་གི་མི་དམངས་ལམ། པ་པོ་ལམ་རྒྱུད་ཀྱི་ཁྲོམ་གཞུང་འཛུགས་སྐྲུན་ཉམས་འགྱུར་སྒྱུར་བཀོད་སོགས་ཀྱི་རྣམ་གྲངས་ཞིང་ཆེན་འཕེལ་སྒྱུར་ཨུ་ལྷན་ལ་གོང་ཞུ་བྱས་ནས་བརྩོན་ལེན་བྱེད་བཞིན་ཡོད། གོམ་སྟབས་རྗེས་མར་རང་ཁུལ་གྱི་རྒྱལ་ཁབ་ཀྱི་ཆེད་སྤྱོད་མ་དངུལ་ལ་དམ་པོར་དམིགས་ཏེ་འབྲེལ་ཡོད་སྡེ་ཚན་དང་མཐུན་སྦྱོར་བྱས་ནས་རྣམ་གྲངས་ཀྱི་དུས་འགོའི་ལས་དོན་ཡག་པོ་བསྒྲུབས་ནས་མ་དངུལ་བརྩོན་ལེན་ཧུར་ཐག་བྱེད་རྒྱུ་ཡིན།     

ཁྱེད་ཀྱིས་མཚོ་བྱང་གི་འཕེལ་སྒྱུར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སླད་ཕྱིན་གྱི་ལས་དོན་ཁྲོད་ད་དུང་ང་ཚོ་ལ་བསམ་འཆར་དང་གྲོས་གཞི་འདོན་རྒྱུའི་རེ་བ་ཡོད།    ང་ཚོས་མུ་མཐུད་དུ་མཐོང་ཆེན་དང་དོན་འཁྱོལ་ནན་ཏན་བྱེད་ངེས་ཡིན།   

འབྲེལ་གཏུག་པ།  མ་ཀུའེ་ཚེ།   འབྲེལ་གཏུག་ཁ་པར།  0970-8642330 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས16ཉིན།


མཉམ་སྤྱོད།