མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཨང185015པའི་ཡིག་ལན།

2022-12-01 00:06:55   |   2980

འཐུས་མི་སུའུ་བདུན་ཅུ་དང་ཐོ་ཀ་ཡུང་། ཏུང་ཧྥུ་ཁེ་བཅས་ལ།     

ཁྱེད་རྣམ་པས་བཏོན་པའི“མདའ་བཞི་རྫོང་གི་ཙོང་ཆུའི་ཆུ་འགོའི་སྐྱེ་ཁམས་ཁོར་ཡུག་བཅོས་སྐྱོང་ལ་ཤུགས་སྣོན་རྒྱག་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་ཟིན། ད་ལྟ་ལན་བཏབ་པ་གཤམ་གསལ་ལྟར།   

ཉེ་བའི་ལོ་ཤས་རིང་ལ། རང་རེའི་ཁུལ་གྱིས་ཞི་ཅིན་ཕིང་ཀྱི་སྐྱེ་ཁམས་དཔལ་ཡོན་གྱི་བསམ་བློ་ལག་བསྟར་གཏིང་ཟབ་བྱས་ནས།“སྐྱེ་ཁམས་དཔལ་ཡོན”གྱི་དུས་རབས་ཀྱི་ནང་དོན་ཁོང་དུ་བརྟན་པོ་ཆུད་པར་བྱས་ཤིང་། སྐྱེ་ཁམས་སྔོན་ལ་འཛིན་པ་རྒྱུན་འཁྱོངས་དང་།ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་བ།   “ཁྱོན་ཡོངས་ཆེན་པོ་གཉིས”ཡིད་ལ་བཅངས་ནས།     “རྒྱལ་ཁབ་གྱི་དོན་ཆེན”སེམས་ལ་གཉེར་ནས།     ཙོང་ཆུའི་འབབ་རྒྱུད་ཕྱོགས་བསྡུས་བཅོས་སྐྱོང་བྱེད་པའི་བརྒྱུད་རིམ་ནང་སྔ་རྗེས་སུ་རང་བྱུང་ནགས་ཚལ་སྲུང་སྐྱོང་དང་།   བྱང་གསུམ་འགོག་སྲུང་ནགས་ཚལ་འཛུགས་སྐྲུན།    ཕྱུགས་བསྐྱུར་རྩྭ་གསོ།    འབབ་རྒྱུད་ཆུང་གྲས་ཀྱི་ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་སོགས་ཀྱི་སྐྱེ་ཁམས་བཟོ་སྐྲུན་ལག་བསྟར་བྱས་ནས་རང་རེའི་ཁུལ་གྱི་ཙོང་ཆུའི་འབབ་རྒྱུད་ས་ཁོངས་ཀྱི་སྐྱེ་ཁམས་ཁོར་ཡུག་ཉམས་ཞན་དུ་འགྲོ་བའི་རྣམ་པ་སྔར་བས་ཇེ་ལེགས་སུ་བཏང་བ་དང་། སྐྱེ་ཁམས་བཟང་བའི་མཚེའུ་འགྲམ་རྒྱུད་སྲུང་སྐྱོང་ཁུལ་བཏོད་དེ་ཙོང་ཆུའི་ཆུ་འགོའི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་ཇེ་བརྟན་དུ་བཏང་ཡོད།     མིག་སྔར་མདའ་བཞི་རྫོང་གི་ཙོང་ཆུའི་ཆུ་འགོའི་ཆུ་སྤུས་བརྟན་པོ་ཡོད་པ་དང་།    ཆད་ངོས་ཀྱི་ཆུ་སྤུས་དམིགས་ཚད་ལོན་ཚད100%ཟིན་པ།    ས་མཚམས་ལས་སྒྲོལ་བའི་ཆུ་སྤུས་ཚོད་འཛིན་ཆད་ངོས་ཀྱི་ཆུའི་ཁོར་ཡུག་སྤུས་ཚད་རིགསIIཡན་གྱི་ཆུ་སྤུས་དམིགས་ཚད་ལ་སླེབས་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་འགོའི་ཆུ་སྤུས་ལོན་ཚད100%ཟིན་ཡོད་པ་བཅས་རེད།     མཁའ་རླུང་སྤུས་ཚད་ལེགས་པའི་ཉིན་གྲངས96%ཡན་ཟིན་པ་དང་། ནགས་ཚལ་ཁྱབ་ཚད17.75%ཟིན་པ།  རྩྭ་ཐང་ཕྱོགས་བསྡུས་སྔོ་ཁེབས་ཁྱབ་ཚད69%ཟིན་ཡོད་པ་བཅས་རེད།     

རྗེས་མར་ཙོང་ཆུ་འབབ་རྒྱུད་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་དེ《མཚོ་བྱང་ཁུལ་གྱི་རྨ་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་འཆར་འགོད》ནང་བཞག་ནས་ཆུ་ཁུངས་གསོ་སྐྱོང་དང་།    ཆུའི་སྐྱེ་ཁམས་སྲུང་སྐྱོང་དང་སླར་གསོ།    ས་ཆུ་སྲུང་འཛིན་ཕྱོགས་བསྡུས་བཅོས་སྐྱོང་།    གཙང་པོ་དང་མཚེའུ་ཡི་སྐྱེ་ཁམས་སྲུང་སྐྱོང་དང་ཉམས་གསོ་སོགས་གཙོ་གནད་སྐྱེ་ཁམས་ལས་གྲྭར་དམིགས་ནས་རྣམ་གྲངས་གྲབས་གསོག་བྱེད་ཤུགས་མུ་མཐུད་དུ་ཇེ་ཆེར་གཏོང་བ་དང་།    ཆུ་བེད་དང་།    ནགས་རྩྭ།    ཁོར་ཡུག་སྲུང་སྐྱོང་སོགས་འབྲེལ་ཡོད་སྡེ་ཁག་ལ་གཞོགས་འདེགས་བྱས་ཏེ་རྣམ་གྲངས་ཡིག་ཐོག་སྙན་ཞུ་དང་འབྲེལ་མཐུད་ལས་ཀ་ལེགས་པར་བསྒྲུབས་ཤིང་།    ཙོང་ཆུའི་འབབ་རྒྱུད་ཀྱི་སྐྱེ་ཁམས་ཕྱོགས་བསྡུས་བཅོས་སྐྱོང་བྱེད་ཤུགས་ཆེ་རུ་གཏོང་དགོས།    

 ཁྱེད་རྣམ་པའི་མཚོ་བྱང་གི་འཕེལ་སྒྱུར་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་། སླད་ཕྱིན་གྱི་ལས་དོན་ཁྲོད་ད་དུང་ང་ཚོ་ལ་བསམ་འཆར་དང་གྲོས་གཞི་འདོན་རྒྱུའི་རེ་བ་ཡོད།    ང་ཚོས་མུ་མཐུད་དུ་མཐོང་ཆེན་དང་དོན་འཁྱོལ་ནན་ཏན་བྱེད་ངེས་ཡིན།     

འབྲེལ་གཏུག་པ།  ལི་ཡན་ཧྥེང་།   འབྲེལ་གཏུག་ཁ་པར།    0970-8642390 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་། 

2022ལོའི་ཟླ9ཚེས15ཉིན།     


མཉམ་སྤྱོད།