མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ03ཚེས29ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་གི་ཞིང་ཆེན་མི་དམངས་འཐུས་ཚོགས་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོའི་གྲོས་གཞི་ཨང185027པའི་ཡིག་ལན།

2022-12-01 00:08:46   |   3054

འཐུས་མི་མ་ཡུས་ཀྲུའུ་དང་མ་སངས་རྒྱས་སྐྱིད་ལགས།     

ཁྱེད་གཉིས་ཀྱིས་བཏོན་པའི“འཇུ་ལག་རྫོང་སྐྱ་ཀ་ལུང་བའི་ཞིང་ཆུ་འདྲེན་གཏོང་བཟོ་སྐྲུན་རྒྱབ་སྐྱོར་བྱེད་རྒྱུའི་སྐོར་གྱི་གྲོས་གཞི”འབྱོར་ཟིན།  ད་ལྟ་ལན་བཏབ་པ་གཤམ་གསལ་ལྟར།     

2013ལོར་འཇུ་ལག་རྫོང་ཆུ་བེད་ཅུས་ཞིང་ཆེན་ཆུ་བེད་ཐིང་ནས་དུས་འགོའི་གྲོན་དངུལ་སྒོར་ཁྲི1000གཡར་ཏེ་མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུ་གློག་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ལ་མངགས་བཅོལ་བྱས་ནས《མཚོ་སྔོན་ཞིང་ཆེན་སྐྱ་ཀ་ལུང་བའི་ཞིང་ཆུ་འདྲེན་གཏོང་བཟོ་སྐྲུན་རྣམ་གྲངས་ཀྱི་གྲོས་འགོའི་ཡི་གེ》བཟོས་པ་རེད།    2016ལོའི་ལོ་འགོར་མཚོ་སྔོན་ཞིང་ཆེན་ཆུ་བེད་ཆུ་གློག་རྩད་ཞིབ་ཐིག་ལེན་ཇུས་འགོད་ཞིབ་འཇུག་ཁང་ལ་ས་གཤིས་རྩད་ཞིབ་བྱེད་རྒྱུའི་མངགས་བཅོལ་བྱས་པ་མ་ཟད།    ཟླ12པའི་ཟླ་མཇུག་ཏུ《མཚོ་སྔོན་ཞིང་ཆེན་སྐྱ་ཀ་ལུང་བའི་ཞིང་ཆུ་འདྲེན་གཏོང་བཟོ་སྐྲུན་ཆོག་འཐུས་རང་བཞིན་གྱི་ཞིབ་འཇུག་སྙན་ཞུ》བཟོས་ནས་ལེགས་སྒྲུབ་བྱས་པ་དང་།  2017ལོའི་ཟླ5པར་སྐྱ་ཀ་ལུང་བའི་ཞིང་ཆུ་འདྲེན་གཏོང་བཟོ་སྐྲུན་ཞིབ་འཇུག་སྙན་ཞུ་ཞིང་ཆེན་ཆུ་བེད་ཐིང་ལ་སྙན་ཞུ་ཕུལ། 2019ལོའི་ཟླ9པར་རྨ་ཆུའི་ཆུ་བེད་ཨུ་ཡོན་ལྷན་ཁང་གི་རྨ་ཆུའི་ཆུ་བེད་ཚན་རིག་ཞིབ་འཇུག་ཁང་ལ་བཟོ་སྐྲུན་དེའི་ཆུའི་ཐོན་ཁུངས་ལ་རིགས་པས་ཁུངས་སྐྱེལ་བྱེད་པའི་སྙན་ཞུ་བཟོ་རྒྱུའི་མངགས་བཅོལ་བྱས།     2020ལོར་རང་རེའི་ཅུ་ཡིས་ཞིང་ཆེན་ཆུ་བེད་ཐིང་ལ《མཚོ་སྔོན་ཞིང་ཆེན་འཇུ་ལག་རྫོང་སྐྱ་ཀ་ལུང་བའི་ཆུ་འདྲེན་བཟོ་སྐྲུན་ཆུ་ལེན་འཐུས་མཆན་འགོད་རེ་ཞུ་བྱེད་རྒྱུའི་སྐོར་གྱི་དགོངས་སྐོར》(བྱང་ཆུ་ཡིག〔2020〕ཨང135པ)གོང་ཞུ་བྱས་པ་ཡིན།     2020ལོའི་ཟླ6ཚེས6ཉིན།   ཞིང་ཆེན་ཆུ་བེད་ཐིང་གིས《འཇུ་ལག་རྫོང་སྐྱ་ཀ་ལུང་བའི་ཞིང་ཆུ་འདྲེན་གཏོང་ལས་གྲྭའི་ཆུ་ལེན་འཐུས་མིན་ཞིབ་བཤེར་ཆོག་མཆན་བཀོད་པའི་སྐོར་གྱི་ཡིག་ལན》(མཚོ་ཆུའི་ཐོན་ཁུངས་ཀྱི་འཕྲིན་ཡིག〔2020〕ཨང321)འགྲེམས་སྤེལ་བྱས།     ཡིག་ལན་ནང་ཞིང་ཆེན་གྱི“རྨ་ཆུ་ཟི་ལིང་ལ་འདྲེན་པའི”བཟོ་སྐྲུན་ལ་ནུས་ཤུགས་ཡོད་རྒུས་རྒྱབ་སྐྱོར་བྱེད་པ་དང་འཇུ་ལག་རྫོང་གི“རྨ་ཆུ་ཟད་གྲོན་དམིགས་ཚད”ལྷག་མ“རྨ་ཆུ་ཟི་ལིང་ལ་འདྲེན་པའི”བཟོ་སྐྲུན་གཅིག་གྱུར་ལེགས་སྒྲིག་དང་འདེགས་སྐྱོར་བྱས་པར་བརྟེན་ཞིང་ཆེན་ཆུ་བེད་ཐིང་གིས་རང་རེའི་ཁུལ་གྱིས་གོང་ཞུ་བྱས་པའི་ཆུ་ལེན་ཆོག་འཐུས་ཀྱི་ཞིབ་མཆན་དགོངས་ཞུ་ལ་བདག་སྤྲོད་བྱས་མེད་པ་རེད།     

གོང་གི་རྒྱུ་རྐྱེན་ལ་གཞིགས་ནས།    རང་རེའི་ཅུ་ཡིས་འཇུ་ལག་རྫོང་གི་རྫོང་ཨུ་དང་སྲིད་གཞུང་སྡེ་ཚན་གྱི་ད་ལྟའི་འགན་འཁུར་བློ་མཐུན་གཙོ་བོའི་བསམ་འཆར་ཆེད་མངགས་བསྡུ་ལེན་བྱས་པ་དང་།    “རྨ་ཆུ་ཟད་གྲོན་དམིགས་ཚད”ཀྱི་ཚོད་འཛིན་དང་རྣམ་གྲངས་ལག་བསྟར་ཆ་རྐྱེན་འཛོམས་མེད་པ་སོགས་ཀྱི་ཆ་རྐྱེན་གྱི་ཚོད་འཛིན་ཕོག་ནས“ལོ་ལྔ་ཚན་བཅུ་བཞི་པའི”རིང་ལ་བཟོ་སྐྲུན་དེ་གནས་སྐབས་ལག་བསྟར་བྱ་རྒྱུ་ནར་འགྱངས་བྱེད་རྒྱུའི་མོས་མཐུན་ཐོབ་པ་རེད།     སླད་ཕྱིན་ངེད་ཅུ་ཡིས“རྨ་ཆུ་ཟད་གྲོན་དམིགས་ཚད”ལེགས་སྒྲིག་བྱས་ཚུལ་ལ་གཞིགས་ནས་རྣམ་གྲངས་དེའི་དུས་འགོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་རྣམ་གྲངས་སྔ་ཙམ་དོན་འཁྱོལ་ཐུབ་པར་འབད་ངེས་ཡིན།     

མཇུག་མཐར་ཁྱེད་གཉིས་ཀྱིས་ཆུ་བེད་ལས་དོན་ལ་ཐུགས་ཁུར་དང་རྒྱབ་སྐྱོར་གནང་བར་སྙིང་ཐག་པ་ནས་ཐུགས་རྗེ་ཆེ་ཞུ་བ་དང་།  མུ་མཐུད་ནས་ང་ཚོའི་ལས་དོན་ལ་བསམ་འཆར་དང་གྲོས་གཞི་རྩ་ཆེན་འདོན་རྒྱུའི་རེ་བ་ཡོད།   

འབྲེལ་གཏུག་པ། མ་ཅི་ཧོ།   འབྲེལ་གཏུག་ཁ་པར།  8642250 

མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

2022ལོའི་ཟླ9ཚེས16ཉིན།


མཉམ་སྤྱོད།