མཚོ་སྔོན་ཞིང་ཆེན་མི་དམངས་སྲིད་གཞུང་།          དེ་རིང་ནི 2024ལོའི་ཟླ04ཚེས25ཡིན།
རྒྱ་ཡིག    |    汉语
མདུན་ངོས། མགོ་ཁྲིད་སྒེའུ་ཁུང་། གསར་ཐོས་གལ་ཆེན། ཆ་འཕྲིན་གསལ་སྒྲོག བསམ་འཆར་བརྗེ་རེས། དག་སྣང་མཚོ་བྱང་། མི་རིགས་མཐུན་སྒྲིལ། བརྙན་གཟུགས་ལྟེ་གནས། སྲིད་པའི་གཏམ་ཚོགས།

བཅུ་གཉིས། གཞན་དག་གི་སྐོར།

2022-11-17 13:41:55   |   528

རྐང་ལག་མེད་པའི་དོང་རྐོ།
རྐང་ལག་མེད་པའི་དོང་རྐོ།
རྐང་ལག་མེད་པའི་དོང་རྐོ།
རྐང་ལག་མེད་པའི་དོང་རྐོ།

ཅི་ཁེད།   ལན་ནི་ཐིགས་ཆུ། 

རྟ་མ་སོང་ལུང་བ་རྗེས་ཀྱིས་གང་།

ཅི་ཁེད།   ལན་ནི་གྲོད་ཆུང་།

རྟ་མེད་སའི་ལུང་བ་རྟ་ལུད་ཅན།

ཅི་ཁེད།   ལན་ནི་གྲོད་པུ།

གཡག་རྒན་མ་འགུལ་རྒྱུ་མ་འགུལ།

ཅི་ཁེད།   ལན་ནི་སྦྲ་ནང་གི་མི།

གཡག་རོག་རོག་ཞོན་ཐུབ་རུང་ཐུག་མི་ཐུབ།

ཅི་ཁེད།   ལན་ནི་སྐྱག་པ།

ཀླུ་དུང་སྐྱོང་དཀར་པོ་མགོ་རྔ་མེད་ལ་སྦྲུལ་གྱིས་དཀྲིས།

ཅི་ཁེད།   ལན་ནི་བལ་དོས།

ཁྱོད་ཕར་ལ་སོང་ང་ཤུལ་ནས་འདུག

ཅི་ཁེད།   ལན་ནི་རྨིག་རྗེས།

རྐང་ཡས་མེད་པའི་གནམ་ལྡིང་མ།

ཅི་ཁེད།   ལན་ནི་རྦབ་རྡོ།

ཁྱོད་འགྲོ་ན་ང་འགྲོ

ཁྱོད་འདུག་ན་ང་འདུག

ཅི་ཁེད།   ལན་ནི་གྲིབ་མ།

ཨ་ཁུ་ཚང་གི་མཚེར་ཤུལ་ན།

གཡག་རྒན་སྔོ་ལྡང་ཁེར་རྐྱང་ལུས།

ཅི་ཁེད།   ལན་ནི་ཐལ་སྤུང་།

ཕར་བལྟས་ན་ང་འདྲ་འདྲ།

ཚུར་བལྟས་ན་ཁོ་འདྲ་འདྲ།

ཅི་ཁེད།   ལན་ནི་འདྲ་པར།

ཁོག་ཕྱི་ནང་རིག་པའི་གཞུང་དྲང་པོ།

ཆར་རླུང་འཚུབ་འགོག་པའི་གོ་ཆོད་པོ།

ཅི་ཁེད།   ལན་ནི་ཤེལ་སྒོ

མ་སེམས་ཅན་ཐམས་ཅད་ཉལ་ཤུལ་ལ།

འདྲེ་ནག་ག་ཨ་ཇོར་ལ་ཉལ་རྒྱུ་མེད།

ཅི་ཁེད།   ལན་ནི་རྭ་ཅོ།

ཁ་ཡོད་ཀྱང་བཤད་མི་ཤེས།

ལུས་ཡོད་ཀྱང་འགུལ་མི་ཤེས།

ཅི་ཁེད།   ལན་ནི་བྲིས་པའི་རི་མོ།

ཨ་གར་ཐང་གི་ཐང་དཀྱིལ་ན།

ཨ་ཅེ་དཀར་མོའི་ལག་གཡུག་བྱེད།

ཅི་ཁེད།   ལན་ནི་རྩྭ་མགོར་བ་དཀྲི་བ། 

ཁབ་ཀྱིས་མ་བཟོས་འབ་ཀྱིས་མ་མནན།

རིན་ཆེན་སློག་པ་འཇོ་ལོ་ལོ།

ཅི་ཁེད།   ལན་ནི་ལུག་པགས།

དཔོན་རྒན་རལ་བ་ཟེལ་སེ།

ཡོན་བདག་ཐང་ལ་རྐྱལ་སེ།

ཅི་ཁེད།   ལན་ནི་ལྕི་བ།

མ་སེམས་ཅད་ཐམས་ཅད་ཉལ་ཡང་།

འདྲེ་ཨུ་རུ་ཅོག་ལ་ཉལ་རྒྱུ་མེད།

ཅི་ཁེད།   ལན་ནི་རྭ་ཅོ།

ང་འདི་ན་ཡོད།

སྐྱ་ལེབ་སྒང་ན་ཡོད།

ཅི་ཁེད།   ལན་ནི་རྗེས་ཤུལ།

ཟོས་མི་ཆོག་འགོམ་ཆོག

ཅི་ཁེད།   ལན་ནི་སྐྱག་པ།

ཕུར་བ་ས་ན་ཡོད།

ཕུར་ཤུལ་གནམ་ན་ཡོད།

ཅི་ཁེད།   ལན་ནི་སྐྱག་པ་དང་བཤང་ལམ།

མཆོད་མེད་མེད་པའི་འོད་ཁང་ནས།

ཐར་བ་ཆེན་པོས་འུར་འདོན་བྱས།

ཅི་ཁེད།   ལན་ནི་དར་འོག་ནས་ཆུ་བཞུར་བ།

སྔོན་པོ་འདོམ་གང་།

དམར་པོ་ཁྲི་གང་།

ཤ་རིལ་སྡེར་གང་།

ཅི་ཁེད།   ལན་ནི་མེ་འབར་བ།

ནག་རིལ་སྣུམ་རིལ་གང་ནས་ཡོང་།

སྣུམ་ལ་ཚིལ་གྱི་ཡུལ་ནས་ཡོང་།

སྣུམ་དྲི་མ་རིག་གང་ནས་བསྡད།

ཅི་ཁེད།   ལན་ནི་རིལ་མ།

ནང་ལ་འགྲོ་དུས་ནག་པོ་སོལ་བ་འདྲ།

ཕྱི་ལ་ཡོང་དུས་དམར་པོ་མེ་དང་འདྲ།

སྒོ་ལ་ཐོན་དུས་དཀར་པོ་དུང་དང་འདྲ།

ཅི་ཁེད།   ལན་ནི་རིལ་ཐལ།

ས་འདི་ནས་མ་སྐྱེས་འབའ་ནས་སྐྱེས།

འབའ་ཡི་འབའ་འབའི་ཐོད་ནས་སྐྱེས།

སྐྱེ་ན་ག་མ་གུག་གུར་སྐྱེས།

ཅི་ཁེད།   ལན་ནི་ལུག་ར།

ཕྱི་ཙན་དན་ལྗོན་པའི་ནགས་མཐུག

བར་ཀོ་བའི་མཁར་རྫོང་བརྗིད་ཆགས།

དྲི་བཟང་རྒྱལ་བོ་ནད་བརྒྱའི་གཉེན།

ཅི་ཁེད།   ལན་ནི་གླ་རྩི།

ཉིལ་རི་ཞིག་ཉིལ།

གུག་རི་ཞིག་གུག།

བྱ་རྒོད་ཅིག་འཕུར།

གཡའ་མ་ཞིག་ཉིལ།

ཅི་ཁེད།  ལན་ནི་རིལ་མ་དང་། དུ་བ། མེ་ལྕེ། ཐལ་བ།

ཁྱོད་ད་ནངས་ཡོང་བ་གང་ནས་ཡོང་།

ང་སྣུམ་ལ་ཚིལ་གྱི་ཡུལ་ནས་ཡོང་།

ཁྱོའི་ཐོག་ན་སྣུམ་མེད་པ་ཅི་ཡིན།

སྣུམ་མེད་པ་ང་ཚོའི་ས་ཆའི་དཔེ་ཡིན།

ཅི་ཁེད།   ལན་ནི་རིལ་མ།

ཨ་ནེ་དཀར་མོ་རྒན་རྒོན་ཆུལ་བརྒལ།

ཆུ་བོའི་དཀྱིལ་ནས་ལན་ཆགས་བུ་ཟིག་སྐྱེས།

བུ་ཡི་ཁ་དོག་ཕ་མར་མི་འདྲ་བས།

མ་རུང་ཐན་ལྟས་ཟེར་བཞིན་ཆུ་ལ་བསྐུར།

ཅི་ཁེད།   ལན་ནི་རིལ་མ།


མཉམ་སྤྱོད།