དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལའི་བོད་ལུག2024ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་མིང་ཐོའི་ཁྲོད་ཚུད་པ།

2024-11-27 16:01:02   |   1379

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས21ཉིན། ཀྲུང་གོའི་ཞིང་ལས་སྤུས་རྟགས་དཀར་ཆག་སྟེ2024ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་ཡོངས་བསྒྲགས་མིང་ཐོ་ཁྱབ་བསྒྲགས་བྱས་ཤིང་། “མདོ་ལའི་བོད་ལུག”གཟི་བརྗིད་ངང་མིང་ཐོའི་ཁྲོད་ཚུད་ཡོད།

1..jpg

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས“ཞིང་གསུམ”ལས་དོན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་སློབ་སྦྱོང་དང་ལག་བསྟར་གཏིང་ཟབ་སྒོས། ཀྲུང་དབྱང་དང་ཞིང་ཆེན། ཁུལ་ཨུ་དང་སྲིད་གཞུང་གི་ཐབས་ཇུས་བཀོད་སྒྲིག་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱས་པ་དང་། ས་ཁོངས་སྤྱི་སྤྱོད་སྤུས་རྟགས་འཛུགས་སྐྱོང་བྱ་རྒྱུ་དེ་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་སྒུལ་ཤུགས་གལ་ཆེན་ཞིག་ཏུ་བརྩིས་ནས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་གནས་ཀྱི་སྔོན་སྐྱོད་དཔེ་སྟོན་རྫོང་འཛུགས་སྐྱོང་བྱེད་པའི་རྒྱུན་བསྐྱངས་ལ། མདོ་ལའི་བོད་ལུག་དཀར་པོའི་ཐོན་སྐྱེད་འབྱུང་ཁུངས་འཚོལ་སྙེག་ཐུབ་པའི་བཟོ་སྐྲུན་ལག་བསྟར་བྱས། རྒྱལ་ཁབ་ཀྱི་ཞིང་ལས་ཐོན་རྫས་སྤུས་རྟགས་བདེ་འཇགས་དཔེ་སྟོན་རྫོང་གསར་སྐྲུན་དང་ཞིང་ཕྱུགས་ཐོན་རྫས་ཚོད་ལྟའི་ཆ་རྐྱེན“ངོས་ལེན་ཟུང”གི་མ་ལག་འཛུགས་སྐྲུན་ལ་སྐུལ་འདེད་ཤུགས་ཆེར་བཏང་བ་དང་། ཕྱུགས་ཟོག་བདེ་ཐང་དང་ཐོན་རྫས་ཀྱི་སྤུས་ཀའི་བདེ་འཇགས་ལ་ཁྱོན་ཡོངས་ནས་འགན་ལེན་བྱས། དེའི་རྨང་གཞིའི་ཐོག་མདོ་ལ་རྫོང་གིས་མདོ་ལའི་བོད་ལུག་ཞིང་ཆེན་རིམ་པའི་ཞིང་ལས་ཐོན་ལས་གླིང་ཁུལ་སྒུལ་ཤུགས་སུ་བྱས་པ་དང་ཐོན་ལས་ལེགས་ཁུལ་ཁྱུ་ཚོགས་ཀྱིས་རྐང་འཛིན་བྱས་པའི་འཕེལ་རྒྱས་མ་ལག་སྔར་བས་ལྷག་པར་བསྐྲུན་ནས། ཐོན་ལས་སྦྲེལ་ཐག་སྣུར་སྲིང་དང་འབྲེལ་རང་གཤིས་ཅན་གྱི་ཁྱད་ལྡན་ཐོན་རྫས་གསར་སྤེལ་བྱས་ལ། མཚོ་སྔོན་ཞིང་ཆེན་མདོ་ལའི་བོད་ལུག་ཐོན་ལས་འཕེལ་རྒྱས་ཞིབ་འཇུག་ཁང་བཙུགས་པ་དང་། རྫོང་ཡོངས་ཀྱིས་བོད་ལུག་ལྟེ་བའི་ཁྱུ་ཚོགས105བཙུགས་པར་ཁྱུ་ཚོགས་ཀྱི་གཞི་ཁྱོན14500ཟིན། མངལ་མང་རྣམ་པའི་བོད་ལུག་འདེམས་གསོའི་ལྟེ་གནས་ཀྱི་རྒྱུད་སྤེལ་ཁྱུ་ཚོགས7ཡོད་པ་དང་ཁྱུ་ཚོགས་ཀྱི་གཞི་ཁྱོན2335ཟིན། རྭ་མེད་བོད་ལུག་ལྟེ་བའི་རྒྱུད་སྤེལ་ཁྱུ་ཚོགས4ཡོད་པ་དང་ཁྱུ་ཚོགས་ཀྱི་གཞི་ཁྱོན895ཟིན་པ་བཅས། རྫོང་ཡོངས་ཀྱི་བོད་ལུག་རྒྱུད་བཟང་ཁྱབ་ཚད98%ཡན་ཟིན་ཡོད། སྐྱེ་ལྡན་རྩྭ་ས་མུའུ་ཁྲི1409.12དང་། སྐྱེ་ལྡན་ནོར་ལུག་ཁྲི106.2ལ་ཁས་ལེན་བྱས། ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས17གསར་སྣོན་བྱས་པ། “ཆས་རྟགས་གསུམ་དང་ཚད་གཞི་གཅིག”གི་ཐོན་རྫས100ལ་ཁས་ལེན་བྱས། “མདོ་ལའི་བོད་ལུག”རྒྱལ་ཡོངས་ཀྱི་ཁྱད་ལྡན་སྤུས་ལེགས་ཐོན་རྫས་གསར་བའི་མིང་ཐོ་ནང་བཅུག་ཅིང་། ས་ཁོངས་དཔལ་འབྱོར་འཕར་བར་གསོན་ཤུགས་གསར་བ་བསྣན་ནས་མདོ་ལ་རྫོང་གི་ཞིང་ལས་དེང་རབས་ཅན་གྱི་འཕེལ་རིམ་ཁྲོད་མིང་བྱང་བཀྲགས་མདངས་འཚེར་བ་ཞིག་ཏུ་གྱུར།

དེ་དང་ཆབས་ཅིག མདོ་ལ་རྫོང་གིས་སྐྱེ་ཁམས་ཐོན་ཁུངས་ཀྱི་ལེགས་ཆ་དང་ཁྱད་ལྡན་གཙོ་གནད་ཐོན་ལས་དང་ཟུང་འབྲེལ་དམ་ཟབ་བྱས་ཏེ་སྐྱེ་ཁམས་དང་འཕེལ་རྒྱས་ཕན་ཚུན་མཐུན་པོ་དང་། དགོས་མཁོ་དང་མཁོ་སྤྲོད་ཕན་ཚུན་འཚམ་པ། སྲིད་གཞུང་དང་ཁྲོམ་ར་མཉམ་འདྲེས། སྤུས་རྟགས་དང་ཕན་འབྲས་ཟུང་འབྲེལ་བཅས་མཐའ་འཁྱོངས་བྱས་ཏེ“མདོ་ལའི་བོད་ལུག”ས་ཁོངས་ཀྱི་སྤྱི་སྤྱོད་སྤུས་རྟགས་འཛུགས་སྐྱོང་ལ་གཙོ་གནད་ཐོག་སྐུལ་འདེད་བཏང་ཞིང་། “ས་ཁོངས་སྤྱི་སྤྱོད་སྤུས་རྟགས+ས་གནས་ཁྱད་ལྡན་སྤུས་རྟགས”ཀྱི་ཤུགས་མཉམ་འདོན་གྱི་བྱེད་ཐབས་སྤྱད་པ་དང་། CCTV -2《དུས་ཚོད་དང་བོའི་ཐོག་མའི་བག་ཆགས》ཀྱི་ལེ་ཚན་ནང་བཏང་སྟེ་སྤུས་རྟགས་ཀྱི་ཤེས་རྟོགས་ཚད་ཁྱོན་ཡོངས་ནས་མཐོ་རུ་བཏང་། ད་དུང་། “མདོ་ལ་རིང་མོའི་འདབས་ཀྱི་ཕྱུགས་ར་བཟང་བོ”བཅས་ཀྱི་སྤུས་རྟགས་སྦྲེལ་མཐུད་ཚོགས་འདུ་དང་མདོ་ལའི“དགུན་ཤའི་ཟས་མཆོག”དུས་སྟོན་སོགས་ཀྱི་བྱེད་སྒོ་བརྒྱུད་ཐོན་ཚོང་སྦྲེལ་མཐུད་བྱེད་ཤུགས་ཆེ་རུ་བཏང་ནས་ཐོན་ལས་ཀྱི་ཕན་འབྲས་ཆེ་རུ་འགྲོ་རྒྱུར་སྐུལ་ཁྲིད་བྱས།

མདོ་ལ་རྫོང་གིས་ཐོག་མཐའ་བར་གསུམ་དུ“དྲ་ཐོག+དྲ་ཕྱི”ཡི་ཐབས་ལམ་གཉིས་ཀྱི་ཚོང་གཉེར་མཐའ་འཁྱོངས་བྱས་ཏེ་དྲ་ཐོག་ཕྱིར་ཚོང་ལས་སྟེགས་བཙུགས་པ་དང་། རིམ་པ་དང་པོ་དང་གཉིས་པའི་གྲོང་ཁྱེར་དུ“ཉོ་སྒྲུབ་དང་ཉམས་ལེན་ཟུང་དུ་འབྲེལ་བའི”ཐད་གཉེར་ཁང་གི་ཚོང་ཁང་བཙུགས་པ། ཐོན་ལས་སྦྲེལ་མཐུད་ཚོགས་འདུ་སོགས་ཀྱི་བྱེད་སྒོ་སྤེལ་ནས་ཕྱིར་ཚོང་ལ་སྐུལ་འདེད་བཏང་། “ཐོན་ལས་མཉམ་འབྲེལ་ཚོགས་པ+ཁེ་ལས+གཉེར་སྐྱོང་བྱེད་པོ་གསར་བ+རོང་འབྲོག་ཁྱིམ”གྱི་ཐོན་ལས་ཅན་མཉམ་ལས་རྣམ་པ་གསར་བ་གསར་གཏོད་བྱས་ཤིང་། ཐོན་རྫས་མདོ་ལ་ནས་ཕྱི་རུ་བསྐྱོད་པ་རྒྱལ་ཁའི་ངང་སྐུལ་འདེད་བཏང་ལ། ཕྱོགས་མང་པོ་ནས་བྱེད་ཐབས་སྣ་མང་སྤྱད་དེ“མདོ་ལའི་བོད་ལུག”ཐོན་ལས་ཀྱི་ཁྱོན་ཡོངས་འཕེལ་རྒྱས་ལ་སྐུལ་འདེད་བཏང་།


སྐབས་སྔོན་མ། མདོ་ལ་རྫོང་དུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས།
སྐབས་རྗེས་མ། མདོ་ལ་རྫོང་གིས་ཐབས་མང་མཉམ་སྤྱོད་སྒོས་བཟའ་བཅའ་དང་སྨན་རྫས་ཀྱི་སྤུས་ཚད་བདེ་འཇགས་ལ་འགན་ལེན་བྱས་པ།
མཉམ་སྤྱོད།