དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་དུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས།

2024-11-25 15:14:42   |   1031

རྩོམ་སྒྲིག སངས་རྒྱས་སྐྱིད། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ11པའི་ཚེས24ཉིན། མདོ་ལ་རྫོང་ཨུའི་ཧྲུའུ་ཅི་གཞོན་པའམ་སྲིད་ཁྲིམས་ཨུ་ལྷན་གྱི་ཧྲུའུ་ཅི་བསམ་འགྲུབ་ཚེ་རིང་གིས་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་ལ་གཙོ་སྐྱོང་བྱས།

1.jpg

ཚོགས་འདུ་ལས་ད་ལོ་ནས་བཟུང་མདོ་ལ་རྫོང་ཨུ་དང་རྫོང་མི་དམངས་སྲིད་གཞུང་གིས་ཚད་མཐོའི་མཐོང་ཆེན་དང་མགོ་ཁྲིད་ཀྱི་སྐུལ་ཁྲིད། རྫོང་ཡོངས་གོང་འོག་ཚང་མས་ཐུན་མོང་གི་འབད་བརྩོན་བརྒྱུད་མདོ་ལ་རྫོང་གི་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་ལ་གྲུབ་འབྲས་མི་དམན་པ་བླངས་ཤིང་། མཉམ་འཛིན་མཉམ་སྐྲུན་གྱི་རྣམ་པ་གྲུབ་ཡོད། དམངས་འཚོའི་ཐད་དོ་སྣང་གི་གནད་དོན་འགའ་ཐག་གིས་བཅད་ནས་གསར་སྐྲུན་གྱི་གྲུབ་འབྲས་ལེགས་པོ་བླངས་ཞེས་བསྟན།

ཚོགས་འདུ་ལས་གྲོང་ཁྱེར་གསར་སྐྲུན་གསར་གཏོད་ལས་དོན་ལ་མི་འགྱངས་པར་རྒྱལ་ཁབ་རིམ་པའི་ཞིབ་བཤེར་ཚད་ལེན་བྱ་རྒྱུ་ཡིན་པས་སྟོབས་ཤུགས་སྔར་བས་ཆིག་སྒྲིལ་དང་། སྤྲོ་སེམས་སྔར་བས་བསླངས་ནས་གསར་སྐྲུན་གྱི་ལས་དོན་ནང་ཞུགས་པ་དང་། ལྡོག་ཏུ་མེད་ཅིང་སྲ་བརྟན་འགྱུར་མེད་ཀྱི་སྟོབས་ཤུགས་ཆེན་པོ་རུ་གྲུབ་ནས་མི་དམངས་ཀྱི་གྲོང་ཁྱེར་མི་དམངས་ཀྱིས་གཏོད་པ་དང་མི་དམངས་ལ་ཕན་པའི་འདུ་ཤེས་མཐའ་འཁྱོངས་ཀྱིས་རྒྱུན་རྣམ་ཅན་དང་རྒྱུན་མཐུད་ཅན། ནུས་མཐོ་ཅན་གྱིས་གསར་སྐྲུན་ལས་དོན་མུ་མཐུད་དུ་རྒྱུན་བསྐྱངས་ནས་ཡུན་རིང་བོར་ཕན་པ་ཐོབ་དགོས་ཞེས་བསྟན། 

2.jpg

ཚོགས་འདུ་ལས་ཁོངས་མིའི་ཚན་པ་ཁག་གིས་གྲོང་ཁྱེར་གསར་སྐྲུན་ལས་དོན་ལ་དམིགས་ནས་ཚད་གཞི་ལ་ཁ་གཏོད་དགོས་ཤིང་། ལས་དོན་སྒྲུབ་པར་དོན་ཐོག་ཏུ་འགྲོ་བའི་ལས་སྲོལ་གྱིས་སྔར་ཡོད་ཀྱི་གནད་དོན་དག་ཁྱོན་ཡོངས་རྩ་བ་ནས་དག་ཐེར་བྱེད་པར་བྱེ་བྲག་གི་བྱེད་ཐབས་ལག་ཏུ་བསྟར་དགོས། མདོ་ལ་རྫོང་དཔལ་ཡོན་གཞུང་ལས་ཁང་གིས་རྫོང་གི་དུས་རབས་གསར་བའི་དཔལ་ཡོན་ལག་ལེན་ལྟེ་གནས་དང་ས་ཚིགས་ལ་ཁྱོན་ཡོངས་ཞིབ་བཤེར་གྱི་བྱ་བ་སྤེལ་དགོས་ཤིང་། ས་ཚིགས་སུ་གཞུང་ལུགས་སྒྲོག་འགྲེལ་དང་རིག་གནས་བྱེད་སྒོ། ཚན་རིག་ཁྱབ་སྤེལ། ལུས་སྦྱོང་བྱེད་སྒོ་སོགས་ཀྱི་སྒྲིག་ཆས་དང་ཆ་རྐྱེན་ལ་ཁག་ཐེག་བྱེད་དགོས་པ་དང་། ཡུལ་གནས་དང་ཅོག་ཙེ། དཔེ་ཆ། རྒྱུ་ཆ་སོགས་ངེས་གཏན་གྱི་དུས་ཚོད་ནང་རྒྱུན་ལྡན་གྱི་སྒོ་ཕྱེ་དགོས། མདོ་ལ་རྫོང་རིག་གནས་གནས་སྐོར་ཅུ་ཡིས་རྟོག་ཞིབ་ཀྱི་ཆ་རྐྱེན་ལོངས་པའི་རྫོང་ཡོངས་ཀྱི་དཔེ་ཁང་ལ་ཞིབ་ཚགས་ཀྱིས་ཞེབ་བཤེར་བྱེད་པ་དང་། དཔེ་ཁང་གི་ཁོར་ཡུག་དག་མོ་དང་གོ་རིམ་ལྡན་པ་ལ་འགན་ཁུར་དགོས། དཔེ་ཆའི་ནང་དོན་དྲང་ཕྱོགས་ཡིན་དགོས། དཔེ་མཛོད་ཁང་ལ་བསྐྱར་དུ་རྟོག་ཞིབ་བྱས་ནས་དཔེ་མཛོད་ཁང་དུ་སྐྱོད་པའི་མི་ལ་སྒྲིག་ལམ་ལྡན་ཞིང་བར་ཐག་ངེས་ཅན་འཛིན་དགོས། དཔེ་མཛོད་ཁང་ནང་གི་ཁོར་ཡུག་གཙང་མ་ལ་ཁག་ཐེག་བྱེད་དགོས། མདོ་ལ་རྫོང་སྤྱི་བདེ་ཅུའི་འགྲིམ་འགྲུལ་ཉེན་རྟོག་རུ་ཁག་གིས་མུ་མཐུད་དུ་ལམ་སྣ་སྲུང་བའི་ལས་རེས་སྤེལ་དགོས་ཤིང་། འགྲིམ་འགྲུལ་གྱི་སྒྲིག་ལམ་ཇེ་ནན་དུ་གཏོང་དགོས། མདོ་ལ་རྫོང་འགྲིམ་འགྲུལ་སྐྱེལ་འདྲེན་ཅུ་ཡིས་གླ་གཏོང་རླངས་འཁོར་ལས་རིགས་ཀྱི་གཉེར་སྐྱོང་དོ་དམ་ཚད་ལྡན་དུ་གཏོང་དགོས། མདོ་ལ་རྫོང་ཕྱོགས་བསྡུས་སྲིད་འཛིན་ཁྲིམས་བསྟར་རུ་ཁག་གིས་སྲང་ལམ་ངོས་ཀྱི་གད་སྙིགས་དང་སྤྱི་པའི་རིག་གནས་སྒྲིག་བཀོད་ལ་གནོད་པའི་སྣང་ཚུལ་སོགས་ལ་དག་ཐེར་བྱེད་དགོས་པའི་བླང་བྱ་བཏོན། བགྲོད་ལམ་ལེགས་པ་དང་ས་གྱོམ་གྲལ་དག་པར་བྱས་ཏེ། ལམ་ངོས་ཞིག་རལ་མེད་པ་དང་ཆུ་བསགས་མེད་པ། སྲང་ལམ་རྒྱུད་ཀྱི་ཚོང་ཁང་ཁག་གིས་སྒྲིག་འགལ་ངང་བགྲོད་ལམ་བདག་བཟུང་སྒོས་ལས་གཉེར་བྱས་མེད་པ་བཅས། ལས་གཉེར་ཁྱབ་ཁོངས་མཐའ་དག་གྲོང་ཁྱེར་དོ་དམ་སྡེ་ཁག་གི་གཅིག་གྱུར་ཐིག་རིས་དང་གཅིག་གྱུར་འཆར་འགོད་ཁྲོད་གནས་པ་ཁག་ཐེག་བྱ་དགོས། བཙུན་མོང་གཞོང་གྲོང་རྡལ་གྱི་སྡེ་ཁུལ་ཁག་གིས་ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ལ་གཙོ་གནད་ཐོག་དཔལ་ཡོན་དྲིལ་སྒྲོག་བྱེད་པ་དང་། ཁོངས་གཏོགས་ཁུལ་གྱི་སྡོད་དམངས་ཚོས་གཞན་གྱི་འདྲི་རྩད་ལ་བཟོད་བསྲན་དང་དཔལ་ཡོན། སྤྲོ་སེམས་ལྡན་པའི་ངང་ནས་ལན་གདབ་ཐུབ་པ། རང་རེའི་རྫོང་གི་རྒྱལ་ཡོངས་གྲོང་ཁྱེར་གསར་སྐྲུན་གནས་ཚུལ་ལ་རྒྱུས་ལོན་ཡོད་པ། ཁྱིམ་ཚང་གཅིག་ཀྱང་ཆད་ལྷག་མེད་པ། མི་གཅིག་ཀྱང་ཆད་ལྷག་མེད་པ་ཁག་ཐེག་བྱ་དགོས། སྡེ་ཚན་ཁག་དང་ལས་ཁུངས་ཁག་གིས་སོ་སོའི་འགན་འབྲེལ་གཞིས་ཁུལ་ལ་དཔལ་ཡོན་བྱ་སྤྱོད་དྲིལ་སྒྲོག་འཕར་མ་བྱས་ཏེ། གཞིས་ཁུལ་ནང་དུ་རྩོད་གླེང་མངོན་གསལ་དང་སྡིག་དམོད། སྐད་ཆ་ཐ་ཤལ་ཤོད་རེས་མེད་པ། དངོས་ཟོག་གང་བྱུང་དུ་འདོར་བ་དང་ཁ་ལུད་གང་བྱུང་དུ་འཕོ་བ། སྤྱི་པའི་སྒྲིག་ཆས་ལ་གཏོར་བརླག་བཟོ་བ་སོགས་ཀྱི་སྣང་ཚུལ་མངོན་གསལ་མེད་པ། མེ་གསོད་བགྲོད་ལམ་སྒེར་འཛིན་དང་བཀག་འགོག་མེད་པ། ཁྱི་ཁྲིད་སྐབས་ཐ་གུ་གློད་པ་སོགས་ཀྱི་སྣང་ཚུལ་མེད་པ་ཁག་ཐེག་བྱ་དགོས། གཞིས་ཁུལ་གྱི་ཁོར་ཡུག་གྲལ་དག་གཙང་མ་ཡོང་བ་དང་། སྙིགས་སྒམ་ལ་ཆག་སྐྱོན་མེད་པ། མེ་གསོད་བགྲོད་ལམ་ལ་འགོག་རྐྱེན་མེད་པ། དངོས་རྫས་ཉི་མར་ལྡེ་སྐབས་སྤྱི་པའི་ལུས་སྦྱོང་སྒྲིག་ཆས་སྒེར་འཛིན་མི་བྱེད་པ་དང་འགྲིམ་འགྲུལ་འགོག་རྐྱེན་མི་བཟོ་བ་ཁག་ཐེག་བྱ་དགོས། མ་མཐར་ཡང་མེ་གསོད་ཡོ་བྱད་དམ་མེ་གསོད་སྒྲིག་ཆས་འཇོག་སའི་གནས1ཡོད་པར་ཁག་ཐེག་བྱ་དགོས་པར་མ་ཟད། ཚད་ཐོན་དུས་ཡུན་རིང་རྒྱུན་ལྡན་ངང་བེད་སྤྱོད་ཐུབ་དགོས།

3.jpg

གྲོས་ཚོགས་སུ་ནན་གྱིས་བསྟན་དོན། རིམ་པ་ཁག་དང་སྡེ་ཚན་ཁག་གིས“མིག་མང་འགྲིག་སྐོར་གཅིག”གི་བསམ་བློ་བརྟན་པོར་བཅིངས་ཏེ། སོ་སོའི་ལས་རྐང་འཛིན་པ་དང་སོ་སོའི་འགན་འཁྲི་འཁུར་དགོས་པར་མ་ཟད། འབྲེལ་མཐུད་མཐུན་སྦྱོར་དང་མཉམ་འབྲེལ་དམ་ཟབ་ལག་བསྟར་བྱ་དགོས། སྔར་བས་ལྷག་པར་འགན་འཁྲི་དམ་འཛིན་དང་ནན་ཏན་དུ་བསྒྲུབས་ནས། འཕྲལ་དུ་འགུལ་བ་དང་མྱུར་དུ་བསྒྲུབ་པ། མགྱོགས་སུ་གཏོང་བ་བཅས། འགན་འཁྲི་ཤུགས་སྣོན་དང་རང་འགུལ་ལས་བརྩོན་ངང་དུས་ཡུན་ཐུང་ངུའི་ནང་བསྒྲུབ་ཐུབ་པའི་སྐོར་ལ་མགྱོགས་ཚད་ཡོད་རྒུ་འདོན་དགོས་པ་དང་། དཔྱད་དཔོག་ཚད་གཞི་གཞིར་བཟུང་ལས་དོན་སྣ་རེ་རེ་ཞིབ་ཚགས་ངང་དོན་དུ་འཁྱོལ་དགོས་ལ། ནུས་ཤུགས་ཡོད་རྒུས་ཚད་གཞི་ལྟར་དག་ཐེར་དམ་འཛིན་བྱེད་དགོས་པ་དང་འཐུས་ཤོར་མི་དགོས་ས་གཏན་ནས་འཐུས་ཤོར་དུ་འགྲོ་མི་རུང་། དུས་ཐུང་རིང་ལེགས་འགྲུབ་མི་ཐུབ་པའི་སྐོར་ལས་དུས་ལྡོག་སྒྲིག་སྒོས་གོ་རིམ་ལྟར་བསྒྲུབ་དགོས་པ་དང་། འཐུས་ཤོར་མི་འབྱུང་བའམ་འཐུས་ཤོར་ཉུང་བ་བརྩོན་ལེན་ངང་ཐེངས་འདིའི་གྲོང་ཁྱེར་གསར་སྐྲུན་དཔྱད་དཔོག་ལས་དོན་བདེ་བླག་ཏུ་བསྒྲུབ་དགོས། རིམ་པ་ཁག་དང་སྡེ་ཚན་ཁག་གི“འགོ་གཙོ་དང་པོས”ཆབ་སྲིད་ཀྱི་ལངས་གནས་མཐོར་འདེགས་དང་ཚད་མཐོའི་གཙིགས་མཐོང་ཐོག སྣེ་ཁྲིད་ཀྱི་ནུས་པ་འདོན་སྤེལ་གང་ལེགས་བྱེད་པ་དང་གསར་སྐྲུན་ལས་དོན་ལག་མཐིལ་དུ་དམ་པོར་བཟུང་སྟེ། དངོས་སུ་སྐུལ་འདེད་དོན་འཁྱོལ་དང་། དངོས་སུ་ཞིབ་བཤེར་ལྟ་སྐུལ་སྒོས་སྣེ་ཁྲིད་དེ་འགན་འབྲེལ་གཞིས་ཁུལ་དང་ཁོར་ཡུག་ཁུལ། ལམ་དུམ་བཅས་སུ་བསྐྱོད་དེ་གནས་ཚུལ་རྒྱུས་ལོན་དང་གནད་དོན་དབྱེ་ཞིབ་ཐག་གཅོད་བྱ་དགོས། རྫོང་གྲོང་སྐྲུན་ཁང་གིས་མཐུན་སྦྱོར་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱ་དགོས་ལ། “སུས་གཙོ་འགན་འཁུར་ན་དེས་འགན་འཁྲི་དང་དུ་ལེན་དགོས་པ་དང་སུས་འཐུས་ཤོར་བཏང་ན་དེས་འགན་འཁྲི་འཁུར་དགོས་པའི”རྩ་དོན་ལྟར། བརྒྱུད་རིམ་ཧྲིལ་བོར་རྗེས་འདེད་དོན་འཁྱོལ་ངང་འགན་འཁྲི་ཁྱོན་ཡོངས་སུ་ཁེབས་པ་དང་དོ་དམ་ལ་ཆད་ལྷག་མེད་པ། གསར་སྐྲུན་ལ་ཁུག་ཀྱོག་མེད་པ་ཁག་ཐེག་བྱ་དགོས། དྲིལ་སྒྲོག་སྡེ་ཁག་གིས་དྲིལ་སྒྲོག་ཁྲིད་སྟོན་བྱེད་རྒྱུར་རྒྱུན་མཐུད་ཤུགས་སྣོན་བྱས་ཤིང་ཚགས་པར་དང་བརྙན་འཕྲིན། རྒྱང་སྒྲོག དྲ་རྒྱ་སོགས་སྨྱན་བྱད་སྣ་ཚོགས་ལ་བརྟེན་ནས། ཟུར་ཚད་མང་བ་དང་བརྒྱུད་ལམ་མང་བ། ཁྱོན་ཡོངས་ལ་རྒྱ་ཆེར་ཁྱབ་པ་བཅས་ཀྱི་ངོས་ནས། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་གྱི་དོན་སྙིང་གལ་ཆེན་དང་དམིགས་ཚད་ལས་འགན། ལས་དོན་སྤེལ་བའི་གནས་ཚུལ་སོགས་དྲིལ་སྒྲོག་བྱེད་པ་དང་། གསར་སྐྲུན་ལས་དོན་ཁྱིམ་ཚང་རེ་རེས་ཤེས་པ་དང་མི་རེ་རེའི་སེམས་ནང་ལ་ཟུག་པར་བྱ་དགོས། ཡུལ་གྲོང་ཁག་གིས་རྒྱ་ཆེའི་རོང་འབྲོག་མང་ཚོགས་ལ་སྣེ་ཁྲིད་ཧུར་ཐག་སྒོས་རང་འགུལ་ངང་གསར་སྐྲུན་ལས་དོན་ཁྲོད་མཉམ་ཞུགས་བྱེད་པ་དང་། མང་ཚོགས་ཀྱིས་གསར་སྐྲུན་ལས་དོན་ཤེས་རྟོགས་ཚད་དང་རྒྱབ་སྐྱོར་ཚད། མཉམ་ཞུགས་ཚད་བཅས་གོང་དུ་སྤེལ་ནས། མི་རེ་རེ་མཉམ་ཞུགས་དང་མི་རེ་རེས་སྟོབས་ཤུགས་འདོན་པའི་ཁོར་ཡུག་ལེགས་པོ་ཆགས་སུ་འཇུག་དགོས། རྫོང་སྒྲིག་ཨུ་སྐུལ་ཨུ་དང་རྫོང་ཨུའི་གཞུང་ལས་ཁང་། རྫོང་སྲིད་གཞུང་གཞུང་ལས་ཁང་གིས་རྟོག་ཞིབ་ལ་ཤུགས་སྣོན་སྒོས་འགན་འཁྲིའི་འདུ་ཤེས་ཞན་པ་དང་འཕྲལ་སེལ་སླ་བཅོས་བྱེད་མཁན། འགན་འཁྲི་ཡོ་གཟུར་ཤོར་མཁན་གྱི་སྡེ་ཚན་དང་མི་སྒེར་ལ་ཐག་གཅོད་ནན་མོ་བྱེད་དགོས་ལ། གུ་ཡངས་གཏན་ནས་མི་བྱེད།

གྲོས་ཚོགས་སྟེང་། རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གསར་སྐྲུན་དཔྱད་དཔོག་གི་སྒྲིག་གཞི་དང་རྣམ་པ་གཙོ་བོར་རྒྱུས་ལོན་བྱས།


སྐབས་སྔོན་མ། མདོ་ལ་རྫོང་གི2024ལོའི་དགུན་དུས་གནས་སྐོར་དང“དགུན་ཤའི་ཟས་མཆོག”ཕྲེང་བསྟར་བྱེད་སྒོ་གཟབ་རྒྱས་ངང་མགོ་བརྩམས།
སྐབས་རྗེས་མ། མདོ་ལའི་བོད་ལུག2024ལོའི་ཞིང་ལས་ཐོན་རྫས་ཀྱི་ས་ཁོངས་སྤྱི་སྤྱོད་སྤུས་རྟགས་མིང་ཐོའི་ཁྲོད་ཚུད་པ།
མཉམ་སྤྱོད།