དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་གི2024ལོའི་དགུན་དུས་གནས་སྐོར་དང“དགུན་ཤའི་ཟས་མཆོག”ཕྲེང་བསྟར་བྱེད་སྒོ་གཟབ་རྒྱས་ངང་མགོ་བརྩམས།

2024-11-08 15:08:34   |   1861

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


རྒྱལ་ཁབ་དང་ཞིང་ཆེན། ཁུལ། རྫོང་གི་འཛད་སྤྱོད་ལ་སྐུལ་བའི་ཇུས་ཐག་བཀོད་སྒྲིག་གཏིང་ཟབ་ལག་བསྟར་བྱས་ཤིང་། མདོ་ལའི་དགུན་དུས་ཀྱི་ཁྲོམ་རའི་བྱེད་སྒོ་སླར་གསོ་དང་འཛད་སྤྱོད་ཀྱི་གདེང་ཚོད་འཕེལ་བ། འཛད་སྤྱོད་ཀྱི་བོགས་ནུས་འདོན་པ། འཛད་སྤྱོད་ཀྱི་སྤྲོ་སེམས་བཅས་སྔར་བས་ཆེས་ཆེར་སློང་ཆེད། ཟླ11པའི་ཚེས7ཉིན་དགུན་ཚིགས་པ་དང་བསྟུན་ནས་མདོ་ལ་རྫོང་གི2024ལོའི་དགུན་དུས་གནས་སྐོར་དང“དགུན་ཤའི་ཟས་མཆོག”ཕྲེང་བསྟར་བྱེད་སྒོ་ཨ་མྱེས་སྟོང་སོ་ནགས་ཀློང་ནས་མགོ་བརྩམས།

རི་ཀློང་ནགས་གསུམ་གངས་ཀྱིས་བརྒྱན། དགུན་གྱི་མདོ་ལ་ཡི་གར་འོང་། མཛེས་ཤིང་སྡུག་པའི་མདོ་ལའི་ས་མཚམས་སུ་འཛུལ་ཚེ་ཡངས་ཤིང་རྒྱ་ཆེ་བའི་སྤང་ལྗོངས་ཆེན་མོ་དང་། ཚར་དུ་དངར་བའི་གངས་རིའི་མུ་ཁྱུད་ནི་སེམས་ལ་ལྷུང་བའི་རི་མོ་རེ་རེ་ཡིན་ལ། རྩོམ་པ་པོ་ཞིག་ལ་མཚོན་ན་ཁོར་ཡུག་ཞིབ་འབྲི་བྱེད་པར་ཡིད་སེམས་འགུལ་བའི་ཚོར་བ་རྙེད་ས་ཡིན།


སྐབས་སྔོན་མ། མདོ་ལ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་གཉེར་མགོ་བརྩམས།
སྐབས་རྗེས་མ། མདོ་ལ་རྫོང་དུ་རྒྱལ་ཡོངས་དཔལ་ཡོན་གྲོང་ཁྱེར་གཏོད་པའི་ལས་དོན་སྐུལ་འདེད་ཚོགས་འདུ་འཚོགས།
མཉམ་སྤྱོད།