དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མདོ་ལ་རྫོང་གི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་གཉེར་མགོ་བརྩམས།

2024-10-09 09:20:09   |   1589

རྩོམ་སྒྲིག   སངས་དོན།    ཡོང་ཁུངས།  མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།    བཤེར་འབེབས།   རིན་ཆེན་ཚེ་རིང་།


ཉེ་ཆར། མཚོ་བྱང་ཁུལ་མདོ་ལ་རྫོང་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་དངོས་སུ་གཉེར་མགོ་བརྩམས་པ་དང་། གཉེར་མགོ་བརྩམས་པའི་ཉིན་མོར་བོད་ལུག1780དང་། ནོར་གནག224བཤས་གཏོང་བྱས། ཡུལ་དངོས་ཉོ་འཚོང་དང་དྲ་ལམ་ཐད་གཏོང་དངོས་ཚོང་ཡོང་འབབ་སྒོར་ཁྲི239.058ལ་སླེབས།

01.jpg

མདོ་ལ་རྫོང་ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་ནི་ཀན་སུའུ་དང་མཚོ་སྔོན་གྱི་ས་མཚམས་སྟེ་མཚོ་སྔོན་ཞིང་ཆེན་གྱི་བྱང་གི་སྒོ་ཆེན་དང“དར་གོས་ཚོང་ལམ་སྟེང་གི་མཁར་གྲོང”གི་མཚན་སྙན་ཡོད་པའི་མཁར་དམར་གྲོང་རྡལ་དུ་ཡོད་པ་དང་། སའི་རྒྱ་ཁྱོན་ལ་མུའུ150ཡོད། འཛུགས་སྐྲུན་རྒྱ་ཁྱོན་ལ་སྨི་གྲུ་བཞི་མ3000ཡོད། ཉོ་འཚོང་དང་འཁོར་སྐྱོད། གསོག་འདྲེན། ཆ་འཕྲིན་ཞབས་ཞུ་གཞི་གཅིག་ཅན་གྱི་ནུས་མང་ཕྱོགས་བསྡུས་རང་བཞིན་གྱི་ཁྲོམ་ར་ཞིག་ཡིན་ལ། དུས་ཚིགས་དབྱེ་མེད་དུ་ཕྱུགས་ཟོག་ཉོ་འཚོང་ཐུབ་པའི་འགན་ལེན་བྱས་ཡོད།

02.jpg

མདོ་ལའི་ཕྱུགས་ཟོག་ཉོ་འཚོང་ཁྲོམ་རའི་འཛུགས་སྐྲུན་ནི་མདོ་ལ་རྫོང་གི་ཕྱུགས་ཟོག་ཐོན་ལས་རྒྱ་བསྐྱེད་དང་རོང་འབྲོག་མང་ཚོགས་ཀྱི་ཡོང་འབབ་འཕར་བའི་བྱེད་ཐབས་གལ་ཆེན་ཞིག་ཡིན། ཞིང་ཆེན་ཏང་ཨུ་དང་ཞིང་ཆེན་སྲིད་གཞུང་གི་ལྗང་མདོག་སྐྱེ་ལྡན་ཞིང་ཕྱུགས་ཐོན་རྫས་ཕྱིར་གཏོང་བྱ་ཡུལ་བསྐྲུན་པའི་ཐབས་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་དང་། མདོ་ལ་རྫོང་ནོར་ལུག་ཉོ་འཚོང་གི“ཕྱུགས་ཟོག་ཡོད་ཀྱང་ཁྲོམ་ར་མེད་པ་དང་། ཁྲོམ་ར་ཡོད་ཀྱང་ཚོང་གནས་མེད་པའི”ད་ཡོད་གཉེར་སྐྱོང་གནས་ཚུལ་གྱི་སྟོང་ཆ་བསྐངས་པར་མ་ཟད། རོང་འབྲོག་མང་ཚོགས་ལ་གཅིག་སྡུད་དང་ཚད་ལྡན་གྱི་ཉོ་འཚོང་ར་བ་ཞིག་མཁོ་འདོན་བྱས་ཏེ་ཕྱུགས་ཟོག་ཉོ་འཚོང་གི་ཚོང་ལམ་རྒྱ་བསྐྱེད་བཏང་།

03.jpg

ཕྱུགས་ཟོག་ཉོ་འཚོང་ཁྲོམ་ར་བརྒྱུད་ཚོང་ཁང་དང་ཕྱུགས་ཟོག་གསོ་སྤེལ་ཁྱིམ་ཚང་ལ་ཉོ་འཚོང་འབྲེལ་འདྲིས་ཀྱི་ཟམ་པ་བཙུགས་ནས་དུས་ཚིགས་དབྱེ་མེད་དུ་ནོར་ལུག་ཉོ་འཚོང་ལ་སྟབས་བདེ་བསྐྲུན་པ་དང་། རོང་འབྲོག་མང་ཚོགས་ཀྱིས་སྒོ་མདུན་དུ་ཉོ་འཚོང་དང་སྒོ་མདུན་དུ་ཡོང་འབབ་འཕར་བའི་འདུན་མ་མངོན་འགྱུར་བྱུང་སྟེ། མདོ་ལའི་ཕྱུགས་ཟོག་ཉོ་འཚོང་དེ་སྔར་བས་ཚད་ལྡན་ཅན་དང་ཆེད་ལས་ཅན། གཞི་ཁྱོན་ཅན་གྱི་ལམ་དུ་སྐྱོད་པར་སྐུལ་འདེད་བྱས་ཡོད།


སྐབས་སྔོན་མ། ཨ་མྱེས་སྟོང་སོ།
སྐབས་རྗེས་མ། མདོ་ལ་རྫོང་གི2024ལོའི་དགུན་དུས་གནས་སྐོར་དང“དགུན་ཤའི་ཟས་མཆོག”ཕྲེང་བསྟར་བྱེད་སྒོ་གཟབ་རྒྱས་ངང་མགོ་བརྩམས།
མཉམ་སྤྱོད།