དེ་རིང་ནི2025ལོའི་ཟླ06པའི་ཚེས11ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཚོང་འགུག་མ་འདྲེན་བྱས་ནས་ཕུགས་ཀྱི་འཆར་ཆེན་བཀོད།

2025-04-08 16:22:47   |   745

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


  ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཞིང་ཆེན་ཡོངས་ཀྱི་ལས་ཞུགས་དང་འཕེལ་རྒྱས། མཐུན་སྒྲིལ་ལ་སྐུལ་བའི་ཚོང་འགུག་མ་འདྲེན་ཚོགས་ཆེན་གྱི་དགོངས་དོན་ཁྱོན་ཡོངས་ནས་དོན་འཁྱོལ་བྱས་ཤིང་། ཁུལ་ཨུ་དང་ཁུལ་སྲིད་གཞུང་གི་ལས་དོན་བཀོད་སྒྲིག་བླང་བྱ་ལྟར། ཐོན་ལས“གནས་བཞི”འཛུགས་སྐྲུན་ལ་དམིགས་ཤིང་།ནུས་ཁུངས་གསར་བ་དང་སྐྱེ་ཁམས་ཕྱུགས་ལས།དམའ་ས་དཔལ་འབྱོར་སོགས་ཐོན་ལས་གཙོ་བོ་ལ་དམིགས་ནས་ལངས་གནས་སྔར་བས་མཐོན་པོ་དང་ཤེད་ཤུགས་སྔར་བས་ཆེན་པོ།བྱེད་ཐབས་སྔར་བས་དངོས་མ་ཡིས་ཚོང་འགུག་མ་འདྲེན་ལས་དོན་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་། 

ལངས་གནས་མཐོན་པོ་ནས་སྐུལ་འདེད་བཏང་སྟེ་ཚོང་འགུག་མ་འདྲེན་གྱི“ཆགས་སྟངས་གསར་བ”གྲུབ། “ཀུན་གྱིས་ཚོང་འགུག་དང་གནད་སྨིན་ཚོང་འགུག”གི་འདུ་ཤེས་བརྟན་པོར་བཙུགས་ཤིང་། “ནང་དུ་འདྲེན་པ་དང་དོན་དུ་འཁྱོལ་བ། དངོས་འབྲས་མཐོང་བ”ཡི་ཚོང་འགུག་བྱ་སྤྱོད་གཏིང་ཟབ་ཏུ་སྐུལ་འདེད་བཏང་། དྲ་བ་རྒྱ་ཁྱབ་དུ་གཏོང་བ་དང་སྦྲེལ་མཐུད་གནད་དུ་སྨིན་པ། ཞབས་ཞུ་ལེགས་པ། དངོས་འབེབས་སྟོབས་ལྡན་གྱི་དམིགས་འབེན་འགན་འཁྲི་ལ་དམིགས་ནས་དུས་ཐོག་ཏུ《2025ལོའི་ཚོང་འགུག་མ་འདྲེན་ལས་དོན་གྱི་ཇུས་གཞི》བཟོས་ཤིང་། ཚོང་འགུག་མ་འདྲེན་ལས་དོན་གྱི་ཆེད་དོན་འཛིན་གྲྭ་བཙུགས། ནུས་ཁུངས་གསར་བ་དང་ཞིང་ཕྱུགས་ལས། རིག་གནས་གནས་སྐོར། མཁར་གྲོང་འཛུགས་སྐྲུན། གཞི་གསར་ཐོན་སྐྱེད་ནུས་ཤུགས། བཟོ་ལས་གླིང་ཁུལ། ཁྱད་ལྡན་ཐོན་ལས་ཏེ་ཐོན་ལས་སྦྲེལ་ཐག་ཚོང་འགུག་འགན་སྲུང་ཚན་ཆུང7བཙུགས། “རྫོང་རིམ་པའི་མགོ་ཁྲིད་གཅིག་དང་སྣེ་ཁྲིད་ལས་ཁུངས་གཅིག ཞབས་ཞུའི་ཚོགས་ཁག་གཅིག”གི་གཞི་གཅིག་ཅན་གྱི་ཚོང་འགུག་རྣམ་པ་གསར་བ་གྲུབ་སྟེ་ཕན་ཚུན་དམ་སྦྲེལ་དང་རིམ་བཞིན་དངོས་འབེབས། མི་ཀུན་འགན་ཁུར་བའི་གདུབ་ཟུམ་ལས་དོན་ལམ་སྲོལ་ཆགས།  

གཏིང་ཟབ་པའི་དོན་འཁྱོལ་བྱས་ནས་མ་འཇོག་འཛུགས་སྐྲུན་གྱི“ལག་བསྟར་མཁན”བཟང་པོ་བྱེད། ཚོང་འགུག་མ་འདྲེན་ནི་སྤུས་ཚད་མཐོ་བའི་འཕེལ་རྒྱས་སྐུལ་འདེད་གཏོང་བའི་ཐབས་ལམ་གཙོ་བོ་རུ་བརྩིས་ནས“མགྱོགས་མྱུར་ཚོང་འགུག”གི་རྣམ་པ་གསར་བ་ཁྱོན་ཡོངས་ནས་མགོ་བརྩམས། རྫོང་ཨུའི་མགོ་ཁྲིད་གཙོ་བོ་དང་རྫོང་སྲིད་གཞུང་གི་འབྲེལ་ཡོད་མགོ་ཁྲིད་པེ་ཅིན་དང་སི་ཁྲོན་སོགས་ས་ཁུལ་དུ་མདོ་ལ་རྫོང་ཚོང་འགུག་མ་འདྲེན་འོས་སྦྱོར་ཚོགས་འདུ་དང་ཆིངས་འགོད་ཚོགས་འདུ། བཞུགས་མོལ་ཚོགས་འདུ་སྤེལ་བར་ཕྱིན། ཚོང་འགུག་མ་འདྲེན་ནུས་པ་མཐོར་འདེགས་དང་རྫོང་ཁོངས་ཚོང་འགུག་སྣེ་ཁྲིད། གླིང་ཁུལ་གསར་གཏོད་ཚོང་འགུག རོགས་འདེགས་མཐུན་སྦྱོར་ཚོང་འགུག་སོགས་ཚོང་འགུག་བྱ་སྤྱོད་བཅུ་ནན་ཏན་གྱིས་དོན་འཁྱོལ་བྱས། མིག་སྔའི་བར་དུ་ནོར་ནག་ཐོན་ལས་སྦྲེལ་ཐག་ཡོངས་ཀྱི་ཐོན་འཕར་དང་སྐྱེ་ཁམས་དཔལ་འབྱོར་མཐུན་སྦྱོར་འཕེལ་རྒྱས་སོགས་ལས་གཞིའི་མ་དངུལ་སྡོམ་པའི་སྒོར་དུང་ཕྱུར13.7གྱི་གན་རྒྱ་བཞག ཚོང་འགུག་མ་འདྲེན་གྱི་ལས་གཞི38གྲབས་གསོག་དང་ཚོད་རྩིས་བྱས་ན་མ་དངུལ་སྡོམ་པའི་སྒོར་དུང་ཕྱུར181.1ལ་ཐོན་ཞིང་། ཚོང་འགུག་དང་ལས་གཞི། འཕེལ་རྒྱས་དམ་འཛིན་གྱི་ཚ་རླབས་བསླངས་ཏེ་རྫོང་ཡོངས་དཔལ་འབྱོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཤུགས་བསྣན། 

 ཞབས་ཞུ་ཞིབ་ཚགས་ཀྱིས་ཚོང་གཉེར་ཁོར་ཡུག་གི“རྣམ་པ་གསར་བ”ཇེ་ལེགས་སུ་བཏང་། མཇུག་འབྲས་ཁྲིད་ཕྱོགས་རྒྱུན་འཁྱོངས་སྒོས་མ་ལག་ཞབས་ཞུ་ཇེ་ལེགས་སུ་བཏང་།“ལས་གཞིའི་གན་རྒྱ་འཇོག་པ་དང་ལས་མགོ་ཚུགས་ནས་དངོས་འབེབས། ལས་མཇུག་སྒྲིལ་ནས་ཐོན་སྐྱེད་བྱེད་པ”ཡི་གཞི་གཅིག་ཅན་གྱི་རྗེས་འདེད་ཞབས་ཞུའི་ལམ་སྲོལ་ཧུར་ཐག་གིས་བསྐྲུན། ལས་གཞིའི་བཀོལ་ས་དང་འཆར་འགོད་མཆན་བཀོད། ལས་གཞིའི་ཆོག་མཆན་སོགས་ཐད་ནས་འཐུས་ཚང་དུ་བཏང་། དུས་མཚུངས་སུ་ཚོང་འགུག་ཁེ་ལས་ཀྱི་དཀའ་ཁག་གནད་དོན་ལ་དམིགས་ནས་ཆེད་དོན་ཚན་པའི་ནུས་པ་འདོན་སྤེལ་གང་ལེགས་དང་ཆེད་དོན་གྱི་ཞིབ་འཇུག་བརྒྱུད། ཁྲོམ་ར་ཅན་དང་ཁྲིམས་སྐྱོང་ཅན། ཞབས་ཞུ་ཅན་གྱི་ཚོང་གཉེར་ཁོར་ཡུག་གསར་བ་ཧུར་ཐག་གིས་བསྐྲུན།     



མཉམ་སྤྱོད།