དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་འབྲུ་རིགས་བདེ་འཇགས་ཀྱི་གཞི་རྩ་བརྟན་པོར་སྲུང་།

2025-04-09 17:40:29   |   445

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


    ད་ལོའི་ཚུན་དུ། མདོ་ལ་རྫོང་གིས་འབྲུ་རིགས་བདེ་འཇགས་ནི“རྒྱལ་ཁབ་ཀྱི་དོན་ཆེན”དུ་བརྩིས་ནས་ཐོག་མཐའ་བར་གསུམ་དུ་ལག་བསྟར་མཐར་ཕྱིན་བྱས་ཤིང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྒྱལ་ཁབ་འབྲུ་རིགས་བདེ་འཇགས་སྐོར་གྱི་གསུངས་བཤད་གལ་ཆེན་དང་མཆན་བཀོད་མཛུབ་སྟོན་གྱི་དགོངས་པ་ལག་བསྟར་དོན་འཁྱོལ་བྱས་ལ། འབྲུ་རིགས་བདེ་འཇགས་ནི་དོན་ཆེན་གཙོ་བོ་རུ་བཟུང་། འབྲུ་རིགས་བདེ་འཇགས་ཀྱི་ཆབ་སྲིད་འགན་འཁྲི་ཕྲག་ཏུ་འཁུར་ཞིང་། འབྲུ་རིགས་བདེ་འཇགས་ཀྱི་འགན་སྲུང་ནུས་པ་མཐོར་འདེགས་སུ་བཏང་། འབྲུ་རིགས་འདེབས་འཛུགས་ཀྱི་རྒྱ་ཁྱོན་དང་ཐོན་ཚད་བརྟན་ལྷིང་སྒོས་འབྲུ་རིགས་བདེ་འཇགས་ཀྱི་འགོག་སྲུང་སྲ་བརྟན་དུ་བསྐྲུན། 

 རྨོ་ཞིང་སྲུང་སྐྱོང་གི་ལམ་ལུགས་མ་ལག་འཐུས་ཚང་དུ་བཏང་ནས་དམར་ཐིག་མཐའ་ཚད་བརྟན་པོར་སྲུང་། “ཁུལ་གསུམ་ཐིག་གསུམ”གྱིས་སྲུང་སྐྱོང་དམར་ཐིག་མུའུ་ཁྲི3.76གཏན་འཁེལ་བྱས་ཤིང་། གཞི་རྩའི་ཞིང་ས་ཁྲི3.25གཏན་འཁེལ་བྱས། རྨོ་ཞིང་སྲུང་སྐྱོང་གི་དམིགས་འབེན་འགན་འཁྲི་ཡུལ་གྲོང་གི་ལོ་འཁོར་དམིགས་འབེན་དཔྱད་ཞིབ་ནང་བཅུག་ལ། རྨོ་ཞིང་སྲུང་སྐྱོང་ལས་དོན་རྩ་འཛུགས་སྒྲིག་གཞི་བཙུགས་ཤིང་། 《མདོ་ལ་རྫོང་རྨོ་ཞིང་སྲུང་སྐྱོང་འགན་འཁྲིའི་དམིགས་འབེན་དཔྱད་ཞིབ་བྱེད་ཐབས》བཏོན་ཏེ“ཞིང་དཔོན་ལམ་ལུགས”ཀྱི་གསར་བརྗེ་ཚོད་ལྟའི་ལས་དོན་ལ་ཁྱོན་ཡོངས་ནས་སྐུལ་འདེད་བཏང་ཞིང་ཞིང་དཔོན་གྱི་ལམ་ལུགས་ཚན་པ་ལྔ་གཏན་འཁེལ་བྱས། གཙོ་གནད་བཅོས་སྒྲིག་ཁྱབ་ཁོངས་ནི་མདོ་ལ་རྫོང་བཙུན་མོ་གཞོང་གྲོང་རྡལ་དང་རྫ་དམར་ཡུལ་ཚོའི“འབྲུ་མིན་ཅན”གྱི་སྡེ་བ12ཀྱི་རྨོ་ཞིང་མུའུ256ཡིན་ལ། མུའུ243.5ལ་“འབྲུ་མིན་ཅན”གྱི་བཅོས་སྒྲིག་ལེགས་འགྲུབ་བྱས། བཅོས་སྒྲིག་ཚད་ནི95.12%ཡིན། མཉམ་འབྲེལ་ཁྲིམས་བསྟར་སྐོར་ཞིབ་རྒྱུན་མཐུད་ངང་སྤེལ་ཞིང་སྐོར་ཞིབ་འགན་འཁྲི་དང་རྩིས་ཐོ་བསྐྲུན་ནས་རྨོ་ཞིང་གི་སྐོར་ཞིབ་སྲུང་སྐྱོང་ལ་ཤུགས་བསྣན། 

 ཐོན་ཚད་བརྟན་པོས་མཁོ་འདོན་རྨང་གཞི་བརྟན་པོར་བཏང་སྟེ་འབྲུ་རིགས་ཐོན་སྐྱེད་ནུས་ཤུགས་ལ་མཐོར་འདེགས་བྱུང་། ཞིང་ཕན་སྲིད་ཇུས་ཁག་ནན་ཏན་དུ་དོན་འཁྱོལ་དང་ཞིང་ཚོང་དངུལ་ཁང་དང་མཉམ་འབྲེལ་སྒོས“དཔྱོད་རྨོའི་དངུལ་བུན”གྱི་ལྗང་མདོག་བགྲོད་ལམ་བཏོད་དེ་ཆེད་དོན་དངུལ་བུན་སྒོར་ཁྲི7700སྤྲོད་རྩིས་ཡོད། འབྲུ་སྣུམ་ཐོན་སྐྱེད་འགན་འཁྲི་ཚན་རིག་དང་མཐུན་པའི་དབྱེ་བགོ་བརྒྱུད“ཡུལ་གྲོང་གིས་རྒྱ་ཁྱོན་ཁག་ཐེག་དང་ལག་རྩལ་གྱིས་ཐོན་ཚད་ཁག་ཐེག”བྱེད་པའི་འགན་འཁྲིའི་ལམ་ལུགས་བཙུགས། ཞིང་ལས་འཕྲུལ་ཆས་ཀྱི་ལག་རྩལ་པས་གྲུབ་པའི་ཆེད་དོན་ཞབས་ཞུའི་རུ་དཔུང་བཙུགས་ཡོད་ལ། “དཔྱིད་རྨོ་ཞབས་ཞུ་ཁྱིམ་ཚང་ཀུན་ལ་བསྐྱོད་པའི”བྱ་སྤྱོད་སྤེལ། “སྲིད་གཞུང་གྲབས་གསོག+ཁྲོམ་རའི་མཁོ་འདོན”གྱི་འགན་སྲུང་མ་ལག་བཙུགས། ཞིང་ལས་མ་རྩའི་མཁོ་འདོན་གཟའ་འཁོར་གྱི་བཀོད་གཏོང་ལམ་སྲོལ་བཙུགས་ཡོད། ད་ལྟ་ཞིང་ལས་མ་རྩའི་གཏོང་འདྲེན་གྲབས་གསོག་ལས་དོན་ཡོངས་སུ་འགྲུབ། དུས་མཚུངས་སུ། “ཞིང་འཕྲུལ་བདེ་ཐང་ལུས་བཤེར”ཆེད་དོན་བྱ་སྤྱོད་སྤེལ་ནས་ཐོན་སྐྱེད་འགོག་སྲུང་བརྟན་པོར་བསྐྲུན།

  འབྲུ་རིགས་གསོག་འཇོག་མ་ལག་འཐུས་ཚང་དུ་བཏང་སྟེ་འབྲུ་རིགས་བདེ་འཇགས་ཀྱི“འགོག་སྲུང་དྲ་བ”བརྟན་པོར་བསླེས།  《མདོ་ལ་རྫོང་འབྲུ་རིགས་ཅུའི་སྲིད་ཇུས་རང་བཞིན་གྱི་འབྲུ་རིགས་ཞིབ་བཤེར་ཇུས་གཞི》སོགས་སྒྲིག་སྲོལ4འཐུས་ཚང་དུ་བཏང་། འབྲུ་སྣུམ་རེས་སྐོར་གྱི་རྣམ་པ་གསར་བ་ཧུར་ཐག་གིས་འཚོལ་ཞིབ་བྱས་ནས་རེས་སྐོར་གྲབས་གསོག་ལ་འགན་སྲུང་བྱས། མིག་སྔའི་བར་དུ་རྫོང་ཡོངས་ཀྱི་ཏུན262.5ཡི་འཕྲལ་སེལ་འབྲུ་མཛོད90%ཡན་དུ་རྒྱུན་འཁྱོངས་བྱས་ཡོད། དུས་མཚུངས་སུ་འབྲུ་རིགས་ཁེ་ལས་ཀྱི་སྤྱི་ཚོགས་འགན་འཁྲིའི་གྲབས་གསོག་གྲོ་ཕྱེ་ཏུན40ལེགས་འགྲུབ་བྱས། འབྲུ་རིགས་ཁྱབ་ཁོངས་ཀྱི་རིགས་སོ་སོའི་ཞིབ་བཤེར་ཐེངས7ལ་བྱས་ཤིང་། ཐད་སྦྲེལ12325ཡི་ཞུ་གཏུག་ཁུངས་སྣེ་ཡི་ཞིབ་བཤེར་སྤེལ། རིམ་པ་དང་ཟུར་ཚད། རྣམ་པ་མང་པོ་ནས་ཡུལ་གྲོང་དང་སྡེ་བ། རིག་གནས་ཐང་ཆེན་སོགས་སུ་འབྲུ་རིགས་སྲིད་ཇུས་ཀྱི་དྲིལ་སྒྲོག་བྱེད་སྒོ་ཏན་ཏིག་གིས་སྤེལ།   



མཉམ་སྤྱོད།