དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་བརྟན་ཐོག་ཡར་འཕེལ་གྱིས་སྣ་མང་མཉམ་སྐྱོད་ཀྱི་རྣམ་པ་གསར་བ་བཏོད།

2025-04-15 16:21:58   |   311

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


ད་ལོ་ནས་བཟུང་། རྫོང་ཨུ་དང་རྫོང་སྲིད་གཞུང་གི་འགྱུར་མེད་སྟོབས་ལྡན་གྱི་མགོ་ཁྲིད་འོག མདོ་ལ་རྫོང་ཡོངས་གོང་འོག་ཚང་མས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མཛུབ་ཁྲིད་དུ་འཛིན་པ་མཐའ་འཁྱོངས་དང་། ཏང་ཀྲུང་དབྱང་དང་ཞིང་ཆེན། ཁུལ། རྫོང་གི་ཇུས་ཐག་བཀོད་སྒྲིག་ཁྱོན་ཡོངས་ནས་དོན་འཁྱོལ་ལག་བསྟར་སྒོས་མགོ་ལེགས་པོ་རྩོམ་པའི་རྣམ་འགྱུར་གྱིས་འཕེལ་རྒྱས་དམ་པོར་བཟུང་སྟེ་རྫོང་ཡོངས་ཀྱི་དཔལ་འབྱོར་འཁོར་སྐྱོད་རྣམ་པ་ལེགས་ཤིང་གྲུབ་སྟངས་བཟང་བ། སྤུས་ཕན་མཐོར་འདེགས་ཀྱི་རྣམ་པ་མངོན།  

ཞིང་ཕྱུགས་ལས་བརྟན་ལྷིང་སྐུལ་འདེད་བཏང་བ། དཔྱིད་རྨོ་གྲ་སྒྲིག་གི་ལས་དོན་གོ་རིམ་ལྡན་པའི་ངང་སྤེལ། 2025ལོའི་ས་བོན་ལས་གྲྭ་སོགས་ཀྱི་ལས་གཞིར་བརྟེན་སྐྱེ་ལྡན་ལུད་ཏུན500དང་། སྐྱེ་དངོས་ཞིང་སྨན་ཧྲིན602 ནས་ཀྱི་སོན་བཟང་ཏུན33ཉོ་སྒྲུབ་བྱས་ལ། གནས་སྤོས་ཕྱུགས་གཉོར་ལ་གྲུབ་འབྲས་མངོན་གསལ་ཐོན་ཏེ་ནོར་ལུག་གི་བཤས་གཏོང་ཚད་ཆེས་ཆེར་འཕར།  བ

ཟོ་ལས་འཁོར་སྐྱོད་བརྟན་ཐོག་འཕེལ་རྒྱས་སོང་། ཟླ1པོ་དང2པའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྔོན་དང་བསྡུར་ན4.8%ཀྱི་མར་ཆག་པར་གཞིགས་ནས་ཁེ་ལས་ཀྱི་བཟོ་ལས་ཐོན་སྐྱེད་མགོ་རྩོམ་པར་རྟོག་འདོམས་བྱས་ཤིང་། རྫོང་ཡོངས་ཀྱི་གཞི་ཁྱོན་ཡན་གྱི་ཁེ་ལས6གི་ཁྲོད་ཁེ་ལས2དུས་ཚིགས་རང་བཞིན་གྱིས་ཐོན་སྐྱེད་མཚམས་བཞག་པ་ལས་ཁེ་ལས་གཞན་དག་གི་ལས་མགོ་བརྩམས་ཏེ་དུས་ཚིགས་དང་པོའི་གཞི་ཁྱོན་ཡན་གྱི་བཟོ་ལས་འཕར་ཐང་སྔོན་དང་བསྡུར་ན12.2%ཀྱི་འཕར་ཡོད། བཟོ་སྐྲུན་ལས་རིགས་ཀྱི་བོགས་ནུས་སྔོག་འདོན་བྱས་ཏེ་བཟོ་སྐྲུན་ལས་རིགས་ཀྱི་ཁེ་ལས1སྐྱེད་སྲིང་བྱས་ཤིང་ཐོན་ཐང་ཁྲི500མངོན་འགྱུར་བྱས། བཟོ་སྐྲུན་ལས་རིགས་ཀྱི་འབབ་འཕར་དེ་སྔོན་དང་བསྡུར་ན100%ཡི་འཕར།  

རིག་གནས་གནས་སྐོར་མཉམ་འདྲེས་ལ་གསོན་ཤུགས་མངོན། ནགས་ཀློང་སྒར་འདེབས་དང་གངས་འཁྱགས་ལུས་རྩལ་སོགས་ཁྱད་ལྡན་གནས་སྐོར་ཧུར་ཐག་གིས་བསྐྲུན། རྒྱ་ལོ་བཅོ་ལྔའི་དུས་ཆེན་གྱི་མུ་འབྲེལ་བྱེད་སྒོ་སྤེལ་ལ། ཆིན་ཧྭ་སློབ་ཆེན་དང་པེ་ཅིན་སློབ་ཆེན་གྱི་ལག་ལེན་བྱེད་སྒོ་སྤེལ། “དུས་སྟོན་མགྲོན་འགུག+རིག་གཞུང་ནུས་ཐོན”གྱི་རྣམ་པ་གསར་བ་བཏོད་དེ་རྫོང་ཁོངས་རིག་གནས་གནས་སྐོར་ཆས་རྟགས་ཀྱི་ཤེས་ཚད་དང་ཤུགས་རྐྱེན་ཐེབས་ཚད་མཐོར་འདེགས་སུ་བཏང་། དུས་ཚིགས་དང་པོར་རྫོང་ཁོངས་སུ་མི་ཐེངས་ཁྲི22.21སྣེ་ལེན་བྱས་ཤིང་སྔོན་དང་བསྡུར་ན28%ཀྱི་འཕར། ཕྱོགས་བསྡུས་ཡོང་སྒོ་སྒོར་ཁྲི11067.56ལ་ཐོན་ཞིང་སྔོན་དང་བསྡུར་ན39.6%གི་འཕར།  

འཛད་སྤྱོད་ཁྲོམ་ར་སླར་གསོ་ལེགས་ཕྱོགས་སུ་འཕེལ། “ལོ་སར་ཉོ་བཅའི་དུས་སྟོན”གྱི་འཛད་སྤྱོད་སྐུལ་བའི་བྱེད་སྒོ་སྤེལ་ཏེ་འཛད་སྤྱོད་ཀྱི་སྒོར་ཁྲི50ལྷག་ལ་སྐུལ་ཁྲིད་བྱས། “རྙིང་ཚབ་གསར་བརྗེ”ཡི་འཛད་སྤྱོད་སྐུལ་བའི་བྱེད་སྒོ་སྤེལ་བ་ནས་སྲིད་གཞུང་གི་ཁ་གསབ་སྒོར་ཁྲི62.3གཤམ་སྤྲོད་བྱས། མདོ་ལའི་ཤ་མོ་སེར་བོ་ཤང་ཀང་དུ་བྲིན་ཞིང་། མདོ་ལའི་ཤ་མོ་ནོར་ཤའི་བག་ལེབ་ནི2025ལོའི་མཚོ་སྔོན་དང་ཤང་ཀང་གི་ཉོ་འཚོང་འབྲེལ་འདྲིས་བྱེད་སྒོ་ཁྲོད་ཀྱི་ཆེས་བྲིན་པའི་ཐོན་རྫས་རིགས་གཅིག་ཡིན། ཟླ4པའི་ཚེས11ཉིན་ཡང་བསྐྱར་པེ་ཅིན་དུ2025ལོའི་མའེ་ཞིན་མཚོ་སྔོན་གྱི“གསོལ་སྟོན”བྱེད་སྒོར་ཞུགས། 

ཚོང་འགུག་མ་འདྲེན་ཤུགས་ཡོངས་མགྱོགས་མྱུར་སྤེལ། 《མདོ་ལ་རྫོང2025ལོའི་ཚོང་འགུག་མ་འདྲེན་ལས་ཀའི་ཇུས་གཞི》བཟོས་ཤིང་། རྫོང་རིམ་པའི་མགོ་ཁྲིད་ནི་སྦྲེལ་ཐག་དཔོན་ཡིན་པའི“སྦྲེལ་ཐག་དཔོན་ལམ་ལུགས”ཀྱི་ཚོང་འགུག་མ་འདྲེན་ལས་རྣམ་གསར་བ་བཙུགས། རིམ་ཁག་གི་མགོ་ཁྲིད་ལས་བྱེད་ཕྱི་རུ་བསྐྱོད་དེ་ཚོང་འགུག་མཉམ་ལས་ལ་འབད་དེ་ད་ལྟའི་བར་དུ་ལས་གཞི3ལ་གན་རྒྱ་བཞག་ཅིང་སྒོར་དུང་ཕྱུར13.7གྱི་མ་རྩ་གཏོང་འཆར་ཡོད། ཚོང་འགུག་མ་འདྲེན་གྱི་ལས་གཞི38གྲབས་གསོག་བྱས་ཤིང་སྤྱིའི་མ་དངུལ་སྒོར་དུང་ཕྱུར181.1ལ་སླེབས་ངེས།



མཉམ་སྤྱོད།