དེ་རིང་ནི2025ལོའི་ཟླ05པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི་ལྔ་གཅིག་རིང་གི་རིག་གནས་གནས་སྐོར་ཁྲོམ་ར་བྲིན་པོ་བྱུང་།

2025-05-06 15:51:49   |   71

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


   བྱེད་ཐབས་སྣ་མང་གིས་མདོ་ལའི་ལྔ་གཅིག་རིང་གི་རིག་གནས་གནས་སྐོར་ཁྲོམ་ར་བྲིན་པོ་བྱུང་།      “ལྔ་གཅིག”གུང་གསེང་གི་རིང་ལ། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་བག་ཞུགས་རང་བཞིན་གྱི་རིག་གནས་གནས་སྐོར་ཉམས་ལེན་ལིང་ཚེ་ནན་ཏན་གྱིས་ཇུས་འགོད་བྱས་ཤིང་། “བྱང་གི་མདོ་ལའི་ལམ་ཨང9བར་བསྐྱོད་པ”ཡི་སྒེར་སྐོར་བྱེད་སྒོ་ནི་གཙོ་བོ་རུ་བཟུང་ལ། “གནའ་ཉམས+ཚན་རྩལ+དར་རྒྱུན”ནི་བརྗོད་དོན་ཡིན་པའི་ལོ་ཟླའི་མཁར་དམར་གྱི་དངོས་མཚོན་འཁྲབ་སྟོན་དང་གློག་འོད་མཉམ་སྣང་བར་སྣང་འཁྲབ་སྟོན། གཟུགས་འདས་ཤུལ་བཞག་དམངས་སྲོལ་འཁྲབ་སྟོན། རླུང་དང་བསྡོངས་པའི་རང་དབང་འཁོར་གཏོང་སོགས་བརྗོད་དོན་གྱི་འགྲེམས་འཁྲབ་བྱེད་སྒོ་སྤེལ་ཏེ་རྒྱལ་ཡོངས་ཀྱི་སྐུ་མགྲོན་མ་བོས་ཚུལ་དུ་སླེབས། ཟླ5བའི་ཚེས1ནས3ཉིན་བར། རྫོང་ཡོངས་སུ་གནས་སྐོར་བ་མི་ཐེངས་ཁྲི1.8སྣེ་ལེན་བྱས་ཤིང་སྔོན་དང་བསྡུར་ན23.76%གྱི་འཕར་ལ། གནས་སྐོར་ཕྱོགས་བསྡུས་ཡོང་འབབ་སྒོར་ཁྲི868མངོན་འགྱུར་བྱས། སྔོན་དང་བསྡུར་ན24%ཡི་འཕར།

《ལོ་ཟླའི་མཁར་དམར》དངོས་མཚོན་འཁྲབ་སྟོན་གྱིས་སྙན་པའི་གྲགས་པ་བཞག འཁྲབ་སྟོན་ཡུལ་དངོས་སུ་འཁྲབ་སྟོན་མི་སྣས་ཧན་ཐང་རྒྱན་གོས་མནབས་ཤིང་། རྔམ་བརྗིད་ཀྱི་གནའ་མཁར་ནི་རྒྱབ་ལྗོངས་སུ་བྱས། ཀྲང་ཆན་ནུབ་ཕྱོགས་སུ་ཕོ་ཉར་བསྐྱོད་པ་དང་རྔ་མོང་ལ་བཅིབས་པའི་ཚོང་འགྲུལ་རུ་དཔུང་ཕར་འགྲོ་ཚུར་འོང་བྱེད་པ་སོགས་ཀྱི་ལོ་རྒྱུས་བསྐྱར་མཚོན་བྱས། འབྲུག་སེང་འཁྲབ་འཆམ་དང་མི་རིགས་རྩེད་རིག དམག་མིས་གནའ་གྲོང་སྐོར་བ་སོགས་ཀྱི་འཁྲབ་སྟོན་སྣ་མང་ཕུན་སུམ་ཚོགས། གནའ་གྲོང་ཕྱི་ནང་དུ་མི་ཚོགས་མང་པོ་ལོ་ངོ་སྟོང་གི་དར་གོས་ཚོང་ལམ་དུ་འདུས་པའི་གནའ་ཡི་དར་གོས་ཚོང་ལམ་གྱི་རྫོགས་ལྡན་དུས་སྐབས་ཤིག་སླར་ཡང་མངོན།

མཁར་དམར་གནའ་མཁར་དུ་སྨི་གྲུ་བཞི་མ800ཟིན་པའི་ནོར་ནག་སྦྲ་ནག་ཆེན་མོ་ཀུན་གྱི་མིག་མདུན་དུ་མངོན་ནས་གནས་སྐོར་བ་མང་པོ་བཀུག གནས་སྐོར་བས་སྦྲ་ཆེན་མོའི་ནང་དུ་མཐོ་སྒང་འབྲོག་པའི་འཚོ་བ་ལ་ཉམས་རོལ་བྱས། མདོ་ལའི་སྣ་མང་གི་དམངས་སྲོལ་རིག་གནས་ལ་ཉམས་སུ་མྱངས། དཀྲུག་ཇ་དང་འོ་ཇ། རྩམ་པ། ཞོ། ནོར་ལུག་ཤའི་ཤ་སྐམ་སོགས་མདོ་ལའི་ས་ཁོངས་ཀྱི་ཁྱད་ལྡན་བཟའ་བཏུང་བཟོ་བ་དང་རོལ་མྱོང་བྱས། བག་ཞུགས་རང་བཞིན་གྱིས་དམངས་སྲོལ་མཛེས་པ་ཉམས་སུ་མྱངས་ཤིང་། རིག་གནས་ཀྱི་ངོ་མཚར་ལ་ལྟད་མོ་བལྟས། རྒྱ་ཆེའི་གནས་སྐོར་བ་རྣམས་གཏིང་ཟབ་པའི་སྒོ་ནས་འབྲོག་ཁུལ་གྱི་འཚོ་བ་ལ་ཉམས་ཞུགས་བྱས་ཏེ་མདོ་ལའི་མི་རིགས་མང་པོའི་འཆམ་མཐུན་མཉམ་གནས་ཀྱི་རིག་གནས་ཁྱད་ཆོས་ཕྱིར་མཚོན་བྱས། 

 མཁའ་དབྱིངས་མི་མེད་གནམ་གྲུའི་དགའ་སྟོན་གྱི་ཡོ་ལང་རྒྱས་པ། མུན་རུབ་པ་ན། མདོ་ལ་རྫོང་རིག་གནས་ཐང་ཆེན་དུ་མི་མེད་གནམ་གྲུ500གནའ་མཁར་གྱི་མཁའ་དབྱིངས་སུ་གྲལ་བསྒྲིགས་ཏེ་འཕུར་ལྡིང་ལ་རྩེན་ཅིང་། རི་ཆུ་འཁྲབ་ཡོལ་དུ་བྱས་ཏེ“ལྷ་ཁམས་མདོ་ལ”དང“གངས་ཞོ་བླུགས” “གསའ” “མདོ་ལའི་ཤ་སེར” “ཁྲུང་ཁྲུང་སྐེ་ནག” “མདོ་ལའི་བོད་ལུག” “བྱང་ཕྱོགས་མདོ་ལ་སྐོར། གཞུང་ལམ9བ་བགྲོད”ཅེས་པའི་ས་ཁྲ་སོགས་མཚར་སྡུག་བཀྲ་བའི་དཔེ་རིས་མང་པོ་ཀུན་གྱི་སྤྱན་སྔར་བཀྲམས་ལ། གནས་སྐོར་བ་རྣམས་ཀྱིས་རང་རང་ས་ནས་ཁ་པར་བླངས་ཏེ་སྐད་ཅིག་མ་དེ་དག་དྲན་རྟེན་དུ་བཀོད། འཕྲུལ་ཆས་གསའ3གྱིས་གནས་སྐོར་བའི་ཡིད་དབང་འཕྲོག་ཅིང་ཞིང་ཆེན་ཕྱི་ནང་གི་གནས་སྐོར་བ་ཀུན་ལས་མགྲིན་གཅིག་དབྱངས་གཅིག་གི་བསྔགས་བརྗོད་ཐོབ། འབྲེལ་ཡོད་དྲིལ་སྒྲོག་བརྙན་པར་ཁག་ཀྲུང་དབྱང་བརྙན་འཕྲིན་དྲ་བ་དང་ཞིན་ཧྭ་དྲ་བ་སོགས་ཀྲུང་དབྱང་སྨྱན་བྱད་དུ་འགྲེམ་སྟོན་བྱས།

འོད་དང་གྲིབ་སོ་བསྣོལ་བའི་རིག་རྩལ་འཁྲབ་སྟོན་གྱི་སྤྲོ་སྣང་། ལྷ་ཁམས་མདོ་ལའི་མཚར་སྡུག་བཀྲ་བའི་སྐར་ཚོགས་ཀྱི་འོག་ཏུ། དེང་རབས་དར་སྲོལ་དང་རང་བྱུང་གི་ཉམས་སྣང་གཅིག་ཏུ་འདྲེས་པའིDJརོལ་མོའི་དགྱེས་སྟོན་ཞིག་རིག་གནས་ཐང་ཆེན་དུ་སྤྲོ་སྣང་དང་བཅས་ཀུན་གྱི་སྤྱན་སྔར་བཀྲམས། “བྱང་ཕྱོགས་མདོ་ལ་སྐོར། གཞུང་ལམ9བ་བགྲོད་པའི”ལྔ་གཅིག་རྫོགས་ལྡན་གཟའ་འཁོར་གྱི་བརྗོད་དོན་བྱེད་སྒོའི་ལྷུ་ཚིགས་གལ་ཆེན་ཞིག་ཡིན་པའི་ངོས་ནས། མཐོ་སྒང་གི་གློག་རྡུལ་རོལ་མོའི་དགྱེས་སྟོན་འདིས་འོད་དང་གྲིབ་སོ་བསྣོལ་ཞིང་རོལ་མོ་དང་རང་བྱུང་འདྲེས་པའི་ཁྱད་པར་བའི་རྣམ་པ་ལ་བརྟེན་ནས་རྒྱལ་ཡོངས་ས་གནས་སོ་སོ་ནས་ཕེབས་པའི་གནས་སྐོར་བ་དང་རང་སའི་མང་ཚོགས་ཀུན་གྱི་ཡིད་དབང་འཕྲོག་པར་མ་ཟད། མདོ་ལ་རྫོང་གི་སྐྱེ་ཁམས་རིག་གནས་གནས་སྐོར་གྱི་རི་མོར་འགུལ་སྟོབས་དང་གསོན་ཤུགས་བསྐྱེད། “ཉིན་མོར་གནའ་མཁར་དུ་རྒྱ་ཆས་སྤྲས་ཏེ་གཟུགས་འདས་འཁྲབ་སྟོན་ལ་རོལ་ཞིང་། མཚན་མོར་ཐང་ཆེན་དུ་མཆོང་གར་ལ་རྩེན་པའི་ཧེ་བག་གི་ཚོར་སྣང་འདི་ནི་སྨྲ་བརྗོད་ཀྱི་ཡུལ་ལས་འདས་པ་ཞིག་རེད”ཅེས་ལན་ཀྲོའུ་ནས་འོངས་པའི་གནས་སྐོར་བ་ལྕམ་མོ་ལི་ལགས་ནས་དེ་ལྟར་བརྗོད།

“ལྔ་གཅིག”གུང་གསེང་གི་རིང་ལ། མདོ་ལ་རྫོང་གིས“བྱང་ཕྱོགས་མདོ་ལ་སྐོར། གཞུང་ལམ9བ་བགྲོད་པའི”བརྗོད་དོན་འགྲེམ་འཁྲབ་བྱེད་སྒོ་སྤེལ་བས་གནས་སྐོར་བའི་གུང་གསེང་གི་འཚོ་བ་ཕུན་སུམ་ཚོགས་པར་བྱས་པར་མ་ཟད། མདོ་ལའི་རིག་གནས་གནས་སྐོར་བྱ་གཞག་གི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་གསོན་ཤུགས་གསར་བ་བསྣན། མ་འོངས་པ་ན། མདོ་ལ་རྫོང་གིས་རིག་གནས་གནས་སྐོར་ཁྲོམ་རའི་ལྟ་སྐུལ་ཁྲིམས་བསྟར་ནུས་ཤུགས་ཟམ་མ་ཆད་པར་མཐོར་འདེགས་སུ་བཏང་སྟེ། ཞིང་ཆེན་ཕྱི་ནང་གི་གནས་སྐོར་བའི་ཞབས་ཞུའི་འགན་སྲུང་ལས་དོན་རྒྱུན་ཆད་མེད་པར་ལེགས་པོར་བསྒྲུབ་རྒྱུ་དང་། གནས་སྐོར་ཁྲོམ་རའི་སྒྲིག་སྲོལ་ཚད་ལྡན་དང་གནས་སྐོར་བ་བློ་བདེ་བག་ཕེབས་ཡོང་བར་ཁག་ཐེག་བྱ་རྒྱུ་ཡིན།



མཉམ་སྤྱོད།