དེ་རིང་ནི2025ལོའི་ཟླ07པའི་ཚེས01ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་མང་ཚོགས་ལ་རོགས་རམ་དང་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩལ།

2025-05-13 14:52:29   |   513

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


   མཚོ་སྔོན་མདོ་ལས་རྒུད་གསབ་ལས་སྤྲོད་ལ་བརྟེན་ནས་མང་ཚོགས་ལ་རོགས་རམ་དང་གྲོང་གསེབ་དར་སྤེལ་ལ་ནུས་ཤུགས་བསྩལ། ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་བློ་བརྟན་པོར་བཙུགས་ཤིང་། དབུལ་ཐར་འགག་སྒྲོལ་གྱི་གྲུབ་འབྲས་སྲ་བརྟན་རྒྱ་སྐྱེད་དང་གྲོང་གསེབ་དར་སྤེལ་ཕན་འབྲས་སྦྲེལ་མཐུད་ལས་དོན་ལ་དམ་པོར་དམིགས་ནས། སྡེ་ཁག་གི་འགན་ནུས་འདོན་སྤེལ་གང་ལེགས་བྱས་ལ། རྒུད་གསབ་ལས་སྤྲོད་ཀྱི་ལས་གཞིར་དམིགས་ནས་ལས་ཞུགས་བརྟན་འཇགས་དང་ཡོང་འབབ་འཕར་སྣོན། འཕེལ་རྒྱས་ལ་སྐུལ་འདེད་བཅས་བྱེད་པའི་ཐད་ཐབས་འདོན་དང་དངོས་སྒྲུབ། ཕན་འབྲས་དངོས་ཐོན་པར་བྱས།

“མང་ཚོགས་རྩ་བ་དང་ལས་གཞི་རྟེན་བྱུང”གི་ལས་ཀའི་བླང་བྱར་ནན་པོར་གཞིགས་ནས“ལས་གྲྭ་ནི་བྱེད་ཐབས་ཡིན་པ་དང་རྒུད་སྐྱོབ་ནི་དམིགས་ཡུལ་ཡིན་པའི”སྲིད་ཇུས་ཀྱི་ནང་དོན་ཁོང་དུ་ཆུད་པར་བྱས་ལ། “ལས་ཞུགས་རྩལ་ནུས་གསོ་སྦྱོང་དང་ངལ་ལས་ལག་རྩལ་གྱི་གླ་ཆ་སྤྲོད་པ་ཟུང་དུ་འབྲེལ་བའི”རྣམ་པར་བརྟེན། “སྡེ་ཁག་དང་ཡུལ་གྲོང་། ཆེད་ལས་ལས་ཁུངས་བཅས་ལྷན་དུ་འབྲེལ་བའི”ལས་གཞི་འཆར་འགོད་ལམ་སྲོལ་གྱི་བྱེད་ནུས་འདོན་སྤེལ་གང་ལེགས་བྱས་ཏེ། རྒུད་གསབ་ལས་སྤྲོད་ལས་གཞི་ཁག16གྲབས་གསོག་སྙན་ཞུ་བྱས་པ་དང་ལས་གཞི་ཁག7གཤམ་སྤྲོད། ཁག5ལག་བསྟར་བཅས་བྱས་པར། རིམ་རྩིས་ལྟར་ན་མང་ཚོགས་མི་ཐེངས907མཉམ་ཞུགས་བྱས་པ་དང་། ངལ་ལས་ཀྱི་གླ་ཆ་སྒོར་ཁྲི610.14བཏང་ནས་ངལ་རྩོལ་ནུས་ཤུགས་ཀྱི་རྩལ་ནུས་གསོ་སྦྱོང་ཐེངས782རྩ་འཛུགས་བྱས།

རྒུད་གསབ་ལས་སྤྲོད་ཀྱི་སྦྲེལ་ཐག་བསྲིང་བ་དང་གསབ་པ། ཤུགས་དྲག་ཏུ་གཏོང་བ་བཅས་ཀྱི་ནུས་པར་མུ་མཐུད་དུ་ཤུགས་སྣོན་བརྒྱབ་སྟེ། མང་ཚོགས་ཀྱི་ཡོང་འབབ་འཕར་གནས་མང་དུ་བསྐྱེད་པ་དང་། “སྡེ་ཁག་དང་གྲོང་རྡལ། མང་ཚོགས”བཅས་བར་གྱི་མཐུན་སྦྱོར་འབྲེལ་གཏུག་ལམ་སྲོལ་དོན་འཁྱོལ་ནན་ཏན་བྱས་ལ། མ་དངུལ་གྱི་གཞི་ཁྱོན་ཆུང་བ། རྩལ་ནུས་ཀྱི་ཚད་གཞི་དམའ་བ། དུས་འགོའི་ལས་ཀ་སྟབས་བདེ་བ་བཅས་ཀྱི་ལས་གཞིར་དམིགས་ཏེ་རྒུད་གསབ་ལས་སྤྲོད་ཀྱི་ལས་གཞིའི་གསལ་ཐོ་གདམ་གསེས་གསར་བཟོ་ངང་ཁྱབ་རྡལ་དུ་བཏང་། དུས་ཐོག་ཏུ“ངལ་རྩོལ་ནུས་ཤུགས་དང་གྲངས་ཚད། ལས་གཉེར་རྩལ་ནུས་དང་། ལས་གཉེར་འདོད་བློ”བཅས་རྩིས་ཁྲ་གསུམ་གསར་སྒྱུར་བྱས་ནས། རྒུད་གསབ་ལས་སྤྲོད་ཀྱི་ལས་གཞི3ཁྱབ་རྡལ་ལག་བསྟར་བྱས་ཤིང་། མང་ཚོགས་མི་ཐེངས519མཉམ་ཞུགས་བྱས་པ་དང་ངལ་ལས་གླ་ཆ་སྒོར་ཁྲི735.933སྤྲད།



མཉམ་སྤྱོད།