དེ་རིང་ནི2025ལོའི་ཟླ07པའི་ཚེས02ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་ཆུ་གཙང་བྱ་སྤྱོད་སྤེལ་ནས་དག་གཙང་གི་ཁྱིམ་གཞིས་བསྲུངས།

2025-05-14 16:37:10   |   473

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


  མདོ་ལ་རྫོང་གིས་ཆུ་གཙང་བྱ་སྤྱོད་ཀྱིས་ལྗོངས་རྣམ་གསར་བ་བཀོད་ཅིང་དག་གཙང་གི་ཁྱིམ་གཞིས་བསྲུངས། ཆུ་བོ་དང་མཚེའུ་ཡི་སྐྱེ་ཁམས་ཀྱི་རྨང་གཞི་བསྲུང་ཆེད། མདོ་ལ་རྫོང་ཆུ་མཚེའུ་དཔོན་ལམ་ལུགས་གཞུང་ལས་ཁང་གིས་ཡུལ་གྲོང་ཁག་དང་ཁོངས་གཏོགས་ལས་ཁུངས་ཁག་རྩ་འཛུགས་སྒོས་ཆུ་ལམ་གཙང་སེལ་བྱ་སྤྱོད་ཏན་ཏིག་ངང་སྤེལ་བ་དང་། “ཆུ་བཅོས”དང“ངོགས་སྲུང” “ལྗང་གསོ”བཅས་ཀྱི་ཆིག་སྒྲིལ་ཁུ་ཚུར་ལ་བརྟེན་ནས་ཆུ་ལམ་གྱི་ཁོར་ཡུག་གི་ཚད་གཞི་དང་སྤུས་ཚད་གཉིས་ཀ་གོང་དུ་འཕེལ་བར་སྐུལ་འདེད་བཏང་བ་དང་། མི་དང་ཆུ་བོ་འཆམ་མཐུན་གྱི་སྐྱེ་ཁམས་རི་མོ་བཞེངས་ཡོད།

 ཐབས་འདོན་ཇུས་འགོད་བྱས་ནས་ས་ཁོངས་ཡོངས་ཀྱི་ཆུ་བཅོས“འགྲིག་སྐོར་གཅིག”གི་རྣམ་པ་བསྐྲུན། མདོ་ལ་རྫོང་གིས“མ་ཡུམ་ཆུ་བོ་སྲུང་སྐྱོང”དམིགས་ཡུལ་དུ་བཟུང་ནས། «ཆུ་མཚེའུ་དོ་དམ་ཁྱབ་ཁོངས་ཀྱི་ཁོར་ཡུག་གཙང་སྦྲ་རྒྱུན་མཐུད་ངང་ལེགས་པར་སྤེལ་བའི་སྐོར་གྱི་བརྡ་ཐོ»པར་འགྲེམས་བྱས། “རྫོང་རིམ་པས་གཅིག་གྱུར་འཆར་འགོད་དང་། ཡུལ་གྲོང་གིས་གཙོ་འགན་འཁུར་བ། སྡེ་ཁག་མཉམ་འགུལ”བཅས་ཀྱི་བཅོས་སྐྱོང་མ་ལག་འཛུགས་སྐྱོང་བྱས། གྲོང་རྡལ3དང་ཡུལ་ཚོ4དང་། སྐྱེ་ཁམས་ཁོར་ཡུག་དང་སྡོམ་རྩིས། རིག་གནས་གནས་སྐོར་སོགས་སྡེ་ཁག་མང་པོས་བྱ་སྤྱོད་ཧུར་ཐག་ཏུ་སྤེལ་ཞིང་། ཆུ་ལམ་གྱི་གད་སྙིགས་གཙང་བཅོས་བྱེད་པའི་གཙོ་གནད་ལས་འགན་ལ་དམ་པོར་དམིགས་པ་དང་། དྲ་མིག་ཅན་གྱི་དོ་དམ་ལ་བརྟེན་ནས་འགན་འཁྲི་དེ་ཆུ་དུམ་བར་དུ་ཞིབ་ཚགས་སུ་བསྒྱུར་བ་དང་སྡེ་ཚན་དུ་དོན་འཁྱོལ་བྱས་པས། “གོང་འོག་མཉམ་འགུལ་དང་མཉམ་འཛིན་སྤྱི་སྒྲུབ”ཀྱི་ཆུ་བཅོས་ནུས་ཤུགས་ཆགས་པར་བྱས།

 ཆུ་གཙང་ངོགས་སྲུང་གི་སྒོ་ནས་མཛེས་སྡུག་ལྡན་པའི་ཆུ་ལམ་གྱི་སྐྱེ་ཁམས“མཛེས་ལྗོངས་ཁུལ”བསྐྲུན་ཅིང་། ཡུལ་གྲོང་ཁག་གི་ཏང་ཡོན་ལས་བྱེད་པ་དང་ཆུ་ལམ་སྐོར་ཞིབ་པ། མང་ཚོགས་བཅས་སྒྲིག་འཛུགས་སྒོས་ཁོངས་གཏོགས་ཁུལ་གྱི་ཆུ་ལམ་དུ“དྲ་རྒྱའི་རྣམ་པའི”གཙང་སེལ་སྤེལ། གསེར་ལྡན་ཆུ་བོ་ནས་འཇུ་ལག་ཆུ་བོའི་ཆུ་ལག་བར། གཙང་སྦྲའི་རུ་ཁག་གིས་ཆུ་འགྲམ་དུ་རྐང་ཐང་ལ་སྐོར་ཞིབ་བྱས་ནས་ཆུ་ངོས་སུ་གཡེང་བའི་དངོས་པོ་ལེན་པ་དང་ཆུ་ངོགས་ཀྱི་སྙིགས་རོ་སྐྱེལ་འདྲེན། ཆུ་ལམ་གྱི་གེགས་དངོས་གཙང་སེལ་བཅས་བྱས་ནས“འཚེམ་བཟོའི་སྒྱུ་རྩལ”གྱི་ཐབས་ལ་བརྟེན་ནས་གྲ་ཟུར་མ་ལུས་པར་གཙང་བཅོས་བྱས། ལས་བྱེད་དང་མང་ཚོགས་རྣམས་ཀྱིས་ཐུན་མོང་འབད་འཐབ་འོག གྲམ་པའི་བཞུར་ཆུ་ལ་སླར་ཡང་འོད་ཆེམ་འཕྲོ་ཞིང་། ཆུ་ངོགས་ཀྱི་སྔོ་ཁེབས་ལ་གསོན་ཤུགས་རྒྱས། སྔོན་ཆད་ཀྱི“གནད་དོན་ལྡན་པའི་ཆུ་དུམ”དེ་མང་ཚོགས་རྣམས་བག་ཡངས་གོམས་བགྲོད་དང་ལྗོངས་གཟིགས་ཀྱི་སྐྱེ་ཁམས་ཁྱམས་རིང་དུ་གྱུར།

ཕུགས་ཕན་དོ་དམ་སྲུང་སྐྱོང་གིས་དམངས་ཡོངས་ཀྱི“ཆུ་སྲུང་དར་སྲོལ་གསར་པ”གསོ་སྐྱོང་བྱས། བྱ་སྤྱོད་ཁྲོད་མདོ་ལ་རྫོང་གིས་རྒྱུན་གཏན་གྱི་སྐོར་ཞིབ་དང་དྲིལ་སྒྲོག་ཁྲིད་སྟོན་གྱི་ཕུགས་ཕན་ལམ་སྲོལ་རྒྱུན་མཐུད་ངང་དོན་འཁྱོལ་བྱས། ཡུལ་གྲོང་སོ་སོས་ཆུ་ལམ་དོ་དམ་གྱི་འགན་ཁུར་པའི་ལམ་ལུགས་དོན་འཁྱོལ་བྱས། ཉིན་རེར་སྐོར་ཞིབ་བྱས་པ་བརྒྱུད་ནས་དུས་ཐོག་ཏུ་གད་སྙིགས་དང་སྒྲིག་འགལ་ངང་ཕྱུགས་འཚོ་བ་སོགས་ཀྱི་གནད་དོན་ཤེས་རྟོགས་དང་ཐག་གཅོད་བྱས། དུས་མཚུངས་སུ་རྫོང་ཆུ་མཚེའུ་དཔོན་ལམ་ལུགས་གཞུང་ལས་ཁང་གི་སྐད་འཕྲིན་སྤྱི་སྟེགས་སོགས་ལ་བརྟེན་རྒྱ་ཁྱབ་ཏུ“ཆུ་གཅེས་ཆུ་སྲུང”གི་འདུ་ཤེས་བརྒྱུད་བསྒྲགས་བྱས་པ་དང་། “ཆུ་ལམ་གཙང་སྦྲར་མི་ཀུན་ཞུགས། ཁོར་ཡུག་གཙང་མ་ཀུན་ལ་ཕན་པའི”སྤྱི་ཚོགས་ཀྱི་ཐུན་མོང་ངོས་འཛིན་གསོ་སྐྱོང་བྱས། ད་ལྟ་མང་ཚོགས་སྔར་ལས་མང་པོ་རང་འགུལ་ངང་ཆུ་སྲུང་དཔུང་ཁག་ནང་ཞུགས་པ་དང་། “སྲིད་གཞུང་གིས་གཙོ་ཁྲིད་དང་སྡེ་ཁག་གིས་མཐུན་སྦྱོར། མང་ཚོགས་རྣམས་ཞུགས་པའི”ཐུན་མོང་གི་བཅོས་སྐྱོང་རྣམ་པ་ཞིག་ཆགས་ཡོད། 

ཐེངས་འདིའི་ཆུ་ལམ་གཙང་སྦྲའི་བྱ་སྤྱོད་ནི་མདོ་ལ་རྫོང་གིས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་བའི་ལག་ལེན་གསོན་ཉམས་ལྡན་པ་ཞིག་ཡིན་ལ། “རི་སྔོ་ཆུ་དྭངས་ནི་གསེར་དངུལ་རི་ལས་ལྷག་པའི”འདུ་ཤེས་ཀྱི་ལག་ལེན་དངོས་ཡིན། གོམ་སྟབས་རྗེས་མར་མདོ་ལ་རྫོང་གིས་ཆུ་མཚེའུ་དཔོན་ལམ་ལུགས་རྒྱུན་མཐུད་གཏིང་ཟབ་ཏུ་གཏོང་རྒྱུ་དང་། རྒྱུན་གཏན་ཅན་གྱི་བཅོས་སྐྱོང་ལ་བརྟེན་ནས་སྐྱེ་ཁམས་ཀྱི་གྲུབ་འབྲས་སྲ་བརྟན་དུ་གཏོང་བ། གཙང་ཆུ་དྭངས་མོ་དེ་དམངས་འཚོའི་བདེ་སྐྱིད་བརླན་པའི་འབྱུང་ཁུངས་སུ་འགྱུར་བར་བྱ་རྒྱུ་དང་། རྒྱལ་ཁབ་ནུབ་རྒྱུད་ཀྱི་སྐྱེ་ཁམས་བདེ་འཇགས་སྲུང་ཡོལ་སྲ་བརྟན་དུ་གཏོང་བར་ནུས་ཤུགས་སྩོལ་དགོས།



མཉམ་སྤྱོད།