དེ་རིང་ནི2025ལོའི་ཟླ07པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་ནི་རང་ཞིང་གི་རི་སྐྱེས་ཕྱེད་མའི་ཤྭ་བའི་གསོ་སྤེལ་རྟེན་གཞི་དང་རྒྱུད་འདོན་རྟེན་གཞི་ཆེས་ཆེ་བ་རུ་གྱུར།

2025-05-19 17:05:52   |   532

 རྩོམ་སྒྲིག དམ་ཆོས་བསམ་འགྲུབ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེརའབེབས། རིན་ཆེན་ཚེ་རིང་། 


མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་ལྷན་སྐྱེས་ཐུན་མོང་མ་ཡིན་པའི་རང་བྱུང་སྐྱེ་ཁམས་དང་ཁུལ་གནས་ཀྱི་ལེགས་ཆ་ལ་བརྟེན་ནས་ཁྱད་ཆོས་ལྡན་པའི་སྐྱེ་ཁམས་གསོ་སྤེལ་གོང་སྤེལ་གྱི་ལམ་བུ་ཞིག་འཚོལ་ཞིབ་བྱས། གཡང་ལུང་ཤྭ་ར་དང་འབྲོང་ལུང་ཤྭ་ར། ཨ་རིག་ཡུལ་ཚོའི་ཤྭ་ར། ལྷད་མེད་ཤྭ་བའི་ཐོན་རྫས་གསར་སྤེལ་ཚད་ཡོད་ཀུང་སི་བཅས་གསོ་སྤེལ་རྟེན་གཞི4བཙུགས་ཤིང་། རི་སྐྱེས་ཕྱེད་མའི་ཤྭ་བ2000ལྷག་གསོ་སྤེལ་བྱས། ལོ་རེར་བཞིན་ཀན་སུའུ་ཞིང་ཆེན་དང་རང་ཞིང་གི་མགོ་ལོག་བོད་རིགས་རང་སྐྱོང་ཁུལ། མཚོ་ལྷོ་བོད་རིགས་རང་སྐྱོང་ཁུལ། མཚོ་ཤར་གྲོང་ཁྱེར། ཟི་ལིང་གྲོང་ཁྱེར་སོགས་ས་གནས་ལ་ཤྭ་རྒྱུད200ལྷག་མཁོ་འདོན་བྱས་པས་རང་ཞིང་གི་རི་སྐྱེས་ཕྱེད་མའི་ཤྭ་བའི་གསོ་སྤེལ་རྟེན་གཞི་དང་རྒྱུད་འདོན་རྟེན་གཞི་ཆེས་ཆེ་བ་རུ་གྱུར།

 ཤྭ་བའི་ཐོན་རྫས་ཀྱི་ཚོང་ལས་རིན་ཐང་སྔོག་འདོན་བྱ་ཆེད་མདོ་ལ་རྫོང་གིས་ལེ་ལག་ཚང་བའི་ཤྭ་བའི་ཐོན་རྫས་ཞིབ་ཚགས་ལས་སྣོན་བཟོ་གྲྭ་བཙུགས་ཏེ་ཤྭ་བའི་ཐོན་རྫས་རིགས50ལྷག་རིམ་བཞིན་བཏོན་ཞིང་། ཐོན་ཐང་སྒོར་ཁྲི1459ལ་ཐོན། མི100ཡི་ལས་ཞུགས་ལ་སྣེ་ཁྲིད་ཅིང་མང་ཚོགས་ཀྱི་ལོ་རེའི་ཆ་སྙོམས་ཡོང་འབབ་སྒོར་ཁྲི1གིས་འཕར། ཆས་རྟགས་འཛུགས་སྐྲུན་ལ་སྐུལ་འདེད་བཏང་སྟེ“མདོ་ལའི་གངས་རིའི་ཤྭ་བ”ཡི་ས་ཁམས་ཚོང་རྟགས་ཐོ་ཞུགས་བྱས་ཤིང་། རྒྱལ་ཁབ་ལྗང་མདོག་སྐྱེ་ལྡན་ཁས་ལེན་ཐོབ། མཐོ་སྒང་ལྷད་མེད་དང་མདོ་ལའི་ཤྭ་ཁྲའི་ར་བ་སོགས་ཚོང་ལས་ཆས་རྟགས5སྔ་རྗེས་སུ་ཐོ་ཞུགས་བྱས། གཞན་ད་དུང་ཤྭ་བའི་གསོ་སྤེལ་དང་རིག་གནས་གནས་སྐོར་ཐོན་ལས་སྐྱེ་ལྡན་མཉམ་འདྲེས་ལ་སྐུལ་མ་གཏོང་ཆེད། མདོ་ལ་རྫོང་གིས་ཨ་རིག་ཚོ་བའི་བོད་པའི་རིག་གནས་དང་མཉམ་འདྲེས་སྒོས་ཨ་རིག་ཚོ་བའི་ཤྭ་འཚོལ་རི་གྲོང་གི་ཡུལ་སྐོར་རྟེན་གཞི་བཙུགས་ཏེ་ལོ་རེར་བཞིན་ཡུལ་སྐོར་བ་མི་ཐེངས་ཁྲི2ལྷག་བཀུག་ཅིང་ཡོང་འབབ་སྒོར་ཁྲི260ལྷག་མངོན་འགྱུར་བྱས་ཏེ་ས་གནས་ཀྱི་སྤུས་ཚད་མཐོ་བའི་དཔལ་འབྱོར་འཕེལ་རྒྱས་ལ་སྒུལ་ཤུགས་དྲག་པོ་བསྣན།

 རི་སྐྱེས་ཕྱེད་མའི་ཤྭ་བའི་ཐོན་ལས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་གོ་རིམ་ཁྲོད། མདོ་ལ་རྫོང་གིས་གསར་གཏོད་དང་རྒྱུན་མཐུད་ཐུབ་པའི་འཕེལ་རྒྱས་ཀྱི་འདུ་ཤེས་མཐའ་འཁྱོངས་བྱས་ཤིང་། “ཁེ་ལས+མཉམ་ལས་ཁང+ཞིང་ཁྱིམ”བཅས་ཀྱི་མཉམ་འགུལ་འཕེལ་རྒྱས་མ་ལག་འཛུགས་སྐྱོང་བྱས་པར་བརྟེན། ཚན་རིག་དང་མཐུན་པར་གསོ་སྤེལ་ས་ཁོངས་འཆར་འགོད་བྱས་པ་སྟེ། ས་གནས་ཀྱི་རང་བྱུང་ཐོན་ཁུངས་བེད་སྤྱོད་གང་ལེགས་བྱས་པར་མ་ཟད། ཚད་བརྒལ་ཕྱུགས་འཚོ་ལས་རྩྭ་ཐང་གི་སྐྱེ་ཁམས་ལ་གཏོར་བརླག་ཐེབས་པ་སྔོན་འགོག་ནུས་ལྡན་བྱས། དེ་དང་ཆབས་ཅིག ཤྭ་རའི་ཉེ་འཁོར་གྱི་སྐྱེ་ཁམས་བརྟག་དཔྱད་དང་བཅོས་སྐྱོང་ལ་ཤུགས་བསྣན་པ་དང་། ཆུ་ཁུངས་དང་མཁའ་དབུགས་ཀྱི་སྤུས་ཀར་འགན་ལེན་བྱས་ཏེ། ཤྭ་ཁྱུའི་རིགས་རྒྱུད་སྲུང་སྐྱོང་དང་གསོ་སྤེལ་ལ་ཤུགས་བསྣན་པས། སྐྱེ་དངོས་སྣ་མང་རང་བཞིན་ལ་སྲུང་སྐྱོང་བྱས་ལ། གསོ་སྤེལ་ཐོན་ལས་དང་སྐྱེ་ཁམས་སྲུང་སྐྱོང་དགེ་མཚན་ལྡན་པའི་ངང་མཉམ་འགུལ་བྱེད་པར་སྐུལ་འདེད་བཏང་། ཐོན་ལས་ཀྱི་ཚན་རྩལ་འདུས་ཚད་མཐོར་འདེགས་སུ་གཏོང་ཆེད། མདོ་ལ་རྫོང་གིས་མཚོ་སྔོན་སློབ་ཆེན་སོགས་ཚན་རིག་ཞིབ་འཇུག་སྒྲིག་གཞིར་མཉམ་ལས་གཏིང་ཟབ་བྱས་པས། རིགས་ཁྱུའི་གསོ་སྤེལ་ལག་རྩལ་ལེགས་སྒྱུར་དང་རིམས་ནད་འགོག་སྡོམ་ལག་རྩལ་མ་ལག་འཐུས་ཚང་དུ་བཏང་ལ། ཤྭ་ཁྱུའི་བདེ་ཐང་ལ་འགན་ལེན་བྱས། གོམ་པ་རྗེས་མར། མདོ་ལ་རྫོང་གིས་མུ་མཐུད་ནས་རི་སྐྱེས་ཕྱེད་མའི་ཤྭ་བའི་ཐོན་ལས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམིགས་ཏེ། ཚན་རྩལ་དང་ཐོན་ལས་མཉམ་འདྲེས་བཅས་ཕྱོགས་གཉིས་ནས་རྒྱུན་མཐུད་ངང་སྟོབས་ཤུགས་འདོན་རྩིས་ཡོད། ཕྱོགས་གཅིག་ནས། ཚན་རྩལ་གྱི་མ་རྩ་གཏོང་བར་ཤུགས་སྣོན་སྒོས་རིག་ནུས་ཅན་དང་ཨང་རྩིས་ཅན་གྱི་སྒྲིག་ཆས་ནང་འདྲེན་བྱས་པར་བརྟེན། གསོ་སྤེལ་ལག་རྩལ་དང་དོ་དམ་གྱི་གོ་རིམ་ལེགས་སྒྱུར་བྱ་རྒྱུ་ཡིན་ལ། གསོ་སྤེལ་གཞི་ཁྱོན་གོ་རིམ་ལྡན་པར་རྒྱ་བསྐྱེད་དེ་ཤྭ་ཁྱུའི་ཐོན་ཁུངས་ཕུན་སུམ་ཇེ་ཚོགས་སུ་གཏོང་རྒྱུ་དང་། ཤྭ་བའི་ཐོན་རྫས་ཀྱི་སྒྲིག་གཞི་ལེགས་སྒྱུར་བྱས་ཏེ། ལག་རྩལ་དང་བཟོ་རྩལ་གྱི་གསར་གཏོད་ལ་བརྟེན་ཐོན་རྫས་ཀྱི་འཕར་སྣོན་རིན་ཐང་དང་ཁྲོམ་རའི་འགྲན་རྩོད་ནུས་ཤུགས་ཇེ་མཐོར་གཏོང་རྒྱུ་ཡིན། ཡང་ཕྱོགས་གཅིག་ནས། གསོ་སྤེལ་དང་ཡུལ་སྐོར། རིག་གནས་ཐོན་ཁུངས་བཅས་བསྡུ་སྒྲིལ་ངང་ཤྭ་བའི་བརྗོད་དོན་གྱི་ཁྱད་ཆོས་ལྡན་པའི་གནས་སྐོར་སྤུས་རྟགས་གསར་སྐྲུན་བྱས་ཏེ། ཤྭ་བའི་རིག་གནས་མྱོང་རོལ་དང་ཤྭ་བའི་ཐོན་རྫས་ལས་སྣོན་ལྟ་སྐོར་སོགས་ཁྱད་ཆོས་ལྡན་པའི་ལས་གཞི་འདོན་སྤེལ་བྱས་པར་བརྟེན། གསོ་སྤེལ་རྟེན་གཞི་དེ་གསོ་སྤེལ་དང་ལས་སྣོན། གནས་སྐོར། ཚན་སྤེལ་བཅས་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་སྟེགས་བུ་ཞིག་ཏུ་བསྐྲུན་རྒྱུ་དང་། མདོ་ལ་རྫོང་གི་དཔལ་འབྱོར་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྒུལ་ཆས་གསར་བ་བསྣན་རྒྱུ་ཡིན།



མཉམ་སྤྱོད།
Loading...