དེ་རིང་ནི2025ལོའི་ཟླ05པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས“5.19ཀྲུང་གོའི་གནས་སྐོར་ཉིན་མོའི”ཐང་ཆེན་རིག་གནས་བྱེད་སྒོའི་མགོ་རྩོམ་མཛད་སྒོ་བསྡུས།

2025-05-20 16:25:28   |   258

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་། 


  ཟླ5པའི་ཚེས19ཉིན་ཏེ། “5.19ཀྲུང་གོའི་གནས་སྐོར་ཉིན་མོའི”སྐབས། མདོ་ལ་རྫོང་ཐང་ཆེན་རིག་གནས་གཟའ་འཁོར་གྱི་བྱེད་སྒོའི་མགོ་རྩོམ་མཛད་སྒོ་མདོ་ལ་རྫོང་རིག་གནས་ཐང་ཆེན་དུ་གཉེར་བ་དང་། རྒྱ་ཆེའི་ལས་བྱེད་མང་ཚོགས་ལ་སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་ཀྱི་རྒྱས་སྟོན་དྲངས་ཏེ་མདོ་ལ་རྫོང་གི་ཐང་ཆེན་རིག་གནས་གཟའ་འཁོར་གྱི་བྱེད་སྒོའི་ཡོལ་བ་གསར་དུ་ཕྱེ།

རིག་གནས་གཟའ་འཁོར་སྐབས། “མདོ་ལའི་སྣ་མང་རིག་གནས་ཀྱི་མཛེས་པ་མཉམ་སྤྱོད་དང་མདོ་ལའི་ལྗང་མདོག་འཕེལ་རྒྱས་ཀྱི་ཕུགས་འདུན་མཉམ་སྐྲུན”བརྗོད་དོན་དུ་བཟུང་ཞིང་། སྣ་མང་ཕུན་སུམ་ཚོགས་པའི་རིག་གནས་བྱེད་སྒོར་བརྟེན་ནས་གྲོང་ཁྱེར་གྱི་རིག་གནས་འགུག་ཤུགས་མངོན་པ་དང་། རིག་གནས་བརྗེ་རེས་དང་མཉམ་འདྲེས་ལ་སྐུལ་འདེད་གཏོང་བ། མང་ཚོགས་ཀྱི་རིག་གནས་སྤུས་ཚད་དང་འཚོ་བའི་སྤུས་ཀ་མཐོར་འདེགས་སུ་གཏོང་བ། གྲོང་ཁྱེར་གྱི་རིག་གནས་བྱ་གཞག་དར་རྒྱས་གོང་འཕེལ་ཡོང་བར་སྐུལ་འདེད་གཏོང་བ་བཅས་དམིགས་ཡུལ་དུ་བཟུང་ཡོད། བཀོད་སྒྲིག་ལྟར་ན། ད་ལོར་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་སྣ་ཚོགས་ཐེངས17སྤེལ་རྩིས་ཡོད།

མགོ་རྩོམ་མཛད་སྒོའི་ཡུལ་དངོས་སུ། མི་ཚོགས་འཚིང་ཁ་ཤིག་ཤིག་ངང་འདུ་འཛིའི་ཡོ་ལང་རྣམ་པར་རྒྱས། ངོ་མཚར་བའི་རིག་རྩལ་འཁྲབ་སྟོན་གྱིས་རིག་གནས་གཟའ་འཁོར་གྱི་ཡོལ་བ་གསར་དུ་ཕྱེ། རིག་རྩལ་ཧྲག་བསྡུས་ཚོགས་པ་དང་དང་བླངས་མི་སྣས་ཡུལ་དངོས་ལྟད་མོ་བར་གླུ་གར་དང་ཞབས་བྲོ་སོགས་ངོ་མཚར་བའི་ལྟད་མོ་སྐྱེས་སུ་ཕུལ་ཅིང་། ཀུན་གྱི་ཐལ་མོའི་རྡེབ་སྒྲ་དང་བསྔགས་བརྗོད་མི་དམན་པ་ཐོབ། ལེ་ཚན་དག་གིས་ཀྲུང་ཧྭ་མི་རིགས་ཕུལ་བྱུང་སྲོལ་རྒྱུན་རིག་གནས་ཀྱི་འགུག་ཤུགས་ཁྱད་པར་བ་མངོན་པར་མ་ཟད། དེང་རབས་སྒྱུ་རྩལ་གྱི་གསར་གཏོད་དང་འཕེལ་རྒྱས་མཚོན་ཞིང་། མང་ཚོགས་ཀྱི་མདུན་སར་མིག་དང་རྣ་བའི་དགའ་སྟོན་རྒྱ་ཆེན་པོ་ཞིག་དྲངས།

ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་ཐང་ཆེན་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་རྒྱ་ཆེར་སྤེལ་བ་དང་། མདོ་ལ་རྫོང་གི་རིག་གནས་གནས་སྐོར་དང་དཔལ་འབྱོར་སྤྱི་ཚོགས་ཀྱི་རྒྱུན་མཐུད་འཕེལ་རྒྱས་ལ་སྐུལ་འདེད་ནུས་ལྡན་བཏང་། ཐང་ཆེན་རིག་གནས་གཟའ་འཁོར་གྱི་བྱེད་སྒོ་དེ་སྤྱི་ཚོགས་རིང་ལུགས་ཀྱི་རིན་ཐང་ལྟ་ཚུལ་མ་ལག་འཛུགས་སྐྲུན་ཁྲོད་རྣམ་པར་བཞད་པའི་མེ་ཏོག་གི་དྲི་བསུང་ལྟར་དུད་ཁྱིམ་ཀུན་ཏུ་ཁྱབ་ཅིང་། སྒོས་སུ་རིག་གནས་ཀྱི་དར་སྲོལ་གསར་བ་རྒྱུད་འཛིན་དང་འཆམ་མཐུན་སྤྱི་ཚོགས་འཛུགས་སྐྱོང་ཁྲོད་སྒུལ་ཆས་དང་འཐེན་ཤུགས་ཀྱི་བྱེད་ནུས་ཐོན་ཡོད་ལ། འདྲ་མཉམ་དང་རང་དབང་། དགའ་སྤྲོ། འཆམ་མཐུན་བཅས་ཀྱི་འཚོ་སྡོད་ཁོར་ཡུག་དང་སྤྱི་ཚོགས་རིག་གནས་ཀྱི་མཁའ་དབུགས་གསར་དུ་བསྐྲུན་པས། མདོ་ལ་རྫོང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ལས་ཞོར་རིག་གནས་འཚོ་བ་དང་གནས་སྐོར་རིག་གནས་ཀྱི་ནང་སྙིང་ཕུན་སུམ་ཚོགས་པར་བྱས་ལ། མདོ་ལ་རྫོང་གི་རིགས་སོ་སོའི་ལས་བྱེད་མང་ཚོགས་ཀྱི་ཧུར་བརྩོན་ཡར་ཐོན་གྱི་བསམ་བློའི་སྣང་བརྙན་ཕུན་སུམ་ཚོགས་པར་མངོན་ཞིང་། མདོ་ལའི་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཁྲོད་ཐོབ་པའི་འོད་སྟོང་འབར་བའི་གྲུབ་འབྲས་མངོན་པར་མཚོན་པ་དང་། མདོ་ལ་རྫོང་གི་ཏང་སྲོལ་སྲིད་གཙང་དང་མི་རིགས་མཐུན་སྒྲིལ་ཡར་ཐོན། བསམ་བློའི་རིག་གནས་འཛུགས་སྐྲུན་བཅས་ལ་སྐུལ་འདེད་བཏང་།



མཉམ་སྤྱོད།