དེ་རིང་ནི2025ལོའི་ཟླ06པའི་ཚེས25ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་མི་མེད་གནམ་གྲུའི་མཐོ་སྒང་ཕྱུགས་འཚོ་བའི་རིགས་ལམ་གསར་བ་བཏོན་པ།

2025-06-25 10:18:04   |   34

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལའི་ཕྱུགས་ར་ནི་མཚོ་སྔོན་གྱི་ཕྱུགས་ར་ཆེས་གལ་ཆེ་ཤས་ཡིན་ལ། རང་བྱུང་རྩྭ་སའི་རྒྱ་ཁྱོན་ལ་མུའུ་ཁྲི1679.29དང་། ཁྱིམ་ཚང་རེའི་རྩྭ་སའི་རྒྱ་ཁྱོན་ལ་མུའུ400ལྷག་དང་། ནོར་ལུག་གི་ད་ཡོད་ཕྱུགས་གྲངས་ཁྲི141.7ཡོད་དེ། ཕྱུགས་ར་ཁ་ཤས་རི་མཐོ་ལུང་ཟབ་པ་དང་རྩྭ་ས་ཁ་ཐོར་པས། འབྲོག་པས་ཕྱུགས་འཚོ་བར་མི་ཤུགས་དང་ནོར་ཤུགས་འབོར་ཆེན་གཏོང་དགོས་ལ། ཕྱུགས་རའི་དོ་དམ་གྱི་ལས་ཕྱོད་དང་འབྲོག་པའི་གསོ་སྤེལ་ཕན་འབྲས་ཅུང་དམའ་བ་ཡོད།

ཉེ་བའི་ལོ་ཤས་རིང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་མདོ་ལ་རྫོང་གིས་མཁའ་དབྱིངས་དམའ་བའི་དཔལ་འབྱོར་འཕེལ་རྒྱས་དུས་བབ་དང་བསྟུན་ཏེ། སྲིད་ཇུས་ཀྱིས་སྐུལ་འཐེན་དང་དཔེ་མཚོན་གྱིས་སྐུལ་ཁྲིད། ལག་རྩལ་གྱིས་སྐུལ་འདེད། ཞབས་ཞུས་སྐུལ་སྤེལ་ལ་བརྟེན་ནས། མི་མེད་གནམ་གྲུའི་ཕྱུགས་འཚོ་བའི་ལས་སྒོ་གསར་པ་ནུས་ཤུགས་ཡོད་རྒུས་འཕེལ་རྒྱས་བཏང་ཞིང་། མི་མེད་གནམ་གྲུར་བརྟེན་ནས་ནོར་ལུག་གི་གནས་གཏན་རྗེས་སྙེག་དང་ཕྱུགས་རིགས་ཀྱི་བདེ་ཐང་ལ་ལྟ་ཞིབ་ཚད་ལེན། སྤྱང་ཁྱུས་གློ་བུར་གྱི་འཇབ་རྒོལ་ལ་འགོག་སྲུང་། ཕྱུགས་འགོག་རྩྭ་སར་སྐོར་ཞིབ་སོགས་ཀྱི་བྱ་བ་ལེགས་པོར་འགྲུབ། མི་མེད་གནམ་གྲུ་འབྲོག་པའི་བློ་གྲོས་ཀྱི“འུར་ཆ”རུ་གྱུར་ལ། འབྲོག་པ་མང་པོ“ནོར་ལུག་གི་རྗེས་དེད་ནས་རྒྱུག་པའི”སྲོལ་རྒྱུན་གྱི་ཕྱུགས་འཚོ་བའི་རྣམ་པ་དང་གྱེས་ལ། མཁའ་དབྱིངས་དམའ་བའི་དཔལ་འབྱོར་གྱིས་མདོ་ལའི་གྲོང་གསེབ་དར་སྤེལ་ལའང་འགུལ་ནུས་གསར་པ་བསྣན་ཡོད།

མདོ་ལའི་ཞིང་ཕྱུགས་ལས་དེང་རབས་ཅན་དང་རིག་ནུས་ཅན་དུ་འགྱུར་བར་སྔར་བས་སྐུལ་འདེད་གཏོང་ཆེད། མདོ་ལ་རྫོང་གིས་མི་མེད་གནམ་གྲུ་གཙོ་བོར་བཟུང་ནས་བྱང་སྐར་གནས་གཏན་དང་། རིག་ནུས་ལྟ་སྐུལ་ཚོད་འཛིན། དངོས་སྦྲེལ་དྲ་བའི་འཐུང་ཆུ་སོགས་ཀྱི་རམ་འདེགས་བྱས་པའི་གཞི་གཅིག་ཏུ་གྱུར་པའི་བློ་གྲོས་ཕྱུགས་ར་སྐྲུན་པར་འཚོལ་ཞིབ་ཧུར་ཐག་བྱས། ཆབས་ཅིག་ཏུ། ཧུར་ཐག་གིས“བློ་གྲོས་ཕྱུགས་ར”ཁྱབ་གདལ་བཏང་ནས“མཉམ་སྦྲེལ་དྲ་ལམ+ཆེད་ལས་མཉམ་ལས་ཁང+དེང་རབས་ཅན་གྱི་ཕྱུགས་ལས”ཀྱི་འཕེལ་རྒྱས་རྣམ་པ་གསར་བ་སྐུལ་ཁྲིད་མངོན་འགྱུར་བྱུང་སྟེ། མདོ་ལའི“དྲ་ལམ་ཕྱུགས་ལས”འཕེལ་རྒྱས་གཏོང་བར་རྨང་གཞི་བརྟན་པོ་བཏང་བ། མིག་སྔའི་བར་དུ། མདོ་ལ་རྫོང་གིས་འབྲོག་པར་མི་མེད་གནམ་གྲུ་ཁྱབ་གདལ་དང་བེད་སྤྱོད། སྲུང་སྐྱོང་སོགས་ཀྱི་བྱེད་སྒོ་ཐེངས12སྤེལ་བ་དང་། རྫོང་ཡོངས་ཀྱི་འབྲོག་ཁྱིམ210ལྷག་གིས་ཏཱ་ཅང་གི་མི་མེད་གནམ་གྲུ་དང་གནས་གཏན་སྐེ་ཕྲེང་། གློག་རྡུལ་ལྟ་སྐུལ་ཚོད་འཛིན་སོགས་ཀྱི་སྒྲིག་ཆས་བེད་སྤྱོད་བྱས་ཤིང་། རིག་ནུས་ཕྱུགས་འཚོའི་མ་ལག་ལ་བརྟེན་ནས་ཕྱུགས་ཟོག་ཁྲི5ཙམ་ལ་དོ་དམ་བྱས། རིག་ནུས་ཀྱིས་ཕྱུགས་འཚོ་བར་ཕན་པས། འབྲོག་ཁྱིམ་གྱིས་ལོ་རེར་ཕྱུགས་འཚོ་བའི་དུས་ཚོད70%ཡན་གྲོན་ཆུང་བྱས་ནས་ཕྱུགས་འཚོ་བའི་མ་དངུལ་མ་མཐའ་ཡང་སྒོར་ཁྲི1གྲོན་ཆུང་བྱས་ཡོད།



མཉམ་སྤྱོད།