དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

དེང་རབས་ཅན་གྱི་ལུག་རས་འབྲོག་པའི་རེ་ལྟོས་གསར་པ་བཏེགས།

2025-06-26 11:23:53   |   52

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་རྫ་དམར་ཡུལ་ཚོ་ཆུ་བྱང་སྡེ་བའི་མཐོ་སྒང་གི་ཁོར་ཡུག་ཏུ། དེང་རབས་ཅན་གྱི་སྐྱེ་ཁམས་ཕྱུགས་ལས་རྟེན་གཞི་ཞིག་ལ་སྐྱེ་སྟོབས་ཀྱི་དཔལ་འབར་བཞིན་ཡོད། རྒྱ་ཁྱོན་མུའུ40ལྷག་ཙམ་ཟིན་པའི་རྟེན་གཞིའི་ཁྲོད། དངུལ་མདངས་བཀྲ་བའི་སྒྲིག་སྦྱོར་རྣམ་པའི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལུག་ར27གྲལ་བསྟར་དུ་ཆགས་ཡོད་པ་དང་། ཁོད་ཡངས་པའི་རྩྭ་གསོག་ཁང15དང་ཕན་ཚུན་ཆ་འགྲིག་ཏུ་གྲུབ་ལ། ཁོད་སྙོམས་པའི་ནང་ཁུལ་གྱི་བགྲོད་ལམ་དང་ཤར་རྒྱུག་ཐུབ་པའི་ཆུ་ཡུར་སོགས་རྨང་གཞིའི་སྒྲིག་བཀོད་འཐུས་སྒོ་ཇེ་ཚང་དུ་བཏང་ཡོད་དེ། འདི་ནི་ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྐྱོར་མ་དངུལ་སྒོར་ཁྲི1000བཏང་ནས་བསྐྲུན་པའི་སྐྱེ་ཁམས་ཕྱུགས་ལས་གཅིག་བསྡུས་གཞི་ཁྱོན་ཅན་གྱི་གསོ་ཚགས་རྟེན་གཞི་ཞིག་ཡིན་པ་དང་། 2023ལོའི་ལོ་མཇུག་ལ་བདེ་བླག་ངང་གྲུབ།

ཧྲན་ཏུང་ཞིང་ཆེན་གྱིས་མཚོ་སྔོན་ཞིང་ཆེན་གྱི“ལོ་ལྔ་ཚན་བཅུ་བཞི་བའི”འཆར་འགོད་ལ་ཁ་གཏད་རོགས་སྐྱོར་བྱེད་པའི་གཙོ་གནད་ལས་གཞི་ཞིག་ཡིན་པའི་ངོས་ནས། ལས་གཞི་འདིས་སྲོལ་རྒྱུན་གྱི་ཁ་ཐོར་གསོ་ཚགས་བྱེད་སྟངས་ལ་རྦད་དེ་འགྱུར་ལྡོག་བཏང་ནས་བོད་ལུག་གསོ་ཚགས་ཀྱི“ཅན་ལྔའི”ཚད་གཞི་མངོན་འགྱུར་བྱུང་བ་སྟེ། ཕྱུགས་རིགས་རྒྱུད་བཟང་ཅན་དང་། གསོ་ཚགས་སྒྲིག་ཆས་ཅན། ཐོན་སྐྱེད་ཚད་ལྡན་ཅན། རིམས་འགོག་ལམ་ལུགས་ཅན། ལྕི་བ་གནོད་མེད་ཅན་བཅས་སུ་བསྒྱུར་ནས། མཐོ་སྒང་ཕྱུགས་ལས་དེང་རབས་ཅན་དང་ཚད་ལྡན་ཅན་གྱི་ཚད་གཞི་གསར་པ་བཏོད་ཡོད།

མཚོ་སྔོན་དང་ཧྲན་ཏུང་ཞིང་ཆེན་གཉིས་ཀྱི་བརྩེ་སེམས་ཟབ་མོ་གཅིག་ཏུ་འདུས་པའི་དེང་རབས་ཅན་གྱི་ཕྱུགས་ར་འདི་ཆུ་བྱང་སྡེ་བ་སྟོབས་ལྡན་དང་མི་དམངས་ཕྱུག་འགྱུར་ཡོང་བའི་རྒྱབ་རྟེན་བརྟན་པོ་ཞིག་ཏུ་འགྱུར་བཞིན་ཡོད། དྲོད་ཁང་གསར་རྐྱང་དག་གིས་བོད་ལུག་གི་འཚོ་འཚིས་ལ་སྔར་བས་བདེ་ལྷོད་དང་བདེ་ཐང་གི་འཚར་ལོངས་ཁོར་ཡུག་ཅིག་མཁོ་འདོན་བྱས་པར་མ་ཟད། འབྲོག་པ་ཚོས་འབབ་འཕར་ཕྱུག་འགྱུར་ལ་བཅིངས་པའི་རེ་ལྟོས་དྲག་པོ་བསྣམས་ཡོད། ལས་གཞི་ལེགས་འགྲུབ་དང་བེད་སྤྱོད་བཏང་བ་དེས་སྡེ་བའི་མཉམ་སྡེབ་དཔལ་འབྱོར་ལ་གསོན་ཤུགས་འཕར་བར་གྱུར་ལ། སྡེ་དམངས་ཀྱི་ཡོང་འབབ་མངོན་གསལ་དོད་པོས་མཐོ་རུ་ཕྱིན་ནས། ཧྲན་ཏུང་གིས་རོགས་སྐྲུན་བྱས་པའི་བརྩེ་སེམས་ཟབ་མོ་དེ་མདོ་ལ་རིང་མོའི་རི་འདབས་སུ་འབྲོག་པའི་བདེ་སྐྱིད་འཚོ་བའི་མིག་མཐོང་ལག་ཟིན་གྱི་སྣང་བརྙན་དུ་གྲུབ།



མཉམ་སྤྱོད།