དེ་རིང་ནི2025ལོའི་ཟླ06པའི་ཚེས26ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

​མདོ་ལ་རྫོང་གིས་ན་གཞོན་ལས་བྱེད་པའི་འཚར་ལོངས་ལ་རམ་འདེགས་བྱས་པ།

2025-06-26 11:32:27   |   26

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


 ཉེ་བའི་ལོ་ཤས་རིང་། མདོ་ལ་རྫོང་གིས་གཞི་རིམ་འཐབ་ས་དང་པོ་དེ་ལས་བྱེད་པ་གསོ་སྐྱོང་བྱེད་པའི་གཡུལ་ས་གཙོ་བོ་རུ་མཐའ་འཁྱོངས་བྱས་ཏེ། ལས་བྱེད་པ་འདེམས་སྒྲུག་བྱེད་པའི་ཐབས་ལམ་གཙོ་བོར་བརྩིས་ནས་འཐབ་ས་དང་པོའི་ན་གཞོན་ལས་བྱེད་པ་གསོ་སྐྱོང་དང་འདེམས་སྒྲུག་བྱེད་པའི་འབྲེལ་ཐག་ཧྲིལ་པོའི་ལམ་སྲོལ་འཚོལ་ཞིབ་སྒོས་ཆགས་པར་བྱས་ལ། དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་ཆེད་རྩ་འཛུགས་ཀྱི་འགན་ལེན་བརྟན་པོ་བྱས་ཡོད།

ཚད་གཞི་མངོན་གསལ་དོད་པའི་གདམ་གསེས་བྱས་ཏེ་ན་གཞོན་ལས་བྱེད་པའི་འབྱུང་རྩའི་ཆུ་རྒྱུན་ལེགས་པར་གསོས་པ། ཆབ་སྲིད་ཀྱི་ཚད་གཞི་དེ་ན་གཞོན་ལས་བྱེད་པར་རྟོག་ཞིབ་དང་དབྱེ་འབྱེད་བྱེད་པའི་ཚད་གཞི་དང་པོར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། སྔར་ལས་མཐོང་རྒྱ་ཆེ་བ་དང་བྱེད་ཐབས་སྔར་ལས་དངོས་འབེབས། ཤུགས་ཚད་སྔར་ལས་ཆེ་བ་བཅས་ཀྱི་ཐོག་ནས་ན་གཞོན་ལས་བྱེད་པ་ཤེས་རྟོགས་དང་གྲབས་གསོག་བྱས། འདེམས་སྐོང་སློབ་མ་དང་གཞུང་ཞབས་པ་བསྡུ་ལེན་བྱ་རྒྱུ་དེ་ན་གཞོན་ལས་བྱེད་པའི་དཔུང་ཁག་གི་གྲུབ་ཚུལ་རང་བཞིན་གྱི་གནད་དོན་ཐག་གཅོད་བྱེད་པའི་འབྱུང་རྩའི་ལས་གྲྭར་བརྩི་རྒྱུ་མཐའ་འཁྱོངས་བྱས་ཏེ། དགོས་མཁོ་ཆེ་ཞིང་འཇོན་མི་དཀོན་པའི་ལས་གནས་སུ་ཡོངས་བསྒྲགས་རྒྱུགས་ལེན་དང་འཇོན་མི་ནང་འདྲེན་བྱེད་ཤུགས་ཆེ་རུ་བཏང་ལ། ཕུལ་བྱུང་འཇོན་མི་དུས་ཐོག་ཏུ་གཞི་རིམ་ལས་བྱེད་པའི་དཔུང་ཁག་ཁྲོད་བསྡུ་ལེན་བྱས། ཉེ་བའི་ལོ་གཉིས་རིང་སྔ་རྗེས་སུ་འདེམས་སྐོང་སློབ་མ22དང་གཞུང་ཞབས་པ107བསྡུས་པའི་ཁྲོད། འདེམས་སྐོང་སློབ་མ་ཆ་ཚང་སྡེ་བ་རིམ་པར་ལས་ཐོག་སྦྱོང་བརྡར་བྱེད་པར་བཀོད་སྒྲིག་བྱས་པ་དང་། ཡུལ་གྲོང་དུ་གཞུང་ཞབས་པ་བསྡུས་པའི་བསྡུར་གྲངས་ཀྱིས62%ཟིན་ཡོད། ཁག་རིམ་པའི་ན་གཞོན་ལས་བྱེད་པ་བཀོད་སྒྲིག་བྱས་ཚུལ་ལ་འགུལ་རྣམ་སྟངས་འཛིན་དང་དབྱེ་ཞིབ་བྱ་རྒྱུར་དོ་སྣང་བྱས་ཏེ། བྱ་གཞག་འཕེལ་རྒྱས་ཐད་དགོས་མཁོ་ལྡན་པའི་ན་གཞོན་ལས་བྱེད་པ་བརྒྱུད་རིམ་ལྡན་པའི་སྒོ་ནས་འཆར་འགོད་གསར་སྤེལ་བྱས། ན་གཞོན་ལས་བྱེད་པ་ཕུལ་བྱུང་འོས་སྦྱོར་རྒྱུན་རྣམ་ཅན་དུ་བྱས་ཏེ་སྔ་རྗེས་སུ་ཡུལ་གྲོང་དང་རྫོང་ཐད་གཏོགས་སྡེ་ཚན། ལས་ཁུངས་བཅས་སུ་བསྐོ་སྤྱོད་མ་བྱས་པའི་ཕུལ་བྱུང་མི་སྣ་འོས་སྦྱོར་རྟོག་ཞིབ་ཐེངས20ལྷག་ཙམ་སྤེལ་བ་དང་། ད་ལོར་རྫོང་ཨུའི་རྒྱུན་ལས་ཨུ་ལྷན་གྱིས་ཁྱོན་བསྡོམས་ལས་བྱེད་པ74གནས་སྤོར་བེད་སྤྱོད་བྱས་པའི་ཁྲོད་ན་གཞོན་ལས་བྱེད་པས16%ཟིན་ཡོད། འཇོན་ཐང་དང་གབ་ཤུགས་ལྡན་པ། ངར་ཤུགས་ལྡན་པ་བཅས་ཀྱི་ན་གཞོན་ལས་བྱེད་པ་ཁག་ཅིག་འབུར་དུ་བཏོད་ནས་གྲོང་གསེབ་དར་སྤེལ་དང་ཡུལ་གྲོང་སྐབས་བརྗེའི་ཐད་ལ“ཁྲག་རྒྱུན་གསར་པ”རྒྱུན་མཐུད་དུ་དྲངས་ཡོད། བསྡུར་བ་ཡང་ཡང་དང་ཞིབ་འབྱེད་གདམ་གསེས། རྗེས་སྙེག་རྒྱུས་ལོན། འགུལ་རྣམ་ཞིབ་འཇུག་དང་བརྡར་ཤ་གཅོད་ཤུགས་ཆེ་རུ་གཏོང་བ་བཅས་མཐའ་འཁྱོངས་བྱས་ཏེ། ན་གཞོན་ལས་བྱེད་པ་ཕུལ་བྱུང་གསར་རྙེད་དང་ཁ་གསབ་བྱ་རྒྱུར་དོ་སྣང་བྱས་ཤིང་། ཆ་རྐྱེན་དང་མི་མཐུན་པ་དག་ཐེར་བྱ་རྒྱུར་ཡང་དོ་སྣང་བྱས་ཡོད། ད་ལོའི་ཚུན་དུ། ལས་བྱེད་པ8དུས་ཐོག་ཏུ་ལེགས་སྒྲིག་བྱས་ནས་ན་གཞོན་ལས་བྱེད་པའི་དཔུང་ཁག་ལ“གསོན་ཤུགས་ལྡན་པ”ཐོག་མཐའ་བར་གསུམ་དུ་རྒྱུན་འཁྱོངས་བྱས་ཡོད།

ན་གཞོན་ལས་བྱེད་པ་བརྒྱ“གསོ་སྐྱོང”ཞིབ་ཚགས་ངང་སྦྱོང་བརྡར་བྱས་ཏེ་ངར་ཤུགས་ལྡུད་པར་སྐུལ་འདེད་བཏང་བ། ན་གཞོན་ལས་བྱེད་པས་གཞི་རིམ་གྱི་འཐབ་ས་དང་པོའི་ཆར་རླུང་ཁྲོད་དད་མོས་སྦྱོང་བརྡར་དང་ནུས་པ་མཐོར་འདེགས། སྤྱོད་ཚུལ་སྦྱོང་བརྡར་བཅས་བྱེད་པར་སློབ་གསོ་དང་ཁྲིད་སྟོན་བྱས། “གཏན་འབེབས་དོན་ཚན་བརྒྱད”ཀྱི་བརྗོད་དོན་གཙོ་བོའི་སློབ་གསོའི་བྱེད་སྒོ་སྤེལ་རྒྱུ་དམ་འཛིན་སྒོས། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་གཞི་རིམ་ན་གཞོན་ལས་བྱེད་པའི་བསམ་བློར་དྲག་ཆས་སྤྲས་རྒྱུར་མཐོང་ཆེན་བྱས་ཤིང་།“མདོ་ལའི་གདོང་ལེན་པ”དང“མདོ་ལའི་སྨྱན་སྦྱོར”སོགས་སྤྱི་སྟེགས་བཏོད་དེ་ན་གཞོན་ལས་བྱེད་པས་བལྟ་འདོད་ཅིང་ཉན་སྤྲོ་བའི་རྣམ་པའི་ཐོག་ནས་སློབ་སྦྱོང་གི་ཕན་འབྲས་གོང་དུ་སྤེལ། ཏང་གཤིས་སློབ་གསོ་དང་བསམ་བློའི་ལེགས་བཅོས་ལ་ཤུགས་སྣོན་བརྒྱབ་སྟེ་ཕུལ་བྱུང་ན་གཞོན་ལས་བྱེད་པ་སྒྲིག་འཛུགས་ངང་རྫོང་ཡོངས་ཀྱི་གསར་བརྗེའི་ཞིབ་སློབ་རྟེན་གཞི་སོགས་ས་གནས་ས་ཐོག་གི་སློབ་ཁྲིད་ས་ཚིགས་སུ་སློབ་ཁྲིད་ཐེངས18སྤེལ་བ་དང་། ན་གཞོན་ལས་བྱེད་པས་གསར་བརྗེའི་སློབ་གསོའི་ཁྲོད་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་ངེས་པ་དང་ཕུགས་བསམ་དང་དད་མོས་སྲ་བརྟན་དུ་གཏོང་བར་ཁྲིད་སྟོན་བྱས་ཡོད། འཐབ་ས་དང་པོའི་ན་གཞོན་ལས་བྱེད་པའི་ཉམས་མྱོང་གི་གྲིབ་ཆ་དང་ཤེས་བྱའི་ཞན་ཆ། ནུས་པའི་ཞན་ཆ་བཅས་ལ་དམིགས་ནས་གཞི་རིམ་ཏང་འཛུགས་སྐྱོང་དང་ཁག་རིམ་པའི་འགོ་ཁྲིད་ཟབ་སྦྱོང་འཛིན་གྲྭ་སོགས་ཆེད་དོན་གསོ་སྦྱོང་སྣ་ཚོགས་གནད་དུ་འཁེལ་བར་བྱས་ལ། ཁྱོན་མི་ཐེངས3000ལྷག་ཙམ་ལ་གསོ་སྦྱོང་བྱས་ཏེ“ཆེད་ལས་གཅིག་དང་ནུས་པ་མང་བའི”ཤེས་བྱའི་གྲུབ་ཆ་དང་ནུས་པའི་བྱང་ཚད་མགྱོགས་མྱུར་ངང་ཆགས་པར་རམ་འདེགས་བྱས་ཡོད།

ཕྱོགས་བསྡུས་དོ་དམ་ངང“ལས་སྤྱོད”བྱས་ཏེ་ན་གཞོན་ལས་བྱེད་པས་འགན་འཁྲི་འཁུར་ཕོད་པ་དང་བྱས་རྗེས་འཇོག་པར་སྐུལ་ལྕག་བཏང་བ། རྟོག་ཞིབ་དབྱེ་འབྱེད་ཀྱི“སོ་བ”དེ་འཐབ་ས་དང་པོའི་མདུན་གྲལ་དུ་སྣུར་སྲིང་བྱ་རྒྱུ་མཐའ་འཁྱོངས་དང་། ན་གཞོན་ལས་བྱེད་པའི་ཁྱད་ཆོས་ལ་དམིགས་པ། དམིགས་འབེན་ལ་རྟོག་ཞིབ་དང་གནད་འཁེལ་དབྱེ་འབྱེད་ཀྱི་ལམ་ལུགས་དང་ལམ་སྲོལ་འཐུས་ཚང་དུ་གཏོང་བ། ན་གཞོན་ལས་བྱེད་པའི་རྗེས་སྙེག་ལྟ་སྐུལ་དོ་དམ་ཧུར་ཐག་ངང་སྤེལ་བ། རྒྱུན་ལྡན་དབྱེ་འབྱེད་དང་འགན་འཁུར་སྔོན་གྱི་རྟོག་ཞིབ། ལོ་འཁོར་དཔྱད་ཞིབ་བཅས་ཟུང་འབྲེལ་དམ་ཟབ་བྱས་ཡོད།“དབྱེ་འབྱེད་གསུམ”གྱི་བླང་བྱར་ནན་ཏན་དུ་གཞིགས་ནས་ཆད་པ་ཕོག་པའི་ལས་བྱེད་པ་ལུགས་མཐུན་བེད་སྤྱོད་ངང་འགན་འཁུར་མཁན་གྱི་སླད་དུ་འགན་འཁུར་བ་དང་། ཁུར་དུ་ལེན་མཁན་གྱི་སླད་དུ་ཁུར་དུ་ལེན་པ་དོན་འཁྱོལ་བྱས། གཞུང་ཞབས་པ་དང་བྱ་ལས་སྡེ་ཚན་གྱི་མི་སྣའི་གོ་གནས་རིམ་སྤོར་སྲིད་ཇུས་ཀྱི་གོ་སྐབས་བེད་སྤྱོད་གང་ལེགས་བྱས་ཏེ། ལོ་ན་ཅུང་ཆེ་བ་དང་ནུས་པ་འདོན་སྤེལ་མངོན་གསལ་མིན་པའི་ལས་བྱེད་པ་རིམ་བཞིན་མགོ་ཁྲིད་ཀྱི་ལས་གནས་ནས་ཕྱིར་འཐེན་བྱེད་དུ་བཅུག་ལ། ན་གཞོན་བྱས་རྗེས་ཅན་དང་ཁུར་སེམས་ཅན་ལ་ལས་གནས་སྤྲོད་པ་དང་ལས་སྟེགས་འདོན་སྤྲོད་བྱེད་པ་བཅས། ལས་བྱེད་པའི་ལས་ཀའི་ཧུར་སེམས་སྐུལ་སློང་བྱས། དུས་མཚུངས་སུ། ཡིག་སྐུར་ངོ་བཅར་གྱི་ཐེར་འདོན་དང་ཕྱོགས་བསྡུས་གྲུབ་འབྲས་དཔྱད་ཞིབ་སོགས་དང་ཟུང་འབྲེལ་བྱས་ཏེ། ཕྱོགས་ཡོངས་དང་ལངས་གཟུགས་ཅན། ལེབ་སྦྲེལ་ཅན་བཅས་ཀྱི་སྒོ་ནས་ལས་བྱེད་པར་ཞིབ་འཇུག་དང་དབྱེ་ཞིབ་བྱས་པས། ཕུལ་བྱུང་ན་གཞོན་ལས་བྱེད་པ་འདེམས་སྒྲུག་དང་བཀོལ་སྤྱོད་བྱས།



མཉམ་སྤྱོད།