དེ་རིང་ནི2025ལོའི་ཟླ12པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་བྱང་ཁུལ་མདོ་ལ་རྫོང་གིས་གཞིས་ཁུལ་རྙིང་བའི“རྣམ་པ་གསར་བསྒྱུར”བྱས་ནས་དམངས་ཚིས་བདེ་སྐྱིད་ལ“སླར་ཡང་རིམ་སྤོར”བྱུང་།

2025-12-17 16:05:02   |   33

རྩོམ་སྒྲིག ཁོན་ཐར་ཚེ་རིང་། ཡོང་ཁུངས། མདོ་ལ་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


“མི་དམངས་ལྟེ་བར་འཛིན་པའི”འཕེལ་རྒྱས་བསམ་བློ་ལག་ལེན་གཏིང་ཟབ་ཏུ་གཏོང་བ་དང་གྲོང་ཁྱེར་གསར་སྒྱུར་བྱ་སྤྱོད་ལ་སྐུལ་འདེད་ཏན་ཏིག་གཏོང་ཆེད། མདོ་ལ་རྫོང་གིས་གཞིས་ཁུལ་རྙིང་པའི་རྨང་གཞིའི་སྒྲིག་བཀོད་རྙིང་པ་སོགས་མང་ཚོགས་ཀྱི“བྲེལ་དཀའ་ཁྲལ་སྒུག”གནད་དོན་ལ་དམིགས་ནས། “རྒྱན་སྤྲོས”ལས་གཞི་དེ་གཞི་འཛིན་སར་བྱས་ཏེ། ཐོག་ཁང་གི་ཕྱིའི་རྣམ་པ་ཇེ་ལེགས་སུ་གཏོང་བ་དང་རྨང་གཞིའི་ནུས་པ་འཐུས་ཚང་དུ་གཏོང་བར་གཅིག་གྱུར་གྱིས་སྐུལ་འདེད་བཏང་ལ། གཞིས་ཁུལ་རྙིང་པ་དེ“བདེ་སྡོད་”ནས“སྡོད་འཚམ་པའི”བར་གྱི་བདེ་སྐྱིད་ལྡན་པའི་འགྱུར་བ་མངོན་འགྱུར་བྱས་ཏེ། “ལྷ་ཁམས་མདོ་ལ”སྔར་ལས་མཛེས་སྡུག་དང་དྲོད་སྐྱིད་ལྡན་པར་བཏང་།

མཐོ་རིམ་གཅིག་གྱུར་འཆར་འགོད་བཏང་ནས་གནད་འཕིགས་ཇུས་འདོན་གྱི་ཁ་ཕྱོགས་གཏན་འཁེལ་བྱས། གཞིས་ཁུལ་རྙིང་བའི“རྒྱན་སྤྲོས”ལས་གཞི་དེ་དམངས་ཚིས་གཙོ་གནད་རྣམ་གྲངས་ཀྱི་གྲས་སུ་བཞག་སྟེ། “རྫོང་ཨུས་གཅིག་གྱུར་འགོ་ཁྲིད་དང་ཏང་སྲིད་ཀྱིས་ཁུར་མཉམ་ལེན་དང་དོན་སྤྱི་སྒྲུབ། སྡེ་ཁག་སོ་སོས་རང་འགན་རང་འཁུར། སྤྱི་ཚོགས་ཡོངས་མཉམ་དུ་ཟབ་ཞུགས་བྱེད་པའི”ལས་ཀའི་རྣམ་པ་ཞིག་བཏོད་དེ། “རྫོང་རིམ་པའི་འགོ་ཁྲིད་ཀྱིས་ཁྲོམ་གཞུང་འགན་གཙང་ལེན་དང་སྡེ་བ་སྦྲེལ་མཐུད་བྱེད་པ་དང་། རྫོང་ཐད་གཏོགས་ལས་ཁུངས་ཀྱིས་གཞིས་ཁུལ་དང་གནས་སྦྲེལ་བྱེད་པ། ཡུལ་ཚོ་དང་གྲོང་རྡལ་འགོ་ཁྲིད་ཀྱིས་དྲ་སྦྲེལ”བཅས་ཀྱི་ལམ་སྲོལ་ཁྱབ་གདལ་བཏང་། “གཞིས་ཁུལ་གཅིག་ལ་ཐབས་ཇུས་གཅིག”དང“ཐོག་ཁང་གཅིག་ལ་ཐབས་ཇུས་གཅིག”གི་རྩ་དོན་མཐའ་འཁྱོངས་བྱས་ཏེ། ལས་དོན་ཆེད་དོན་འཛིན་གྲྭ་བཙུགས་ནས་དམིགས་འབེན་གཞིས་ཁུལ11ལ་བསྐྱོད་པ་དང་། འདྲི་ཤོག་བརྟག་དཔྱད་དང་བཞུགས་མོལ་བཅར་འདྲི་སོགས་ཀྱི་བྱ་ཐབས་བརྒྱུད་དེ་སྡོད་དམངས་ཁྱིམ་ཚང2752ཀྱི་རེ་འདུན་ཕྱོགས་ཡོངས་ནས་མཐིལ་རྟོགས་གྲལ་བཤེར་བྱས་པ་དང་། ཕྱིའི་གྱང་ལ་ཆག་སྐྱོན་བྱུང་བ་དང་ཁང་ངོས་ལས་ཆུ་འཛག་པ། མདོང་ལམ་རྙོག་འཛིང་ཆེ་བ་སོགས་ལྟེ་བའི་གནད་དོན་ལ་དམིགས་ནས་བསྒྱུར་བཀོད་ཇུས་གཞི་གཏན་འཁེལ་བྱས། ཕྱི་གྱང་གསར་བསྒྱུར་དང་དྲོད་སྲུང་སྣོན་བསྒྲིག སྡེ་ཚན་གྱི་སྒོ་བརྗེ་བ། མདོང་ལམ་སྙོམས་སྒྲིག་སོགས་གཙོ་གནད་ལས་འགན་ཁ་གསལ་བྱས་ཏེ། བསྒྱུར་བཀོད་ཀྱིས་དམངས་ཚིས་དགོས་མཁོ་གནད་ལ་འཁེལ་བའི་མཐུན་སྦྱོར་ཡོང་བར་ཁག་ཐེག་བྱས་ཡོད། 

ཤུགས་མང་བཏོན་ནས་བཟོ་རྩལ་བསྒྱུར་བཀོད་བྱས་ཏེ་སྤུས་ཚད་མཐོར་འདེགས་བཏང་། རྫོང་ཡོངས་ཀྱི་གོང་འོག་ཚང་མས“ཕྱི”དང“ནང”དུས་མཉམ་དུ་རིམ་སྤོར་ལ་དོ་ཁུར་བྱས་ཏེ་ཕྱིའི་རྣམ་པ་ཇེ་ལེགས་སུ་གཏོང་རྒྱུ་དང་ནུས་པ་འཐུས་ཚང་དུ་གཏོང་རྒྱུར་ལྟ་རྟོག་བྱེད་ཀྱི་ཡོད། “ཕྱིའི་རྣམ་པའི”ཐད། ཁོར་ཡུག་སྲུང་སྐྱོང་སྤྱོད་ཤན་ཆེ་བའི་རྡོ་རྩི་ངོ་མའི་བཟོ་རྩལ་སྤྱད་དེ་ཐོག་ཁང་གི་ངོས་ཚང་མ་གཅིག་གྱུར་གྱིས་གསར་བརྗེས་བྱས་པ་དང་། མདོ་ལའི་ས་ཁོངས་ཀྱི་རྣམ་པ་དང་མཐུན་སྦྱོར་གྱི་ཚོན་མདོག་ཇུས་གཞི་སྡེབ་སྒྲིག་བྱས་ཏེ། རི་མོ་གང་བྱུང་དུ་འབྲི་བ་དང་ཕྱི་འགེལ་ལྕགས་སྐུད་སོགས་ལེགས་བཅོས་བྱས་ཏེ། ཐོག་ཁང་རྙིང་པར་རྣམ་པ་གསར་བ་ཞིག་མངོན་དུ་བཅུག “ནངགི་བཟོ་སྐྲུན”ཐད། སྨི་ངོས་གྲུ་བཞི་མ་ཁྲི1.91ཡི་ཁང་ངོས་ཀྱི་ཆུ་འགོག་སྒྱུར་བཀོད་ལེགས་གྲུབ་བྱས་ཏེ། ཐོག་ཁང་སྟེང་གི་འཛག་པའི་དཀའ་གནད་རྩ་བ་ནས་ཐག་གཅོད་བྱས་ཡོད་ལ། དེ་དང་ཆབས་ཅིག་རྨང་གཞིའི་ལེ་ལག་ཚང་བའི་རིམ་སྤོར་ལ་དུས་མཉམ་དུ་སྐུལ་འདེད་བཏང་སྟེ། སྣུམ་སྙིགས་ལམ་ངོས་སྨི་ཁྲི6.89བཏིང་ཞིང་། རླངས་འཁོར་འཇོག་ས1489དང་གློག་གསོག་ཕུར་པ54གསར་དུ་བསྣན་པ་དང་། ལྟ་སྐུལ་ཚོད་འཛིན་ཆ185དང་ཉི་ནུས་ལམ་སྒྲོན་ཆ222སྒྲིག་སྦྱོར་བྱས། ཆུ་དང་གློག་གི་མདོང་ལམ་དྲ་བ་སྨི་སྟོང3ཉམས་གསོ་སྒྱུར་བཀོད་བྱས་ནས་གཞིས་ཁུལ་གྱི་ནུས་པའི་ཞན་ཆ་ཁ་གསབ་བྱས་ཡོད། ཨར་ལས་བྱེད་པའི་བརྒྱུད་རིམ་ཁྲོད“ཁང་ཚོགས”ཀྱི་མཉམ་འགུལ་ལྟ་སྐུལ་བྱེད་སྟངས་གསར་གཏོད་བྱས་ནས། སྡོད་དམངས་འཐུས་མི་ལྟ་སྐུལ་པའི་འགན་འཁུར་རྒྱུར་གདན་དྲངས་ཏེ་སྤུས་ཚད་དོ་དམ་ཚོད་འཛིན་དང་ལས་མཇུག་འགྲིལ་ནས་ཞིབ་བཤེར་རྩིས་ལེན་བྱེད་པའི་བརྒྱུད་རིམ་ཧྲིལ་པོར་ཞུགས་ནས་ལས་གྲྭའི་སྤུས་ཚད་ཡག་པོ་ཡོང་བའི་འགན་ལེན་བྱས་ཡོད།

ཕན་འབྲས་མངོན་གསལ་དོད་པ་བྱུང་ནས་དམངས་ཚིས་བདེ་སྐྱིད་ཀྱིས་མི་སེམས་ལ་དྲོ་སྐྱིད་སྦྱིན། མིག་སྔའི་བར་མདོ་ལ་རྫོང་གི་གཞིས་ཁུལ་རྙིང་པའི“རྒྱན་སྤྲོས”ལས་གཞི་ལ་གཏན་འཁེལ་བྱས་པའི་སྒྱུར་བཀོད་ལས་འགན་ཕྱོགས་ཡོངས་ནས་ལེགས་འགྲུབ་བྱུང་བ་དང་། གཞིས་ཁུལ་རྙིང་པ11གི“མཛེས་ཚུགས”དང་“ནང་དོན་”གཉིས་ཀ་མཐོ་རུ་ཕྱིན་ཡོད། སྒྱུར་བཀོད་བྱས་རྗེས་གཞིས་ཁུལ་ལ“ལམ་ངོས་སྙོམས་པ་དང་སྦུག་དྲ་ཤར་གཏོང་། གློག་སྒྲོན་གསལ་བ། བདེ་འཇགས་སྲུང་སྐྱོང”བཅས་མངོན་འགྱུར་བྱུང་བ་མ་ཟད། ད་དུང་སྐྱེ་ཁམས་འདུ་ཤེས་དང་དམངས་ཕན་ཇུས་འགོད་མཉམ་འདྲེས་བྱས་པ་བརྒྱུད་དེ་སྡོད་དམངས་ཀྱི“སྒེའུ་ཁུང་ཕྱེ་ནས་སྔོ་ལྗང་མཐོང་ཐུབ་པ་དང་། ཕྱིར་སྐྱོད་ན་་སྐྱིད་སྣང་ལྡན”པར་བྱས་ཡོད། གོམ་སྟབས་རྗེས་མར་མདོ་ལ་རྫོང་གིས་དམངས་ཚིས་ལེགས་སུ་གཏོང་རྒྱུ་ཕྱོགས་སྟོན་དུ་འཛིན་རྒྱུ་མཐའ་འཁྱོངས་བྱས་ཏེ། “ཕྱི”ནས“ནང”བར་དང“སྲ་ཆས”ནས“སྙི་ཆས”བར་དུ་སྤུས་མཐོས་གཞིས་ཁུལ་ཆུང་བ་དང་རྙིང་པའི“རྣམ་པ་རྙིང་པ་གསར་པར་བརྗེ་རྒྱུ”སྐུལ་འདེད་བཏང་སྟེ། དམངས་ཚིས“ལས་གཞི་ཆུང་བ”ལས་མང་ཚོགས་ཀྱི“བདེ་སྐྱིད་ཆེན་པོ”བསྐྲུན། མང་ཚོགས་ཀྱི་ཐོབ་ཚོར་ཇེ་ལེགས་དང་བདེ་སྐྱིད་ཚོར་སེམས་སྔར་ལས་རྒྱུན་མཐུད། བདེ་འཇགས་ཀྱི་ཚོར་སྣང་སྔར་ལས་འགན་སྲུང་ལྡན་པ་བཅས་བྱས་ཏེ། དངོས་སྒྲུབ་འགན་ལེན་གྱིས“ལོ་ལྔའི་འཆར་འགོད་བཅོ་ལྔ་པའི”དམངས་ཚིས་བདེ་སྐྱིད་ཀྱི་རྒྱུགས་ལན་གསར་པ་འབྲི་དགོས།



མཉམ་སྤྱོད།