དེ་རིང་ནི2025ལོའི་ཟླ12པའི་ཚེས10ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

གཞུང་ལམ9པའི་སྒར་ཆེན་གྱི་རིག་གནས་གསང་བ་འཚོལ་བ་ནས་མདོ་ལའི་དགུན་སྐོར་གྱི་མགོ་བརྩམས་པ།

2025-12-10 16:49:45   |   31

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


དགུན་གྱི་མདོ་ལའི་གངས་རི་ནི་རྔམ་ཞིང་བརྗིད་ལ་རྩྭ་ཐང་གི་མུ་ཁ་བས་གཡོགས་འདུག མདོ་ལ་རྫོང་དགུན་དུས་གནས་སྐོར་མགོ་རྩོམ་འཛད་སྒོ་དང་མདོ་ལ་རིང་མོའི་གངས་འཁྱགས་དུས་ཚིགས་ཀྱི་སྨྱན་བྱད་བསྐྱོད་པའི་བྱེད་སྒོ་ཚ་འུར་གྱི་ཁོར་ཡུག་ཁྲོད་ཡོངས་སུ་མགོ་བརྩམས། རྒྱལ་ཡོངས་ཀྱི་ས་ཆ་སོ་སོ་ནས་ཡོང་བའི་གནས་སྐོར་བ་དང་སྨྱན་བྱད། ས་གནས་མང་ཚོགས་བཅས་མཐོ་སྒང་གི་གནས་ཡུལ་འདི་རུ་འཛོམས་ཤིང་། ཡུལ་ལྗོངས་ལྟ་ན་སྡུག་པའི་གཞུང་ལམ9པ་བརྒྱུད་དེ་ལོ་རྒྱུས་རྒྱུན་རིང་བའི་གནའ་མཁར་མཁར་དམར་ལ་མྱུལ་ཞིབ་བྱས། མཐའ་མར་མདོ་ལའི་གཞུང་ལམ9པའི་སྒར་ཆེན་ནང་གི་སྣ་མང་ཕུན་སུམ་ཚོགས་པའི་མི་རིགས་རིག་གནས་ཀྱི་དགྱེས་སྟོན་ཁྲོད་གངས་འཁྱགས་ལུས་རྩལ་དང་ལོ་རྒྱུས་ཀྱི་འཚོལ་ཞིབ། གཟུགས་འདས་ཉམས་ལེན་གཅིག་འདུས་ཀྱི་དགུན་གྱི་གནས་སྐོར་ངོ་མཚར་བ་ཞིག་གི་མགོ་བརྩམས། 

45926029b2e1d67f148a7e4bc3e3021a.jpg

8cfa5dc29c5dc666b58adc1af7a8e75e.jpg

ཀྲུང་གོའི་ཆེས་མཛེས་པའི་སྒེར་སྐོར་ལམ་ཐིག་གི་སྙན་པ་ལྡན་པའི་མདོ་ལའི་གཞུང་ལམ9པ་ནི་ཐེངས་འདིའི་འགྲུལ་བཞུད་ཁྲོད་ཀྱི་ཆེས་ཡིད་སེམས་འགུག་པའི་ཡུལ་ལྗོངས་སུ་གྱུར། རླངས་འཁོར་གཞུང་ལམ་ངོས་སུ་རྒྱུ་བའི་ཚེ་མིག་ལམ་དུ་མཐོང་ཡོང་བ་ནི་ཡིད་དུ་འོང་བའི་སྣ་མང་པར་རིས་རེ་རེ་ཡིན། དགུན་གྱི་གཞུང་ལམ9པར་དབྱར་སྟོན་དུས་ཀྱི་བཀྲག་མདངས་མེད་ཀྱང་ལམ་རྒྱུད་ཀྱི་གཞོགས་གཉིས་ནི་ཁ་བའི་འདབས་མའི་གཡོགས་པས་སྔར་བས་མུ་མེད་པ་དང་ཞི་འཇགས་སུ་མངོན། གཞུང་ལམ་གྱི་གཞོགས་གཅིག་ནི་བསྟར་དུ་བསྒྲིགས་ལ་ཚར་དུ་དངར་བའི་མདོ་ལ་རིང་མོའི་རི་རྒྱུད་ཡིན། གཞོགས་གཅིག་ནི་རྒྱ་ཆེ་ལ་མུ་མཐའ་མེད་པའི་འབྲོག་ས་ཡིན། གཞུང་ལམ་འདི་ཡིས་རྫོང་མཁར་དང་ཨ་མྱེས་སྟོང་སོའི་ལྗོངས་ཁུལ། མཁར་དམར་གནའ་མཁར་སོགས་མཛེས་ལྗོངས་ཁུལ་ཡུག་གཅིག་ཏུ་སྦྲེལ་ཞིང་འདི་རུ་བསྐྱོད་པའི་འགྲུལ་བཞུད་པས་ཐད་ཀར“ཇ་ཡུན་ཙམ་གྱི་རིང་ལ་ལྗོམས་རྣམ་བརྗེ་བའི་ངོ་མཚར”ལ་མྱོང་ཐུབ། 

cd63f0054d5c458f33e46fc7ba65cd76.jpg

གཞུང་ལམ9པའི་སྒར་ཆེན་ནི་མཁར་དམར་གནའ་མཁར་གྱི་ལོགས་སུ་ཆགས་ཤིང་། ངལ་གསོ་ས་ཚིགས་གཞན་དང་མི་མཐུན་པའི་ཁར་མི་རིགས་རིག་གནས་མངོན་པའི་གནས་མཆོག་ཅིག་ཏུ་གྱུར། དྲོད་ལྡན་དཀྱེལ་ཡངས་པའི་སྒར་ཆེན་ནང་དུ་ཐོན་པ་ན་དགའ་སྤྲོ་དཔལ་ལ་རོལ་བའི་མྱོང་སྣང་ཞིག་ངང་ངམ་ཤུགས་ཀྱིས་སྦྱིན། ལྟ་བའི་ཆོག་ཤེས་པའི་ཨ་རིག་གཉེན་སྲོལ་མགོ་བརྩམས་མ་ཐག་ཡིན། ཁ་མཚར་རྩེད་དགོད་ཀྱི“ཨ་རིག་གླུ་ཤགས”ཀྱིས་ཁྲོམ་པའི་དགོད་ཁ་བསླངས་ཤིང་གནའ་མིའི་ཤེས་རབ་ཀྱི་ཉིང་བཅུད་འདུས་པའི་སྒྱུ་རྩལ་འདིས་ཐུན་མིན་གྱི་ས་གནས་སྲོལ་རྒྱུན་ཉམས་སུ་མྱངས་པར་བྱས། གར་སྟེགས་ཅན་གྱི་འཁྲབ་སྟོན་ལས་འདས་པའི་སྒྱུ་རྩལ་འདི་རིགས་ནི་རིག་གནས་གསོན་པོ་ཞིག་མ་བཅོས་རྒྱུན་འཛིན་དུ་གྱུར་བའི་བྱེ་བྲག་ལག་ལེན་དུ་མངོན་པས་གནས་འདིར་ཡོང་བའི་སྐུ་མགྲོན་ཡོངས་ལ་རྔམ་མཐུག་པའི་རིག་གནས་ལ་ཉམས་སད་རང་བཞིན་གྱི་རོལ་མྱངས་ཐུབ་པ་བྱས། 

c9183d27ecfe578683398d035358a7d9.jpg

13d058b4aba587e87da618e438598b8c.jpg

d5b7405a4933df60454dcb796ed1505a.jpg

གཞུང་ལམ9པའི་སྒར་ཆེན་གྱིས་ལོ་རྒྱུས་དང་དེང་རབས། མྱོང་ཚོར་དང་ཉམས་ལེན་བཅས་གཞི་གཅིག་ཏུ་ལེགས་པར་མཉམ་འདྲེས་བྱས་ཡོད། སྒར་ནང་དུ་སོག་རིགས་དང་བོད་རིགས་ཀྱི་རྒྱན་གོས་སྤུས་ལེགས་དང་ལག་ཤེས་ཐོན་རྫས་བཤམས་ཡོད་ལ། འོ་ཇ་དང་མདོ་ལའི་ལུག་ཤའི་དྲི་ཞིམ་ཀྱང་འཐུལ་ཡོད།  གནས་སྐོར་བ་ཚོས་མཛེས་སྡུག་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གྱོན་ནས་མཉམ་པར་བརྒྱབ་ཆོག་ལ། མི་རིགས་ཀྱི་ཞབས་བྲོ་སློབ་པའམ་ཡང་ན་མི་རིགས་ཀྱི་ཟས་མཆོག་རྣལ་མའི་བྲོ་བ་ཡང་མྱོང་ཆོག སྒར་ཆེན་འདི་ནི་དྲོ་སྐྱིད་ལྡན་པའི་ཁོར་ཡུག་ཏུ་གྲུབ་པས་དར་ལམ་གྱི་གནའ་བོའི་ས་ཚིགས་ཀྱི་ཡུན་རིང་གི་དྲན་ཤེས་ཐེག་ཡོད་པ་མ་ཟད། ད་ལྟའི་མི་རིགས་སོ་སོའི་འགྲོ་འོང་སྤེལ་རེས་མཉམ་འདྲེས་ཀྱི་སྤྲོ་སྣང་ལྡན་པའི་སྣང་ཚུལ་དེ་བས་མངོན་དུ་གྱུར་ནས་མདོ་ལའི་དགུན་དུས་གནས་སྐོར་སྐབས་སུ་དྲོད་ཁོལ་ལྡན་ལ་ཡིད་དབང་འགུག་པའི་ལྟེ་བའི་ས་རྟགས་ཤིག་ཏུ་གྱུར་ཡོད།

f8c454ff9d89f7b5316ffad79713211f.jpg

ཐེངས་འདིའི་གངས་འཁྱགས་དུས་ཚིགས་ཀྱི་བྱེད་སྒོར་བརྟེན་ནས་མདོ་ལ་རྫོང་གིས་དགུན་དུས་གནས་སྐོར་གྱི་ཐུན་མོང་མ་ཡིན་པའི་ཡིད་དབང་འཕྲོག་ཤུགས་གསོན་ཉམས་དོད་པོས་མངོན། མདོ་ལའི་གཞུང་ལམ9པའི་མཛེས་སྡུག་གི་འབྲེལ་ཐག་དང་གཞུང་ལམ9པའི་སྒར་ཆེན་རིག་གནས་ཉམས་ལེན་གྱི་བར་སྟོང་ཟབ་མོ་དེར་བརྟེན་ནས། མདོ་ལའི་གྲང་ངར་ཆེ་བའི་དགུན་དུས་དེ་སྤྲོ་སེམས་འཁོལ་བའི་གནས་སྐོར་གྱི་དུས་ཚིགས་ཤིག་ཏུ་བདེ་བླག་ངང་བསྒྱུར་ཡོད། འདི་ནི་དབྱར་དུས་ཀྱི་ཚ་གཡོལ་གནས་ཡུལ་ཁོ་ན་མ་ཡིན་པར་དགུན་དུས་གངས་ཁུལ་གྱི་མཛེས་སྡུག་ཉམས་ལེན་དང་། གནའ་བོའི་ལམ་གྱི་རིག་གནས་འཚོལ་ཞིབ། མི་རིགས་སྣ་མང་གི་སྤྲོ་སྣང་མཉམ་སྤྱོད་བཅས་བྱེད་པའི་འདོད་འདུན་དམིགས་ས་ཞིག་ཏུ་གྱུར་ཡོད། དགུན་ཁ་འདིར། གཞུང་ལམ9པ་བརྒྱུད་ནས་གཞུང་ལམ9པའི་སྒར་ཆེན་གྱི་དྲོ་སྐྱིད་ལྡན་ལ་ཕུན་སུམ་ཚོགས་པའི་མཐོ་སྒང་གི་དགུན་ཁའི་ཉམས་ལེན་གྱིས་འཚོལ་ཞིབ་པ་རེ་རེ་སླེབས་རྒྱུར་སྒུག་བཞིན་ཡོད།



མཉམ་སྤྱོད།