དེ་རིང་ནི2025ལོའི་ཟླ12པའི་ཚེས08ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལའི“དགུན་ཤའི་ཟས་མཆོག”གི་འཛད་སྤྱོད་ལ་སྐུལ་བའི་བྱེད་སྒོས་མཐོ་སྒང་འཛད་སྤྱོད་ཀྱི་གསོན་ཤུགས་གསར་བ་བསླངས་པ།

2025-12-08 16:33:19   |   2203

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ཟླ12ཚེས7ཉིན“དགུན་ཤ་ཞིམ་པོ”ལྟེ་བར་བྱས་པའི་བྲིན་འཚོང་གསོལ་སྟོན་ཆེན་པོ་ཞིག་ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞིར་དྲོ་སྐྱིད་ངང་མགོ་བརྩམས་ལ། བྱེད་སྒོ་དེས་མདོ་ལའི་བོད་ལུག་དང་མདོ་ལའི་ནོར་ནག་སོགས་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འབྲེལ་ཐག་ཏུ་བཟུང་ནས་ལག་ཤེས་འཚེམ་དྲུབ་སོགས་གཟུགས་འདས་རིག་གནས་ཀྱི་གཞི་རྒྱུ་སྦྲེལ་མཐུད་བྱས་ཏེ“གངས་འཁྱགས+ཟས་མཆོག+རིག་གནས་གནས་སྐོར”བཅས་མཉམ་འདྲེས་འཕེལ་རྒྱས་ཀྱི་རྣམ་པ་གསར་བ་གསར་གཏོད་དང་འཁྲབ་སྟོན་བྱས་ཏེ། མཐོ་སྒང་གི“ཐོན་ཁུངས་གྲང་མོ”ཡིས་བསྟུད་མར“དཔལ་འབྱོར་གྱི་ཚ་རླབས”བསླངས།

9fa813c6cd8e473ea39575bb2dc5b371.jpg

e7ab91801b8284373b71797a3ee6df57.jpg

མདོ་ལའི་བོད་ལུག་དང་མདོ་ལའི་ནོར་གནག་སོགས་སྤུས་ལེགས་ཁྱད་ལྡན་ཞིང་ཕྱུགས་ཐོན་རྫས་ཀྱིས་མི་ཚོགས་མང་བོའི་ཡིད་སེམས་བཀུག མཚོ་འཕགས་སྨི3000ཡན་གྱི་རྩྭ་རར་གསོ་སྤེལ་བྱས་པའི་མདོ་ལའི་བོད་ལུག་གིས་རྫ་ཆུ་འཐུང་བ་དང་འབྲོག་རྩྭ་ཟས་པས། ཤའི་སྤུས་ཀ་མཉེན་ཞིང་བྲོ་བ་ཞིམ། སྤྲི་དཀར་ཀྱི་བཅུད་དང་ཚད་ཉུང་འབྱུང་རྒྱུ་མང་པོ་འདུས་པས། དེ་ནི་ཐུན་མོང་དུ་ཁས་ལེན་པའི་སྐྱེ་ཁམས་བདེ་ཐང་གི་བཟའ་བཅའ་རུ་གྱུར། བྱེད་སྒོ་སྤེལ་ཡུལ་དུ་ད་གཏུབ་ད་བཙོང་གི་མདོ་ལའི་ལུག་གི་རྩིབ་ཤ་དང་རྐང་ལག སྟོང་སངས་ཐུམ་རྒྱག་བྱས་པའི་སྤུས་ལེགས་ལུག་ཤ་དང་ནོར་ཤའི་ཤ་སྐམ། ད་དུང་ལག་བཟོས་ལུག་ཤའི་ཤ་རིལ་དང་ནོར་གནག་གི་ཉྭ་རིལ་ཤ་སོགས་ལས་སྣོན་ཞིབ་ཚགས་བྱས་པའི་ཐོན་རྫས་བཅའ་དག་ངང་བཤམས་པས་མང་ཚོགས་དང་གནས་སྐོར་བ་མང་པོའི་ཡིད་དབང་བཀུག་ཡོད། ཚོང་པས་བཏོན་པའི“ཉོས་པར་གོང་བདེ”དང“འཕྲི་ཁ་ཁེ་བཤུག”དང“མཉམ་སྒྲིག་སྡེབ་ཉོ”སོགས་བྲིན་ཚོང་སྲིད་ཇུས་ལས་འཛད་སྤྱོད་པའི་ཕན་བདེ་གང་ལེགས་ལོངས་སུ་སྤྱོད་ཐུབ་པ་དང་། ཁྱིམ་ཚང་མི་ཉུང་བ་ཞིག་གིས་ཐེངས་གཅིག་ལ་བཟའ་བཅའ་མང་པོ་ཉོས་ནས་དགུན་དུས་ཀྱི་ཟས་ཅོག་ལ་སྐྱེ་ཁམས་བྲོ་མཆོག་བསྣན་ཡོད།

f2b1421e9942f52442548c9f47ae8b65.jpg

41df1aba8d69d9309439e431bccc8dcb.jpg

ཐེངས་འདིའི་བྱེད་སྒོའི་སྟེང“ཞིང་ལས་ཐོན་རྫས+རིག་གནས་གནས་སྐོར+བཟའ་བཏུང”གི་སྦྲེལ་མཐུད་སྟེགས་བུ་བསྐྲུན་ཏེ་ས་གནས་ཀྱི་ཞིང་ལས་ཐོན་རྫས་ཁེ་ལས་དང་བཟའ་བཏུང་ཚོང་གཉེར་ཟ་ཁང20ལྷག་གཅིག་སྡུད་ཀྱིས་ཞུགས་ཤིང་། ནོར་ལུག་ཤའི་རྩིབ་ཤ་དང་ལག་བཟོས་ཤ་རིལ། ཤ་མོའི་བག་ལེབ་སོགས་ཁྱད་ལྡན་ཐོན་རྫས50ལྷག་དངོས་སུ་བཤམས་ཡོད། བྱེད་སྒོའི་སྟེང་ད་དུང་འཛད་སྤྱོད་འཛིན་ཤོག་སྦྱིན་གཏོང་དང་དྲ་གྲག་ཐད་གཏོང་ཚོང་བྲིན། གནས་སྐོར་འཇོན་མིས་ཚོང་ཞིབ་སོགས་རྣམ་པས་འཛད་སྤྱོད་ཀྱི་གབ་ཤུགས་སྔར་བས་སྔོག་འདོན་བྱས། ཞིང་ཆེན་ཕྱི་ནང་གི་བཟའ་བཏུང་ཁེ་ལས་འཐུས་ཚབ་གདན་ཞུ་སྒོས་ཐོན་རྫས་ཕྱིར་འཚོང་གི་མཉམ་ལས་གན་རྒྱ་བཞག་སྟེ་མདོ་ལའི་སྤུས་ལེགས་ཞིང་ཕྱུགས་ཐོན་རྫས་འབྲོག་ས་ནས་རྒྱལ་ཡོངས་ཀྱི་ཟས་ཅོག་སྟེང་དུ་ཐོན་པར་སྐུལ་འདེད་བཏང་། དེ་དང་དུས་མཉམ་དུ་དགུན་དུས་གནས་སྐོར་སྤུས་ལེགས་ལམ་ཐིག་བཏོན་ཞིང་གངས་འཁྱགས་རོལ་རྩེད་དང་ཟས་མཆོག་མྱོང་རོལ། གཟུགས་འདས་ཉམས་ལེན་མཉམ་གཅིག་ཏུ“ནགས་ཀློང་གངས་ལྗོངས་ལ་གཟིགས་ཤིང་མདོ་ལའི་རྒྱ་ཁོག་ལ་རོལ་བ། གཟུགས་འདས་ལག་བཟོ་ཉོ་བ”ནི་དགུན་དུས་མདོ་ལའི་གནས་སྐོར་གྱི་མགོ་རྩོམ་ས་གསར་བ་རུ་གྱུར། ཟས་ཀྱི་དྲི་བསུང་ལས་གཞན་ལག་ཤེས་འཚེམ་དྲུབ་དང་མི་རིགས་རྒྱན་གོས་སོགས་གཟུགས་འདས་རིག་གནས་ཀྱི་བཤམས་སྟོན་ཁུལ་དུ་མི་ཚོགས་ཀྱི་འདུ་ཁ་སྔར་བཞིན་རྒོད། སྣ་མང་ཡིད་འོང་གི་མི་རིགས་རྒྱན་གོས་ལ་དངོས་སྤྱོད་རང་བཞིན་དང་ལོངས་སྤྱོད་རང་བཞིན་ལྡན། བོད་བཟོ་འཚེམ་དྲུབ་ཀྱི་གོང་ཁ་དང་གཞན་དང་མི་མཚུངས་པའི་རྒྱན་ཆ་ཡིས་མཐོ་སྒང་མི་རིགས་ཀྱི་རྒོད་གཤིས་དང་ཞི་འཇམ་གྱི་ངོས་ཀྱང་མངོན། 

f6469716db13287376c3a7d8d606d524.jpg

“བློ་ཡུལ་ལས་འདས་པ་ཞིག་ལ་དགུན་གྱི་མདོ་ལ་ནི་ཧ་ཅང་མཛེས་ཤིང་གངས་འདབས་ཀྱི་རྒྱ་ཁོག་གི་བྲོ་བ་ཞིམ། ལག་ཤེས་འཚེམ་དྲུབ་ནི་དེ་ལས་ཁྱད་པར་དུ་འཕགས་པ་ཞིག་རེད། ཐེངས་འདིའི་གནས་སྐོར་ལ་དོན་སྙིང་ལྡན་སོང”ཞེས་ཧྲན་ཏུང་གི་གནས་སྐོར་བ་སྐུ་ཞབས་ཀྲང་གིས་བསྔགས་བརྗོད་ཡང་ཡང་གཏོར། རྒྱུས་ལོན་པ་ལྟར་ན་མདོ་ལ་རྫོང་གིས་སྐྱེ་ལྡན་རྩྭ་རའི་སྐྱེ་ཁམས་ལེགས་ཆ་ལ་བརྟེན་ནས“མཚོ་སྔོན་གསོལ་སྟོན”གྱི་ཆས་རྟགས་འཇུ་བྱེད་དུ་བྱས་ནས“རིག་གནས་གནས་སྐོར+ཕྱུགས་ལས”ཀྱི་མཉམ་འདྲེས་འཕེལ་རྒྱས་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ཞིང“རིག་གནས་གནས་སྐོར+”ཁྱད་ལྡན་ཐོན་རྫས་སྔར་བས་མང་པོ་འདོན་སྤེལ་བྱས། མཐོ་སྒང་གི་སྐྱེ་ཁམས་ཀྱི་མཛེས་པ་དང་རིག་གནས་ཀྱི་ཉིང་བཅུད། ཟས་མཆོག་གི་དྲི་བསུང་ཕྱོགས་བཞིར་ཁྱབ་སྟེ་དགུན་ཤའི་ཟས་མཆོག་ནི་དགུན་དུས་གནས་སྐོར་མགོ་རྩོམ་པའི“བཞུར་ཚད་ཀྱི་གསང་གྲངས”སུ་བསྒྱུར། 



མཉམ་སྤྱོད།