དེ་རིང་ནི2026ལོའི་ཟླ04པའི་ཚེས07ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གི་ཁྲིམས་སྐྱོང་དང་ཡིག་ཆ་ཨང་དང་པོའི་དགོངས་དོན་གཞི་རིམ་དུ་ཟུག

2026-04-01 16:58:27   |   108

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


  ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་ཡིག་ཆ་ཨང་དང་པོའི་དགོངས་དོན་སྒྲོག་འགྲེལ་བྱ་རྒྱུ་གོ་སྐབས་སུ་བྱས་ནས་རོང་འབྲོག་ཁུལ་མང་ཚོགས་ཀྱི་ཁྲིམས་སྐྱོང་དགོས་མཁོར་དམིགས་ཏེ་སྒྲོག་འགྲེལ་ཤུགས་ཆེན་དང་ཞབས་ཞུ་ལེགས་སུ་གཏོང་བ། འགོག་སྲུང་སྲ་བརྟན་དུ་གཏོང་བ་བཅས་ཤུགས་གསུམ་མཉམ་སྐུལ་བྱས་པ་བརྒྱུད་ཁྲིམས་སྐྱོང་ཞབས་ཞུ་ཁྱོན་ཡོངས་ནས་གཞི་རིམ་དུ་ཁྱབ་རྒྱུར་སྐུལ་འདེད་བཏང་བ་དང་། ཞིང་ཕན་སྲིད་ཇུས་དང་ཁྲིམས་སྐྱོང་འགན་སྲུང་མང་ཚོགས་ཀྱི་ཁྱིམ་སྒོར་ཏན་ཏིག་བསྐྱལ་ནས་གྲོང་གསེབ་ཁྱོན་ཡོངས་ནས་དར་སྤེལ་ཡོང་བར་ཁྲིམས་སྐྱོང་གི་སྲུང་ཡོལ་བརྟན་པོར་བསྐྲུན། 

ཡུལ་སྐད་ཀྱིས་སྒྲོག་འགྲེལ་བྱེད་ཤུགས་ཆེ་རུ་བཏང་ནས་ཡིག་ཆ་ཨང་དང་པོའི་དགོངས་དོན་རྟོགས་པར་བྱས་པ། རྫོང་ཁོངས་རོང་འབྲོག་ཁུལ་དུ་གཞིས་སྲུང་རྒན་པ་མང་བ་དང་མང་ཚོགས་ཁ་ཤས་ཀྱིས་སྤྱི་སྐད་བྱང་ཆ་མེད་པའི་གནས་ཚུལ་དངོས་ལ་དམིགས་ཏེ་ཡུལ་སྐད་ཤེས་པའི་སྒྲོག་འགྲེལ་དཔུང་ཁག་བཙུགས་ནས་སྡེ་བ་སྡེ་ཁུལ་ཀྱི་ར་སྐོར་དང་། རིག་གནས་ཐང་ཆེན། ཞིང་ཁ་བཅས་སུ་བསྐྱོད་དེ་མང་ཚོགས་ཀྱིས་གོ་ཐུབ་པའི“རྒྱུན་གཏམ”ངོས་ནས་ཡིག་ཆ་ཨང་དང་པོའི་ཁྲོད་རྨོ་ཞིང་སྲུང་སྐྱོང་དང་འབྲུ་རིགས་འདེབས་པའི་ཁ་གསབ། གྲོང་གསེབ་འཛུགས་སྐྲུན་སོགས་མང་ཚོགས་ཀྱི་བདེ་རྩར་ཐུག་པའི་ཁེ་ཕན་དང་འབྲེལ་བ་ཡོད་པའི་ནང་དོན་གསལ་འགྲེལ་བྱས། དུས་མཉམ་དུ་བཅའ་ཁྲིམས་ཀྱི་རྒྱུན་ཤེས་མཉམ་འགུལ་ངང་དོགས་ལན་འདེབས་པའི་བྱ་འགུལ་སྤེལ་ལ། གྱོད་དཔེར་བརྟེན་ནས་བཅའ་ཁྲིམས་འགྲེལ་བཤད་བྱས་པ་དང་མང་ཚོགས་ཉེ་འགྲམ་གྱི་གྱོད་གཞི་དཔེ་མཚོན་ཅན་དཔེར་བརྗོད་པ། དྲིལ་སྒྲོག་དཔྱད་ཡིག་སྤྲོད་པ། ཡུལ་དངོས་དོགས་ལན་འདེབས་པ་སོགས་ཀྱི་བྱེད་ཐབས་བརྒྱུད་མང་ཚོགས་ཀྱིས་ཁྲིམས་ལུགས་ལ་བརྩི་འཇོག་དང་ཁྲིམས་སྦྱོང་། ཁྲིམས་སྲུང་། ཁྲིམས་སྤྱོད་བར་ཁྲིད་སྟོན་བྱས་ཏེ་རང་རྟོགས་ངང་བཅའ་ཁྲིམས་ལ་བརྟེན་ནས་རང་ངོས་ཀྱི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་བྱས་ནས་ཞིང་ཕན་གྱི་སྐད་སྒྲ་དྲག་པོ་དང་ཁྲིམས་སྐྱོང་གི་འདུ་ཤེས་གཉིས་དུས་མཉམ་དུ་གཞི་རིམ་གྱི་རྩ་བར་ཚུགས་ཐུབ་པར་བྱས། 

དམངས་ཕན་ཞབས་ཞུ་ལེགས་སུ་བཏང་ནས་ཁྲིམས་སྐྱོང་གི་ཁེ་ཕན་མང་ཚོགས་ཀྱི་གམ་དུ་ཐད་ཀར་ཐོན་པ། བཅའ་ཁྲིམས་ཞབས་ཞུའི་སྒེའུ་ཁུང་མདུན་དུ་སྤོ་རྒྱུར་སྐུལ་འདེད་བཏང་སྟེ། “སྐོར་སྐྱོད་བཅའ་ཁྲིམས་རོགས་སྐྱོར་ལས་དོན་ས་ཚིགས”བཙུགས་ནས་ཞིང་པ་ལས་མིའི་གླ་ཆ་འགྱངས་ཆད་དང་ལས་རྨས་སྐྱིན་གསབ། ཞབས་ཏོག་གསོ་སྐྱོང་། གཉེན་སྒྲིག་ཁྱིམ་ཚང་སོགས་རྒྱུན་མཐོང་གི་རྩོད་གཞིར་དམིགས་ཏེ་ཡུལ་དངོས་བདག་སྤྲོད་དང་ཞིབ་བཤེར། མངགས་གཏོང་བཅས་གཅིག་འཐུས་རྣམ་པའི་ཞབས་ཞུ་མངོན་འགྱུར་བྱུང་། གཞུང་དཔང་སྐོར་སྐྱོད་དཔང་ཡིག་གཉེར་བའི་ལམ་སྲོལ་གསར་གཏོད་དང་ཁྱབ་གདལ་བཏང་ནས་ཡུལ་ཚོ་དང་གྲོང་རྡལ་ཁག་གི་ཁྲིམས་འཛིན་སུའོ་རུ་གཞུང་དཔང་དམངས་ཕན་ཞབས་ཞུའི་བློ་འདྲིའི་ས་ཚིགས་བཙུགས་ཏེ། གཞུང་དཔང་བ་དུས་ལྟར་གཞི་རིམ་དུ་བསྐྱོད་དེ་ཡུལ་དངོས་སུ་གཞུང་དཔང་བློ་འདྲི་དང་དཔྱད་ཡིག་ཞིབ་བཤེར། དོན་ཚན་བདག་སྤྲོད། སྒོ་རྩར་ཁ་ཆད། དཔང་ཡིག་གཉེར་བ་སོགས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཞབས་ཞུ་མཁོ་འདོན་བྱས་ནས་མང་ཚོགས་སྡེ་སྒོ་མ་བུད་པར་གཞུང་དཔང་གི་དོན་ཚན་སྒྲུབ་ཐུབ། 

བཅོས་སྐྱོང་གི་འགོག་སྲུང་འཛིང་རགས་བརྟན་དུ་བཏང་ནས་འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་པ། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”ལག་ལེན་གཏིང་ཟབ་བསྟར་བ་དང་། “གོམ་སྟབས་ལྔའི་སྨན་བཅོས་བྱ་བའི་བྱེད་ཐབས”འཚོལ་ཞིབ་ཧུར་ཐག་དང་བེད་སྤྱོད་གཏིང་ཟབ་བྱས་ལ། “ལས་གནས་སྟོང་དང་སོ་བ་ཁྲི”ཡི་དྲ་མིག་སྟོབས་ཤུགས་མཉམ་འགུལ་བྱས་ཏེ། ཞིང་པའི་ཁྱིམ་དང་ཞིང་ཁར་བསྐྱོད་དེ་ས་ཁོངས་ཧྲིལ་པོའི་འགལ་བའི་བྱུར་རྐྱེན་གྲལ་བཤེར་བྱས་ཤིང་། སྔོན་བརྟག་དང་བསྡད་བརྟག གྲོས་བརྟག བསྒྱུར་བརྟག བསྐྱར་བརྟག་བཅས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ཐག་གཅོད་ལམ་སྲོལ་དོན་འཁྱོལ་ནན་པོ་བྱས་ཏེ་འགལ་བའི་བྱུར་རྐྱེན་སྔོན་ནས་ཤེས་པ་དང་སྔོན་ནས་ཞུགས་པ། སྔོན་ནས་ཐག་གཅོད་བཅས་བྱས། དེ་དང་ཆབས་ཅིག“ལས་བྱེད་འགན་སྦྲེལ+དུས་ལྟར་འཚམས་འདྲི”ཡི་ཡུན་ཕན་ཁྲིམས་སྐྱོང་ཞབས་ཞུའི་ལམ་སྲོལ་བཙུགས་ནས་སྡེ་བའི་ཐུན་མོང་དཔལ་འབྱོར་འཕེལ་རྒྱས་དང་གྲོང་གསེབ་བཅོས་སྐྱོང་གི་བཅའ་ཁྲིམས་དགོས་མཁོར་གནད་ཁེལ་བྱས་ཏེ་དུས་ལྟར་སྒོ་རྩར་ཞབས་ཞུའི་ལས་དོན་སྤེལ་ལ། མང་ཚོགས་དོན་དང་འཕྲད་ན་ཁྲིམས་འཚོལ་ཐུབ་པ་དང་རྣམ་པ་ཀུན་ཏུ་ཁྲིམས་སྤྱོད་ཐུབ་པའི་འགན་ལེན་བྱས་ཡོད།



མཉམ་སྤྱོད།