དེ་རིང་ནི2026ལོའི་ཟླ04པའི་ཚེས09ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལ་རྫོང་གིས་ཞབས་ཞུའི“སྒེའུ་ཁུང་ཆུང་ངུ”ལ་བརྟེན་ནས་དམངས་ཚིས“དངོས་དོན་ཆེན་མོ”ལེགས་པར་སྒྲུབ་པ།

2026-04-09 14:54:55   |   50

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


“རང་ཡུལ་ལ་ལོག་མི་དགོས་པར་ཁ་པར་གཅིག་གིས་ཡིག་ཚགས་བཟོས་ཤིང་། ས་ཆ་གཞན་ནས་ནད་ལ་བལྟ་བར་རང་གིས་སྒོར་མོ་སྔོན་ལ་སྤྲོད་མི་དགོས། ཞིང་ཆེན་བརྒལ་ནས་སྨན་རིན་སྤྲོད་པའི་སྲིད་ཇུས་འདི་ནི་ཇི་འདྲའི་བཟང་བ་ལ། ང་ཚོའི་ཁུར་པོ་ཆེས་ཆེར་ཇེ་ཡང་དུ་བཏང་། ཁྱེད་ཚོ་ལ་བཀའ་དྲིན་ཆེ”ཞེས་མཚོ་བྱང་ཁུལ་མདོ་ལ་རྫོང་གི་སྐུ་ཞབས་ཝང་གིས་མདོ་ལ་རྫོང་མི་ཤུགས་ཐོན་ཁུངས་སྤྱི་ཚོགས་འགན་སྲུང་ཅུ་ལ་ཁ་པར་ཡོང་ནས་བཀའ་དྲིན་ཞུས། འདི་དང་འདྲ་བའི་ལས་ཕྱོད་ཆེ་བའི་གྱོད་གཞི་སྒྲུབ་གཉེར་ནི་མདོ་ལ་རྫོང་གི་ཞབས་ཞུའི་སྒེའུ་ཁུང་དུ་རྒྱུན་པར་བྱུང་བཞིན་ཡོད། ད་ལོ་རྫོང་གིས་དམངས་ལ་དངོས་དོན་སྒྲུབ་པ་ནི་ཞབས་ཞུའི་འཇུ་བྱེད་དུ་བྱས་ཤིང་། སྨན་བཅོས་འགན་སྲུང་སོགས་སྒྲུབ་གཉེར་སྒེའུ་ཁུང་གི“གློད་སྡོམ་ཞབས་གསུམ”གྱི་བཅོས་སྒྱུར་གཏིང་ཟབ་ཏུ་བཏང་ནས་དམངས་བདེ་ཞབས་ཞུ་ལེགས་པོ་དེ་མང་ཚོགས་ཀྱི་གམ་ལ་དངོས་འབེབས་བྱས། 

ལས་ཁྱུར་ངལ་གསོ་བྱས་པའི་སྡོད་དམངས་ཝང་ས་ཆ་གཞན་དུ་གནས་སྐོར་ལྗོངས་རྒྱུའི་རིང་གློ་བུར་དུ་ནད་བྱུང་ནས་ཞག་སྡོད་གསོ་བཅོས་བྱ་དགོས་བྱུང་། ས་ཆ་གཞན་ནས་སྨན་བཅོས་ཀྱི་ཡིག་ཚགས་སྔོན་ལ་བཟོས་མེད་ཕྱིར་ཐད་ཀར་རིན་སྤྲོད་མི་ཐུབ་པ་དང་རང་ཉིད་ཀྱིས་སྨན་རིན་འབོར་ཆེན་སྤྲོད་དགོས་པའི་སེམས་ཁྲལ་བྱུང་ནས་ཁྱིམ་མིས་འགན་བཅོལ་ས་གནས་ཀྱི་སྨན་བཅོས་འགན་སྲུང་སྒྲུབ་གཉེར་སྒེའུ་ཁུང་ལ་ཁ་པར་བཏང་ནས་རོམས་རམ་ཞུས། མང་ཚོགས་ཀྱི་དོན་དག་སྒྲུབ་པའི་མ་རྩ་ཉུང་གཏོང་དང་ཕར་འགྲོ་ཚུར་འོང་གི་ལམ་ཚེགས་སེལ་ཆེད་ལས་དོན་མི་སྣས་ཁ་པར་ལམ་ནས་འགན་བཅོལ་མི་སྣའི་ཐོབ་ཐང་ཆ་འཕྲིན་དང་། སྨན་ཁང་གི་ཆ་འཕྲིན། ཡིག་ཚགས་ཀྱི་དུས་ཡུན་སོགས་གནད་འགག་གི་ནང་དོན་དག་དངོས་འབེབས་བྱས་ཏེ་བརྒྱུད་རིམ་ཡོངས་སྐུད་ལམ་ནས་ཡིག་ཚགས་ཁ་ཚང་བཟོས་པར་དུས་ཚོད་སྐར་མ5ལས་མ་འདས། ཝང་ཀང་ཞག་སྡོད་རིང་ཐད་ཀར་སྨན་རིན་དྲ་སྦྲེལ་རྩིས་སྤྲོད་ཐུབ་ལ། སྨན་རིན་ཡོངས་རྫོགས་རང་ཉིད་ཀྱིས་སྤྲོད་མི་དགོས་པར་མང་ཚོགས་ཀྱི་བྲེལ་འཚུབ་ཆེ་བའི་གནད་དོན་ཐག་གིས་བཅད། 

ད་ལོ་ནས་བཟུང་། མདོ་ལ་རྫོང་གིས་འགན་སྲུང་ནང་ཞུགས་མཁན་མང་ཚོགས་ས་ཆ་གཞན་དུ་སྨན་པ་བསྟེན་སྐབས“ཐོ་འགོད་རྙོག་རྫོབ་ཆེ་བ་དང་བསྡོམས་རྩིས་རྒྱག་དཀའ་བ། འགྲོ་སོང་རྩིས་ཞུ་འགོར་བ”སོགས་བྲེལ་དཀའ་ཁྲལ་སྒུག་གི་གནད་དོན་ལ་དམིགས་ནས་ས་ཆ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་ཞབས་ཞུ་བྱེད་སྟངས་རྒྱུན་མཐུད་ངང་ལེགས་སུ་བཏང་སྟེ། ས་ཁོངས་ཀྱི་ཚད་བཀག་མེད་པར་བཟོས་ནས་དྲ་ལམ་དང་དྲ་ཕྱིའི་འགྲོ་ལུགས་སྒྲུབ་ཐབས་རྒྱ་ཆེར་བཏང་ནས་ཁ་པར་ཐོག་ནས་སྒྲུབ་པ་དང་དྲ་ཐོག་ནས་སྒྲུབ་པ། ལག་ཐོག་ནས་སྒྲུབ་པ་སོགས་དམངས་ཕན་གྱི་བྱེད་ཐབས་ཁྱབ་གདལ་བཏང་ནས་ས་ཆ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད“རྒྱུགས་མི་དགོས་པ་དང་འབྲེལ་གཏུག་བྱེད་མི་དགོས་པ།  དུས་ཐོག་ཏུ་སྒྲུབ་ཐུབ་པ”མངོན་འགྱུར་བྱུང་། སྨན་པ་བསྟེན་ཡུལ་གྱི་དཀར་ཆག་དང་འགན་སྲུང་ནང་ཞུགས་ཡུལ་སྲིད་ཇུས་ཀྱི་འགྲོ་སོང་རྩིས་ཞུའི་རྩ་དོན་ལག་བསྟར་ནན་པོ་བྱས་ཏེ་སྨན་ཁང་དུ་སྡོད་པ་དང་། སྤྱིར་བཏང་གི་སྒོ་བསྟེན་དུ་སྨན་པ་བསྟེན་པ། སྒོ་བསྟེན་དུ་སྨན་པ་བསྟེན་པའི་གཅོང་ནད་དང་དམིགས་བསལ་ནད་སོགས་ཀྱི་སྨན་པ་བསྟེན་པའི་འགྲོ་གྲོན་ཕྱོགས་ཡོངས་ནས་ས་ཆ་གཞན་དུ་ཐད་ཀར་བསྡོམས་རྩིས་རྒྱག་པའི་ཁྱབ་ཁོངས་སུ་བཅུག་སྟེ། མང་ཚོགས་ཀྱིས་སྨན་པ་བསྟེན་པའི་སྨན་བཅོས་འགྲོ་གྲོན་ཆ་ཚང་སྔོན་སྤྲོད་བྱེད་མི་དགོས་པ་དང་། སྨན་ཁང་ནས་ཕྱིར་འབུད་སྐབས་མི་སྒེར་རང་སྤྲོད་ཀྱི་ཁག་ཁོ་ན་སྤྲད་པས་ཆོག་སྟེ།  འགྲོ་གྲོན་འབོར་ཆེན་སྔོན་སྤྲོད་བྱེད་པའི་གནོན་ཤུགས་རྩ་བ་ནས་ཐག་གཅོད་བྱས་པ་དང་། “སྨན་ཁང་ནས་བུད་མ་ཐག་བསྡོམས་རྩིས་རྒྱག་པ་དང་འགྲོ་སོང་རྩིས་ཞུ་བྱ་རྒྱུར་སྒུག་མི་དགོས་པ”དོན་དངོས་སུ་མངོན་འགྱུར་བྱུང་། སྒོ་བསྟེན་དུ་སྨན་པ་བསྟེན་པའི་གཅོང་ནད་དང་དམིགས་བསལ་ནད་རིགས10ཞིང་ཆེན་བརྒལ་ནས་ཐད་ཀར་བསྡོམས་རྩིས་དོན་འཁྱོལ་བྱ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ནས་ས་ཁོངས་ཀྱི་བཀག་རྒྱ་གཏོར།  ལོ་འདིའི་ནང་རིམ་རྩིས་བྱས་ན་ཞིང་ཆེན་ལས་བརྒལ་ཏེ་ས་ཆ་གཞན་དུ་སྨན་པ་བསྟེན་པའི་ཐོ་འགོད་མི་ཐེངས276ལེགས་གྲུབ་བྱུང་བ་དང་། ས་ཆ་གཞན་དུ་སྨན་པ་བསྟེན་པ་མི་ཐེངས11014དང་།  ཐད་ཀར་བསྡོམས་རྩིས་བརྒྱབ་པ་མི་ཐེངས10920དང་། ས་ཆ་གཞན་དུ་ཐད་ཀར་བསྡོམས་རྩིས་རྒྱག་ཚད99.15%ཟིན་ལ། མི་སྒེར་ཀྱིས་སྔོན་སྤྲོད་སྒོར་ཁྲི750.24ཉུང་དུ་བཏང་།  དེའི་ནང་དུ་སྤྱིར་བཏང་གི་སྒོ་བསྟེན་དུ་སྨན་པ་བསྟེན་པ་དང་། སྒོ་བསྟེན་དུ་སྨན་པ་བསྟེན་པའི་གཅོང་ནད་དང་དམིགས་བསལ་ནད་རིགས། སྨན་རྫས་ཚོང་ཁང་དུ་སྨན་ཉོ་བ་བཅས་ཞིང་ཆེན་ལས་བརྒལ་ནས་ས་ཆ་གཞན་དུ་ཐད་ཀར་བསྡོམས་རྩིས་མི་ཐེངས་ཁྲི0.9བརྒྱབ་པ་དང་། གཅིག་གྱུར་འཆར་འགོད་མ་དངུལ་སྒོར་ཁྲི102.3བཏང་བས་མང་ཚོགས་སྨན་པ་བསྟེན་པའི་ཁུར་པོ་ཡང་དུ་ནུས་ལྡན་བཏང་ཡོད།



མཉམ་སྤྱོད།