དེ་རིང་ནི2026ལོའི་ཟླ04པའི་ཚེས13ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

འཇུ་ལག་ཏང་སྲིད་འཐུས་ཚབ་ཚོགས་པ་མདོ་ལ་རུ་རྟོག་ཞིབ་ཏུ་ཕྱིན་ཅིང་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན་བཞག་པ།

2026-04-13 16:02:26   |   29

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


  ཟླ4པའི་ཚེས10ཉིན། ཁུལ་ཨུའི་རྒྱུན་ཨུའམ་འཇུ་ལག་རྫོང་ཨུའི་ཧྲུའུ་ཅི་ཧོ་པིང་གིས་འཇུ་ལག་ཏང་སྲིད་འཐུས་ཚབ་ཚོགས་པའི་རུ་སྣེ་ཁྲིད་དེ་མདོ་ལ་རྫོང་ལ་རྟོག་ཞིབ་ཏུ་ཕྱིན། ས་གནས་གཉིས་ཀྱིས་གཞི་རིམ་ཏང་འཛུགས་དང་རིག་གནས་གནས་སྐོར་འཕེལ་རྒྱས། མི་རིགས་མཐུན་སྒྲིལ། ཐོན་ལས་དར་སྤེལ། སྐྱེ་ཁམས་མཉམ་སྲུང་སོགས་ཀྱི་ཁྱབ་ཁོངས་ནས་ཉམས་མྱོང་བརྗེ་རེས་དང་འཕེལ་རྒྱས་མཉམ་མོལ་བྱས།  

ec9835fb0cc0c36dafca56dd5e4de3e7.jpg

འཐུས་ཚབ་ཚོགས་པ་སྔ་རྗེས་སུ་མདོ་ལའི“གཞུང་ལམ9པའི་སྒར་ཆེན”དང་མདོ་ལ་རྫོང་ཨུའི་ཏང་གི་སློབ་གྲྭ། ཨ་མྱེས་སྟོང་སོ་ནགས་ཀློང་སྒར་འདེབས་རྟེན་གཞི། ཁེ་ལས་ཆུང་ཕྲའི་ལས་གཏོད་གསོ་ཚགས་གླིང་། དམར་དམག་ནུབ་ལམ་དམག་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་ཁང་། ཕྱོགས་བསྡུས་རིག་ནུས་བཀོད་གཏོང་ལྟེ་གནས་སོགས་སུ་ཕྱིན། ས་གནས་ལྟ་ཞིབ་དང་ཡུལ་དངོས་འདྲི་བརྩད། བརྗེ་རེས་གླེང་མོལ་སོགས་ཀྱི་རྣམ་པ་བརྒྱུད་མདོ་ལ་རྫོང་གི་རིག་གནས་གནས་སྐོར་མཉམ་འདྲེས་འཕེལ་རྒྱས་དང་སྐྱེ་ཁམས་སྲུང་སྐྱོང་ལག་ལེན། ཐོན་ལས་གསོ་སྐྱོང་རིམ་སྤོར། གཞི་རིམ་བཅོས་སྐྱོང་གསར་གཏོད་སོགས་ཀྱི་བྱེད་ཐབས་བྱེ་བྲག་པ་དང་ཕན་འབྲས་ལ་རྒྱུས་ལོན་ཞིབ་ཕྲ་བྱས།

779c15edd87da5b7bf7e5a87c927d106.jpg

ཁུལ་དམངས་ཆེན་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རིན་གཞོན་པའམ་མདོ་ལ་རྫོང་ཨུའི་ཧྲུའུ་ཅི་ཀང་ཧྥུའུ་ཡིས་འཇུ་ལག་དང་མདོ་ལའི་བྱ་བའི་བཞུགས་མོལ་ཚོགས་འདུར་མགོ་འཛིན་གཙོ་སྐྱོང་བྱས། ཕྱོགས་གཉིས་ཀས་རང་རང་རྫོང་གི་རྫོང་ཁོངས་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ཀྱི་གནས་ཚུལ་ངོ་སྤྲོད་བྱས་ཤིང་། ཁྱབ་ཁོངས་མང་པོའི་གཏིང་ཟབ་མཐུན་སྦྱོར་ཡོང་བར་ངོས་འཛིན་གཅིག་མཐུན་བྱུང་། 《འཇུ་ལག་དང་མདོ་ལའི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན》སྟེང་མིང་རྟགས་བཀོད་ནས་ས་གནས་གཉིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ལ་ལམ་ཐིག་གསལ་བོར་བཟོས་ཤིང་ཁ་ཕྱོགས་གསལ་བོར་བྱས།

ac2469572fcb15df73885e1589428648.jpg

ཧོ་པིང་གིས་ཉེ་བའི་ལོ་འདི་དག་གི་རིང་འཇུ་ལག་དང་མདོ་ལ་གཉིས་ཀས་རང་འགུལ་ངང་ཞིང་ཆེན་ཡོངས་ཀྱི་སྐྱེ་ཁམས་དཔལ་ཡོན་མཐོ་སའི་འཛུགས་སྐྲུན་དང་ཐོན་ལས“གནས་བཞི”འཛུགས་སྐྲུན་གྱི་འཐབ་ཇུས་བཀོད་སྒྲིག་ནང་ཞུགས་པ་དང་ཞབས་ཞུ་བསྒྲུབས་ཤིང་། ཁུལ་ཨུའི“མཚོ་བྱང་ལྔ”ཡི་འཛུགས་སྐྲུན་སྤྱི་ཡོངས་ཁྲོད་ཧུར་ཐག་གིས་ཞུགས་ཏེ་རྫོང་ཁོངས་ཀྱི་དཔལ་འབྱོར་ལ་འཕེལ་རྒྱས་མགྱོགས་མྱུར་ཕྱིན་ལ། སྤྱི་ཚོགས་བྱ་གཞག་ཁྱོན་ཡོངས་ནས་ཡར་ཐོན་བྱུང་། མི་དམངས་ཀྱི་འཚོ་བའི་ཆུ་ཚད་རྒྱུན་མཐུད་མཐོར་འདེགས། གྲོངཡུལ་རྣམ་པ་གསར་བ་གསར་རྐྱང་དུ་མངོན་ཞིང་། དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་འཆམ་མཐུན། མི་རིགས་མཐུན་སྒྲིལ། རིགས་ཁག་གི་མང་ཚོགས་རྣམས་བདེ་སྡོད་ལས་བརྩོན་གྱི་རྣམ་པ་བཟང་བོ་ཆགས། གནའ་ནས་བཟུང་འཇུ་ལག་དང་མདོ་ལ་གཉིས་ཀ་མདོ་ལ་རིང་མོའི་རི་ཟོམ་དུ་ཆགས་ཤིང་རྫོང་གཉིས་མཐའ་མཚམས་འབྲེལ་བ་དང་། མི་ཆོས་མཛའ་གཅུགས། ལས་སྒོ་རོགས་རེས་ཡིན་པས་ཕན་ཚུན་རོགས་རེས་སྐུལ་འདེད་ཀྱི་སྤུན་ཟླའི་མཛའ་བརྩེས་ལེགས་ཆ་གསབ་རེས་དང་གཉིས་ཁེ་མཉམ་རྒྱལ་གྱི་འཕེལ་རྒྱས་རྣམ་པ་གྲུབ། 《འཇུ་ལག་དང་མདོ་ལའི་སྤུས་ཚད་མཐོ་བའི་མཐུན་སྦྱོར་འཕེལ་རྒྱས་སྒྲོམ་གཞིའི་གྲོས་མཐུན》ལ་མིང་རྟགས་བཀོད་པ་དེས་ཞི་ཅིན་ཕིང་གི་དུས་རབས་གསར་བའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་གཏིང་ཟབ་ལག་བསྟར་དང་། འཕེལ་རྒྱས་རྣམ་པ་གསར་བར་གཏིང་ཟབ་ཞབས་ཞུ་དང་མཉམ་འདྲེས་བྱས་པ། སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་བའི་ཧུར་ཐག་གི་འཚོལ་ཞིབ་ཡིན་ལ། ད་དུང་ཞིང་ཨུའི“དྲིན་ཚོར་བ། བརྩེ་དུང་ལྡན་པ། དངོས་སྒྲུབ་གཙིགས་འཛིན”གྱི་ལས་དོན་བླང་བྱ་དངོས་འབེབས་ཟབ་མོ་བྱེད་པའི་བྱེད་ཐབས་གཙོ་བོ་ཞིག་ཡིན། ལྷག་པར་དུ་ས་གནས་གཉིས་ཀྱི་མི་དམངས་ཀྱིས་སོ་སྲུང་རོགས་རེས་དང་ཐུན་མོང་མཉམ་སྐྱོད་ཀྱི་དམངས་སེམས་ཕྱོགས་ས་དང་དམངས་ཀྱི་རེ་སྒུག་ཡིན། ཐེངས་འདིའི་གྲོས་མཐུན་བཞག་པ་ལ་བརྟེན་ནས་རྫོང་གཉིས་ཀྱིས་བློ་གཅིག་ལས་གཅིག་དང་སྐྱིད་སྡུག་མཉམ་ཁུར་གྱིས་འཕེལ་རྒྱས་ཀྱི་དཀའ་གནད་མཉམ་སེལ་དང་མཉམ་ལས་ཀྱི་བར་མཐོངས་རྒྱ་སྐྱེད། སྤུས་མཐོའི་འཕེལ་རྒྱས་ཀྱི་རབ་བྱེད་གསར་བ་མཉམ་དུ་བརྩམ་ནས་མཉམ་ལས་ཀྱི་མེ་ཏོག་ཆུན་པོ་མདོ་ལ་རིང་མོའི་འདབས་ནས་ལྷུག་པོར་བཞད་དགོས་ཞེས་བསྟན།

43e0f9e144ca94a28f6295edb1dd23f4.jpg

ཀང་ཧྥུའུ་ཡིས་རྫོང་གི་ཚན་ཁག་བཞིའི་ཚབ་བྱས་ནས་འཇུ་ལག་ཏང་སྲིད་འཐུས་ཚབ་ཚོགས་པ་ཕེབས་པར་སྤྲོ་སེམས་འཁོལ་བའི་དགའ་བསུ་བྱས་པ་དང་། འཇུ་ལག་རྫོང་གིས་དུས་ཡུན་རིང་པོའི་ནང་མདོ་ལའི་ལས་དོན་ལ་རམ་འདེགས་དང་རྒྱབ་སྐྱོར་བྱས་པ་ལ་བཀའ་དྲིན་ཞུས། ཁོང་གིས་བསྟན་དོན། འཇུ་ལག་དང་མདོ་ལ་ནི་རི་ཆུ་འབྲེལ་ཞིང་ས་བབ་ཉེ་བ། རིག་གནས་གཅིག་མཐུན་དང་མི་རྒྱུད་གཤིས་ཀ་འདྲ་བས་མཛའ་མཐུན་འགྲོ་འོང་གི་ལོ་རྒྱུས་ཡུན་རིང་ལ། བརྗེ་རེས་མཉམ་ལས་ལ་གྲུབ་འབྲས་ཆེན་པོ་ཐོབ་ཡོད། འཇུ་ལག་རྫོང་གི་ལས་དོན་ལ་གྲུབ་འབྲས་གཡུར་དུ་ཟ་བ་ཐོབ་པ་དང་འཕེལ་རྒྱས་ཀྱི་སྟོབས་ཤུགས་ཆེ་བ། “མི་ཚེའི་གངས་རི་དང་པོ”ཞེས་པའི་ཁྱད་ལྡན་གནས་སྐོརIPཁྱབ་གདལ་དང་མིང་དུ་གྲགས་བཞིན་ཡོད། ཀྲུང་གོའི་ཆེས་མཛེས་སྡུག་ལྡན་པའི་རྫོང་ཁོངས་དང་རྒྱལ་ཡོངས་སྤྲོ་གསེང་ཞིང་ལས་གཙོ་གནད་རྫོང་། རྒྱལ་ཡོངས་གྲོང་ཚོ་གཙང་བཟོའི་བྱ་སྤྱོད་ལག་བསྟར་སྔོན་ཐོན་རྫོང་སོགས་རྒྱལ་ཁབ་རིམ་པའི་གཟི་བརྗིད་མཚན་སྙན་རབ་དང་རིམ་པ་གཅིག་རྗེས་གཉིས་མཐུད་ངང་འཇུ་ལག་ལ་ཐོབ་སྟེ། འདྲ་བཟོ་དང་ཁྱབ་གདལ་གཏོང་ཆོག་པའི་རིན་ཐང་བྲལ་བའི་ཉམས་མྱོང་མང་པོ་བཏོད་ཡོད་པས། མདོ་ལས་ནན་ཏན་གྱིས་སློབ་སྦྱོང་དང་མིག་དཔེ་བྱེད་པའི་རིན་ཐང་ལྡན། ཐེངས་འདིར་འཐུས་མི་ཚོགས་པ་རྟོག་ཞིབ་སྤེལ་རེས་སུ་ཕེབས་ནས་མཉམ་དུ་འཕེལ་རྒྱས་ཀྱི་འཆར་གཞི་འགོད་པ་ནི། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་སྐོར་གྱི་འཐབ་ཇུས་བཀོད་སྒྲིག་ལག་བསྟར་གཏིང་ཟབ་བྱེད་པའི་ཞིབ་ཕྲའི་བྱ་སྤྱོད་ཅིག་ཡིན་པ་མ་ཟད། གནས་གཉིས་ཀྱི་མཛའ་བརྩེ་ཟབ་ཏུ་གཏོང་བ་དང་མཉམ་ལས་འཕེལ་རྒྱས་ལ་མཉམ་དུ་བགྲོ་གླེང་བྱེད་པའི་གོ་སྐབས་གལ་ཆེན་ཞིག་ཀྱང་ཡིན། ལྷག་པར་དུ་ཕྱོགས་གཉིས་ཀྱིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་མགོ་འཛུགས་ས་གསར་པ་ནས་ཐོན་ཁུངས་མཉམ་སྤྱོད་དང་ལེགས་ཆ་གསབ་རེས། མཐུན་སྦྱོར་མཉམ་སྐྱོད་བཅས་ལ་སྐུལ་འདེད་བཏང་སྟེ། ཐུན་མོང་ཐོག་ས་ཁོངས་མཉམ་ལས་ཀྱི་མིག་དཔེ་བསྐྲུན་ནས་གནས་གཉིས་ཀྱི་མང་ཚོགས་ལ་ཕན་པ་བསྐྲུན་པའི་དངོས་སྒྲུབ་བྱ་སྤྱོད་ཅིག་ཡིན་པས། རྫོང་གཉིས་ཀྱི་མཐུན་སྦྱོར་འཕེལ་རྒྱས་ཀྱི་ལེའུ་གསར་པ་ཞིག་གཏོད་ངེས།

414a2b112a9683e3f08044be917ec456.jpg

ཀང་ཧྥུའུ་ཡིས་བཤད་རྒྱུར། མདོ་ལ་རྫོང་གིས་ཐེངས་འདིའི་བཞུགས་མོལ་སྤེལ་རེས་དང་གྲོས་ཆིངས་བཞག་པ་མགོ་འཛུགས་ས་གསར་པ་ཞིག་ཏུ་བཟུང་ནས། རྒྱལ་ཁབ་དང་ཞིང་ཆེན། ཁུལ་གྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་ཀྱི་འཐབ་ཇུས་མཐའ་གཅིག་ཏུ་ལག་བསྟར་བྱས་ཏེ། མཉམ་ལས་སྤེལ་རེས་གཏིང་ཟབ་ཏུ་གཏོང་རྒྱུ་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འགག་རྩའི་བྱེད་ཐབས་སུ་བརྩི་རྒྱུ་ཡིན། མཉམ་ལས་ཀྱི་ལམ་སྲོལ་འཐུས་ཚང་དུ་གཏོང་བ་དང་སྐྱེ་ཁམས་སྲུང་སྐྱོང་མཉམ་འཛིན་བྱེད་པ། ཐོན་ལས་མཉམ་ལས་གཏིང་ཟབ་ཏུ་གཏོང་བ། སྤྱི་པའི་ཞབས་ཞུ་མཉམ་སྤྱོད་བྱེད་པ། རྗེས་སྙེག་ཕན་འབྲས་འདྲི་རྩད་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ཏེ། དེ་བས་ཡངས་པའི་རྣམ་འགྱུར་དང་དེ་བས་དངོས་སྒྲུབ་ཀྱི་བྱ་ཐབས། དེ་བས་ནུས་ལྡན་གྱི་བྱ་སྤྱོད་བཅས་ཀྱི་ཐོག་ནས་ནུས་ཤུགས་ཡོད་རྒུས་མཉམ་ལས་གཏིང་ཟབ་ཏུ་བཏང་ཞིང་། འཇུ་ལག་རྫོང་དང་བློ་སེམས་གཅིག་མཐུན་དང་དཔུང་པ་མཉམ་གཤིབ། ལག་གདང་སྦྲེལ་ནས་མཉམ་དུ་མདུན་སྐྱོད་བཅས་བྱས་ཏེ། རྫོང་གཉིས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་ལེའུ་གསར་པ་མཉམ་དུ་བརྩམས་ནས་མཚོ་བྱང་ཁུལ་ཀྱི་ས་ཁོངས་མཐུན་སྦྱོར་འཕེལ་རྒྱས་དང་དེང་རབས་ཅན་གྱི་མཚོ་བྱང་གསར་པ་བསྐྲུན་པར་བྱས་རྗེས་དེ་བས་ཆེན་པོ་འཇོག་དགོས།

d02a947638577129e87f429b0ce8fd6a.jpg

a52e582c09ccde1ade00c5e2888e97b3.jpg

7e39a3dd488adc651d5becfa1d532feb.jpg

འཇུ་ལག་དང་མདོ་ལ་རྫོང་གཉིས་ཀྱི་འབྲེལ་ཡོད་མགོ་ཁྲིད་བྱེད་སྒོར་ཞུགས།



མཉམ་སྤྱོད།