དེ་རིང་ནི2026ལོའི་ཟླ04པའི་ཚེས18ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རིག་གནས་གནས་སྐོར་གྱི་ལས་ཞུགས་སྦྲེལ་ཐག་དམ་པོར་བསླེས་ནས་དམངས་ཀྱི་ཡོང་སྒོ་འཕར་བའི་རྨི་ལམ་མངོན་འགྱུར་བྱུང་བ།

2026-04-16 16:23:27   |   66

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་མཚོ་བྱང་ཁུལ་མདོ་ལ་རྫོང་གིས“ལྷ་ཁམས་མདོ་ལ”ཡི་ཆས་རྟགས་འཛུགས་སྐྲུན་ལ་དམིགས་ནས་འཇོན་མི་གསོ་སྐྱོང་དང་ལས་གནས་གསར་སྤེལ། རོང་འབྲོག་པའི་འབབ་འཕར་བཅས་རིག་གནས་གནས་སྐོར་གྱི་སྦྲེལ་ཐག་ཧྲིལ་བོར་ཟབ་འཇུག་སྒོས་སྐྱེ་ཁམས་ཀྱི་ཁེ་བཟང་དམངས་ཀྱི་འཚོ་བར་ཐད་ཀར་ཐོན་ལ། རོང་འབྲོག་པས་རང་གི་སྒོ་མདུན་ནས་ལས་ཞུགས་བརྟན་པོ་དང་འབབ་འཕར་རྒྱུན་མཐུད་ཡོང་བར་སྐུལ་ཁྲིད་བྱས་ཏེ་དམངས་ཚིས་དངོས་ལ་ཕན་པས་གྲོང་གསེབ་དར་སྤེལ་སོང་།  

“འཇོན་མིའི་མཛོད”སྟོབས་ཆེར་བསྐྱེད་ནས་རིག་གནས་གནས་སྐོར་གྱི་རྨང་རྩ་ཇེ་བརྟན་དུ་བཏང་། གནས་སྐོར་སྣེ་ཤན་ཞབས་ཞུ་དང་མགྲོན་ཁང་དོ་དམ། དྲ་ཚོང་ཐད་གཏོང་། བརྙན་ཐུང་སྒྲིག་བཟོ་སོགས་རིག་གནས་གནས་སྐོར་གྱི་དགོས་མཁོ་དངོས་ལ་དམིགས་ནས་ས་གནས་འཇོན་མི་དང་ཡུལ་ལོག་ན་གཞོན། དབུལ་ཐར་ངལ་རྩོལ་ནུས་ཤུགས་མི་ཐེངས1200ལྷག་རིགས་དབྱེ་མཐིལ་བཤེར་ཐོ་འགོད་བྱས། རིག་གནས་གནས་སྐོར་སྡེ་ཚན་དང་ཡུལ་གྲོང་སོ་སོ་ལ་མཉམ་འབྲེལ་སྒོས་ཆེད་བཟོས་ཅན་གྱི་རྩལ་ནུས་གསོ་སྦྱོང་བྱས། “ལྷ་ཁམས་མདོ་ལ”ཡི་དྲིལ་སྒྲོག་པ་གསོ་སྐྱོང་བྱེད་པ་འཇུ་བྱེད་དུ་བྱས་ནས་བརྩེ་དུང་ངོ་མས་མདོ་ལའི་གཏམ་རྒྱུད་ལེགས་པོར་བཤད། དྲ་ཚོང་ཐད་གཏོང་གི་ཆེད་དོན་གསོ་སྦྱོང་སྤེལ་ནས་ལས་ཞུགས་བྱས་མེད་པའི་མཐོ་སློབ་མཐར་ཕྱིན་སློབ་མ20ལྷག་གསོ་སྦྱོང་ལ་ཞུགས། འཆར་གཞི་ལྟར་ན་ལོ་ཧྲིལ་བོར་ལས་རིགས་རྩལ་ནུས་གསོ་སྦྱོང་མི་ཐེངས350ལ་སྤེལ་ནས་རིག་གནས་གནས་སྐོར་ཐོན་ལས་ལ་འཇོན་མིའི་འདེགས་སྐྱོར་བྱས།  

“ལས་རྐང”སྔོག་འདོན་གཏིང་ཟབ་ཀྱིས་ལས་ཞུགས་ལམ་བུ་རྒྱ་ཆེར་བསྐྱེད། མཁར་དམར་གནའ་མཁར་དང་གཞུང་ལམ་དགུ་བ། ཨ་མྱེས་སྟོང་སོའི་ནགས་ཀློང་སྒར་འདེབས་རྟེན་གཞི་སོགས་གནས་ཡུལ་གཙོ་བོ་ལ་དམིགས་ཤིང་། ལྗོངས་ཁུལ་དང་དམངས་ཤག བཟའ་བཏུང་། ཚོང་ཁྲོམ་སོགས་གཉེར་སྐྱོང་བྱེད་པོ་ལ་མཉམ་འབྲེལ་གྱིས་ལྗོངས་རྣམ་ཞབས་ཞུ་དང་གཙང་སྐྱོང་བདེ་སྲུང་། ཁྱད་ལྡན་ཐོན་རྫས་ཉོ་འཁྲིད། དམངས་སྲོལ་བཟོ་རྩལ་སོགས་ཀྱི་ལས་རྐང་རྒྱུན་རྣམ་ཅན་གྱི་གསར་འདོན་བྱས། གདན་འགུག་ཚོགས་ཆེན་དང་ཐད་གཏོང་ལས་འདོན། དྲ་ལམ་ལས་ཞུགས་སོགས་ཀྱི་རྣམ་པ་བརྒྱུད་མི་ཐེངས་སྟོང་ལ་ཞབས་ཞུ་བསྒྲུབས། མི130ལ་ལས་ཞུགས་འདོད་མཐུན་བཞག སྟབས་བསྟུན་ལས་ཞུགས་ལས་རྐང་བརྒྱ་ལྷག་སྦྲེལ་མཐུད་བྱས། གྲོང་གསེབ་གནས་སྐོར་སྣེ་ལེན་གནས158དང་གྲོང་གསེབ་གནས་སྐོར་གཙོ་གནད་སྡེ་བ10ལ་བརྟེན་ནས་སྒོ་མདུན་གྱི་ལས་ཞུགས་སྟེགས་བུ་བསྐྲུན་ཅིང་། རིག་གནས་གནས་སྐོར་གྱི་འབྲེལ་ཡོད་ལས་ཞུགས་མི་སྣའི་གཞི་ཁྱོན་རྒྱུན་མཐུད་ཆེ་རུ་ཕྱིན་ནས་རོང་འབྲོག་པའི“ཕྱི་འགྲིམ་ཞོར་ལས་ཐག་རིང་བ་དང་རང་སར་ལས་ཞུགས་དཀའ་བའི”དངོས་ཡོད་ཀྱི་གནད་དོན་ནུས་ལྡན་ཐག་གིས་བཅད་ཡོད།  

“འགན་སྲུང་དྲ་བ”བརྟན་དུ་བཏང་ནས་ཡོང་སྒོ་འཕར་བའི་མཐའ་ཐིག་བརྟན་སྲུང་བྱས། ལས་ཞུགས་རོགས་སྐྱོར་དང་འགན་སྲུང་ཁ་གསབ། ངལ་རྩོལ་དབང་སྲུང་བཅས་གཞི་གཅིག་ཅན་གྱི་ཞབས་ཞུ་གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་བ་དང་། རྒྱུན་རྣམ་ཅན་གྱིས་རིག་གནས་གནས་སྐོར་ལས་རིགས་ཀྱི་ལས་མི་སྤྱོད་པ་ལ་སྐོར་ཞིབ་བྱས་ཏེ། རོང་འབྲོག་པའི་ལས་མིའི་ཁྲིམས་མཐུན་ཁེ་དབང་ལ་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས། རྒྱུན་རྣམ་ཅན་སྒོས་ལས་མི་སྤྱོད་པ་ལ་ཞིབ་བཤེར་བྱས་པ་བརྒྱུད་སྡོམ་པའི་ལས་མི་སྤྱོད་པའི་སྡེ་ཚན12ལ་ཞིབ་བཤེར་བྱས་ཏེ་ངལ་རྩོལ་གན་རྒྱ45གསབ་འཇོག་བྱ་རྒྱུར་སྐུལ་སྤེལ་བཏང་བ་དང་། 12345ཐད་སྦྲེལ་ཁ་པར་གྱི་གླ་ཆ་འགྱངས་ཆད་ཀྱི་རེ་ཞུ་གྱོད་གཞི18ཐག་གཅོད་བྱས་པ་མི82དང་དངུལ་འབོར་སྒོར་ཁྲི40.67ལ་འབྲེལ། 12333ལས་སྟེགས་བརྒྱུད་གླ་ཆ་འགྱངས་ཆད་ཀྱི་གྱོད་གཞི9མཐུན་སྦྱོར་ཐག་གཅོད་བྱས་པ་མི22དང་དངུལ་འབོར་སྒོར་ཁྲི16.21ལ་འབྲེལ། ཞིང་པ་ལས་མིའི་གླ་ཆ་ཐེར་འདོན་ཞུ་གཏུག་གྱོད་གཞི་ཐག་གཅོད་བྱེད་ཚད100%ཟིན་ཡོད། 

བྱེད་ཐབས་རབ་དང་རིམ་པ་སྤྱད་དེ་རིག་གནས་གནས་སྐོར་ཁྱབ་ཁོངས་ཀྱི་ལས་མི་སྤྱོད་པའི་སྒྲིག་ལམ་ནུས་ལྡན་ངང་ཚད་ལྡན་དུ་བཏང་བ་དང་། གླ་ཆ་འགྱངས་ཆད་ཀྱི་ཉེན་ཁ་འབྱུང་རྩ་ནས་སྔོན་འགོག་དང་སེལ་བ། ལས་བཟོ་པའི་ངལ་རྩོལ་ཐོབ་ཆ་དང་སྤྱི་ཚོགས་འགན་སྲུང་སོགས་ཁྲིམས་མཐུན་ཁེ་དབང་འགན་ལེན་ཏན་ཏིག་བྱས་ཡོད། མི་ཤུགས་ཞབས་ཞུ་དང་རིག་གནས་གནས་སྐོར་འཕེལ་རྒྱས་མཉམ་འདྲེས་གཏིང་ཟབ་དང་གོམ་སྟབས་གཅིག་གྱུར་བྱས་ནས་རྫོང་ཁོངས་ཀྱི་གནས་སྐོར་ལས་ཞུགས་ཀྱི་མི་མངོན་པའི་སྟོབས་ཤུགས་ནུས་ལྡན་ངང་སྐུལ་སློང་དང་། དམངས་ཚིས་ཡོང་སྒོ་འཕར་བའི་རྨང་གཞི་རྒྱུན་ཆད་མེད་པར་ཇེ་བརྟན་དུ་བཏང་ནས་མདོ་ལའི་སྐྱེ་ཁམས་རིག་གནས་གནས་སྐོར་གྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་དམངས་ཚིས་སྒུལ་ནུས་བརྟན་པོ་བསྣན་ཡོད།



མཉམ་སྤྱོད།