དེ་རིང་ནི2026ལོའི་ཟླ04པའི་ཚེས23ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མདོ་ལས་གྲོང་གསེབ་དར་སྤེལ་གྱི“སྣེ་ཁྲིད་རུ་དཔུང”སྟོབས་ཆེར་གསོ་སྐྱོང་བྱས་པ།

2026-04-23 15:52:59   |   19

རྩོམ་སྒྲིག ཀླུ་མོ་མཚོ།  ཡོང་ཁུངས། མདོ་ལ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།  བཤེར་འབེབས། རིན་ཆེན་ཚེ་རིང་།


མདོ་ལ་རྫོང་གིས“མགོ་ཁྲིད་ལས་བྱེད་པས་འཆད་ཁྲིད+ལས་སྒོའི་རྐང་འཛིན་པས་སློབ་ཁྲིད”དང“ཡུལ་དངོས་ལད་ཟློས་སྦྱོང་བརྡར+དཔྱད་གླེང་བརྗེ་རེས་སློབ་སྦྱོང”སོགས་ཀྱི་བྱེད་ཐབས་སྤྱད་དེ་སྡེ་བའི(སྡེ་ཁུལ)ཏང་ཡོན་གསོ་སྦྱོང་འཛིན་གྲྭ་རིམ་པ་དབྱེ་ནས་གཉེར་ཞིང་། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅི་དང་གསར་བསྐོས་སྡེ་བའི(སྡེ་ཁུལ)ལས་བྱེད་པ། གྲོང་ཚོར་བཅའ་སྡོད་ལས་བྱེད་པ་བཅས་གསོ་སྦྱོང་ཡོངས་སུ་ཁྱབ་པ་བྱས་ནས་གསོ་སྦྱོང“སློབ་ཁང”ནས“གཡུལ་སར”བསྐྱོད་རྒྱུར་སྐུལ་འདེད་བཏང་སྟེ་ཁྱོན་ཡོངས་གྲོང་གསེབ་དར་སྤེལ་ལ་སྒུལ་ནུས་དྲག་པོ་བསྣན། 

མཐོ་རིམ་སྐུལ་འདེད་སྒོས་སྤྱི་འདོམས་ལ་ཤུགས་བསྣན། སྣེ་མང་མཉམ་འགུལ་སྒོས་ཕན་འབྲས་མཐོ་རུ་བཏེགས། གཞུང་ཕྱོགས་འབྲེལ་མཐུད་དང་འཕྲེད་ཕྱོགས་མཐུན་སྦྱོར་གྱི“རིམ་གསུམ་མཉམ་འགུལ”གྱི་སློབ་ཁྲིད་མ་ལག་བཙུགས་ནས་ཕྱོགས་ཡོངས་ནས་གསོ་སྦྱོང་ལ་གཞོགས་འདེགས་བྱས། སྟོབས་ཤུགས་སྣ་མང་ཚོགས་ར་གཅིག་ཏུ་འཛོམས་པར་འགན་སྲུང་བྱས། “ཞིང་ཆེན་རིམ་པའི་སྤྱི་འདོམས་དང་ཁུལ་རིམ་པའི་མཉམ་འགུལ། རྫོང་རིམ་པའི་དངོས་འབེབས”ཀྱི་བླང་བྱ་མཐའ་འཁྱོངས་སྒོས་གོང་འོག་འབྲེལ་མཐུད་དང་གཡས་གཡོན་མཉམ་འགུལ་གྱི་ལས་ཀའི་རྣམ་པ་གཏོད། ཡུལ་གྲོང་དང་རྩ་འཛུགས། ཏང་གི་སློབ་གྲྭ། སྤྱི་བདེ། གློག་ཤུགས། འབྲེལ་འཕྲིན་སོགས་ཀྱི་སྟོབས་ཤུགས་གཅིག་གྱུར་འཆར་འགོད་ཀྱིས“ཁེར་རྐྱང་འགྲན་རྩོད”ནས“མཉམ་འབྲེལ་འཐབ་རྩོད”དུ་བསྒྱུར། “གློག་འདོན་འགན་ལེན+དྲ་རྒྱ་ཤར་གཏོང+ལས་རེས་ལས་སྲུང”གི་གནས་གསུམ་གཞི་གཅིག་ལམ་སྲོལ་ལག་བསྟར་བྱས་ནས“ཏང་ཡོན་ཏང་གི་སློབ་གྲྭར་གཅིག་སྡུད་རེས་མོས་གསོ་སྦྱོང”དང“ཏང་གི་སློབ་ཁྲིད་མགོ་བརྩམས་སོང”སོགས་ཀྱི་བྱེད་སྒོ་སྤུས་ཚད་དང་ཕན་འབྲས་ལྡན་པའི་སྤེལ་བར་འགན་སྲུང་བྱས། སྤུས་ལེགས་ཐོན་ཁུངས་གཞི་རིམ་གྱི་གཏིང་སར་ཟུག་པ། རིམ་པའི་བཀག་རྒྱ་གཏོར་ནས་སྒྲིག་ཨུ་དང་རྩ་འཛུགས། སྲིད་ཁྲིམས། ཏང་གི་སློབ་གྲྭ། སྤྱི་བདེ། ཞིང་ཕྱུགས་སོགས་རྫོང་ཐད་གཏོགས་སྡེ་ཚན་བསྡུ་སྒྲིལ་བྱས་ཏེ་གསོ་སྦྱོང་འཛིན་གྲྭའི“ཆེད་མཁས་འཆད་ཁྲིད་དགེ་རྒན་ཚོགས་པ”བཙུགས་ནས་སྡེ་བའི(སྡེ་ཁུལ)ཏང་ཀྲི་པུ་ཧྲུའུ་ཅི་དང་། སྡེ་བའི་བཅའ་སྡོད་ལས་བྱེད་པ། གསར་བསྐོས་ལས་བྱེད་པ་སོགས་ཀྱི་གསོ་སྦྱོང་འཛིན་གྲྭར་ཐོན། རྒྱ་ཆུ་ལུང་ཆུ་མི་བསྐྱིལ་བར་ཅི་ཞིག་ཆད་ན་གང་དེ་ཁ་གསབ་བྱས། གཞི་རིམ་ལས་བྱེད་པར་བཀོལ་ཆོད་པའི་སློབ་ཁྲིད་བཀོད་སྒྲིག་བྱས་ནས་ཐོན་ཁུངས་སྤུས་ལེགས་གཞི་རིམ་གྱི་མཐའ་ལ་གཏུགས་ཤིང་ཉམས་མྱོང་བཟང་པོ་ལག་ཏུ་བརྒྱུད་སྤྲོད་བྱས། 

གནད་འཁེལ་སློབ་སྟོན་སྒོས་གཞུང་ལུགས་དངོས་མ་ཁྲིད། འབེན་གཏད་ནུས་འདོན་སྒོས་ཞན་ཆ་ཁ་གསབ་བྱས། སྡེ་བའི་ཏང་རྩ་འཛུགས་ཀྱི་ཧྲུའུ་ཅིའི་འགན་སྒྲུབ་དགོས་མཁོ་ལ་དམ་པོར་དམིགས་ནས“གཞུང་ལུགས་དྲག་ཆས+སྲིད་ཇུས་གསབ་ཁྲིད། དངོས་འཐབ་སློབ་ཁྲིད”ཀྱི་སྣ་འདུས་ཐབས་བཟང་བཏོན་ཡོད། ཆབ་སྲིད་སྣེ་ཁྲིད་ཀྱིས་ཁ་ཕྱོགས་བཟུང་ལ། མགོ་ཁྲིད་ལས་བྱེད་པ་ཁྲིད་སྟེགས་སུ་ཞུགས་པའི་ལམ་ལུགས་ལག་བསྟར་ནན་པོ་བྱས་ཏེ། གཞི་རིམ་ཏང་འཛུགས་དང་མི་རིགས་མཐུན་སྒྲིལ། གཞི་རིམ་བཅོས་སྐྱོང་། བསམ་བློ་དྲིལ་སྒྲོག་སོགས་གཙོ་གནད་ཁྱབ་ཁོངས་ལ་དམིགས་ནས། རིམ་པ་དང་རིགས་དབྱེ་ནས་ལས་འགན་འཁུར་བའི“སློབ་ཚན་དང་པོ”ཁྲིད་ནས་སློབ་མ་རྣམས་ཀྱིས་མགྱོགས་མྱུར་ངང་གནས་བབ་གཏན་འཁེལ་དང་བྱ་བའི་བསམ་ཕྱོགས་གསལ་པོ་འཚོལ་རྒྱུར་ཁྲིད་སྟོན་བྱས་ཤིང་། ཡང་དག་པའི་ཆབ་སྲིད་ཁ་ཕྱོགས་ལ་བརྟེན་ནས་ལས་དོན་ཁག་གི་འགོ་ཡག་པོ་འཛུགས་པ་དང་གོམ་པ་ཡག་པོ་སྤོས། སྲིད་ཇུས་གསལ་འགྲེལ་བྱས་ནས་མཐའ་ཐིག་གསལ་པོ་བྱས་ལ། མང་ཚོགས་ནི“ཁྱིམ་བདག”དང་། དུས་རབས་གསར་པའི“ཧྥེང་ཆའོ་ཉམས་མྱོང”། སྒྲིག་ཁྲིམས་ཀྱི“འགན་འཁྲིའི་ལས་བགོས”སོགས་གཙོ་གནད་ནང་དོན་ལ་དམ་པོར་དམིགས་ཏེ། “གྱོད་དཔེའི་ནུས་འདོན+བརྙན་ལམ་བརྒྱུད་བསྒྲགས”དང“ཆེད་དོན་གསབ་ཁྲིད+ཉེན་ཁ་ཚོད་དཔོག”བཅས་ཀྱི་བྱ་ཐབས་སྤྱད་དེ་སློབ་མར་འགན་འཁྲི་སེམས་ལ་ཟུག་པ་དང་འགན་འཁྲི་ཕྲག་ལ་འཁུར་རྒྱུར་ཁྲིད་སྟོན་བྱས་ཤིང་། འགལ་བ་དང་རྩོད་གཞི་འབྱུང་རྩ་ནས་སེལ་བར་སྐུལ་འདེད་བཏང་ནས་སྒྲིག་ཁྲིམས་དང་སྒྲིག་ལམ་དེ་གཞི་རིམ་བཅོས་སྐྱོང་གི“བདེ་འཇགས་སྟེམ་སྒོར”འགྱུར་བར་བྱས། “སྣེ་ཁྲིད་པའི”དཔེ་སྟོན་གཙིགས་སུ་བཟུང་ནས་ཕུལ་བྱུང་སྡེ་བའི་ཀྲི་པུའུ་ཧྲུའུ་ཅི་སྒྲིག་འཛུགས་བྱས་ཏེ་གར་སྟེགས་ཐོག་ལག་ལེན་བཤད་པ་དང་མྱོང་ཚོར་གླེང་བ། ཐུན་མོང་དཔལ་འབྱོར་འཕེལ་རྒྱས་གཏོང་བའི“ཡུལ་ཐབས”དང་བཅོས་སྒྲིག་དཀའ་གནད་སེལ་བའི“དངོས་ཐབས”མཉམ་སྤྱོད་བྱས་ནས་སློབ་མར་སློབ་སྦྱོང་དང་སྤྱོད་ཆོག་པའི་དངོས་འཐབ་ཕྱོགས་སྟོན་མཁོ་འདོན་བྱས། 

སྦྱོང་སྤྱོད་ཟུང་འབྲེལ་སྒོས་འཕོ་འགྱུར་སྐུལ་འདེད་བཏང་། སྟོབས་བཅངས་ནུས་སྤྲོད་སྒོས་རྣམ་པ་གསར་བ་བཏོད། གནད་དོན་ཕྱོགས་སྟོན་དང་ལག་བསྟར་གཏད་ཕྱོགས་ཀྱི་བླང་བྱ་མཐའ་འཁྱོངས་དང་། སློབ་སྦྱོང་གི་གྲུབ་འབྲས་དེ་འགག་སྒྲོལ་དཀའ་སེལ་གྱི་ཐབས་ཤེས་དངོས་ལ་བསྒྱུར་ནས་ཐོས་བསམ་སྤྱོད་གསུམ་སྦྲེལ་མཐུད་དང་སྦྱངས་པ་སྤྱོད་གོ་ཆོད་པར་མངོན་འགྱུར་བྱུང་ཡོད། ད་ཁྲིད་ད་སློབ་ད་སྒྲུབ་བྱས་པ། “གཅིག་སྡུད་སློབ་སྦྱོང+བགྲོ་གླེང་སྤེལ་རེས”“གཏན་འབེབས་བྱ་སྤྱོད+ད་སློབ་ད་སྒྲུབ”བཅས་ཀྱི་རྣམ་པ་སྤྱད་དེ་སློབ་མ་ཚོས“ད་སློབ་ད་སྒྲུབ”ཁྲོད་ཚད་ལྡན་གྱི་བརྒྱུད་རིམ་ཁོང་དུ་ཆུད། མདོ་ལ་རི་བོའི་རྒྱལ་ཁབ་སྤྱི་གླིང་གི་ཡུན་རིང་ཚན་ཞིབ་རྟེན་གཞི་དང་དམར་དམག་ནུབ་ལམ་དམག་དཔུང་དང་བཅིངས་འགྲོལ་དམག་དཔུང་གཉིས་པའི་རྗེས་དྲན་གླིང་།  ཀྲུང་ཧྭ་མི་རིགས་ཐུན་མོང་ཚོགས་པའི་ཉམས་ལེན་ཁང་སོགས་ཡུལ་དངོས་སློབ་ཁྲིད་ཐོན་ཁུངས18སྔོག་འདོན་གཏིང་ཟབ་བྱས་ཏེ་ཡུལ་དངོས་སློབ་ཁྲིད་ཀྱི་སློབ་ཚན8དང་། ཏང་གི་ལོ་རྒྱུས་དང་ཏང་གཤིས་ཀྱི་ཁྱད་ལྡན་སློབ་ཚན3དང་དེ་བཞིན་གསར་བརྗེའི་གཏམ་རྒྱུད་ཀྱི་སློབ་ཚན་ཆུང་ངུ15བཅས་ཞིབ་ཚགས་ཀྱིས་བཟོས་ནས་སྤུས་ལེགས་སློབ་ཚན་མཁོ་འདོན་སྒོས་གསོ་སྦྱོང་གི་སྤུས་འབྲས་ཆེ་རུ་བཏང་ཡོད། དངོས་སྒྲུབ་ལས་ཆོད་ཆེ་ཞིང་གོ་ཆོད་པ། དངོས་འཐབ་ཀྱི་དགོས་མཁོར་དམ་པོར་དམིགས་ནས“གཞུང་ལུགས་སློབ་ཁྲིད་དང་དངོས་སྤྱོད་སྦྱོང་བརྡར། གྱོད་དཔེ་བསྐྱར་ཞིབ”སོགས་ཀྱི་བྱ་ཐབས་བརྒྱུད་ནུས་རྩལ་ཁྲིད་པ་མཐོང་ཆེན་བྱས་པར་མ་ཟད། བསམ་བློ་གདོང་གཏུག་ལ་ཤུགས་བསྣན་པ། ཚོ་ཆུང་དཔྱད་གླེང་དང་ཡུལ་དངོས་ལད་ཟློས་སོགས་ཀྱི་རྣམ་པ་བརྒྱུད་སློབ་མ་ཚོས་བགྲོ་གླེང་ཁྲོད་རིག་ལམ་གསལ་པོ་བཟོ་བ་དང་དངོས་སྦྱོང་ཁྲོད་འཇོན་ཐང་ཆེ་རུ་གཏོང་བར་ཁྲིད་སྟོན་བྱས་ནས་གསོ་སྦྱོང་གི་གྲུབ་འབྲས་དེ“སློབ་ཁང”ནས“གཡུལ་སར”བསྐྱོད་པར་སྐུལ་འདེད་བཏང་ནས་སློབ་སྦྱོང་གི་གྲུབ་འབྲས་དེ་རྨང་རྩ་གཉིས་བརྟན་དང་ལས་སྒྲུབ་གསར་གཏོད་ཀྱི་བྱ་སྤྱོད་དངོས་ལ་ཏན་ཏིག་གིས་བསྒྱུར། 



མཉམ་སྤྱོད།