དེ་རིང་ནི2024ལོའི་ཟླ09པའི་ཚེས19ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

མཚོ་སྔོན་རྐང་ཚའི་དབྱར་དུས་ཀྱི་རླན་སའི་མཛེས་ལྗོངས།

2024-08-15 09:44:10   |   རྩོམ་ཁུངས། མཚོ་བྱང་ཁུལ་མི་དམངས་སྲིད་གཞུང་གཞུང་ལས་ཁང་།

རྩོམ་སྒྲིག དམ་ཆོས་བསམ་འགྲུབ། ཡོང་ཁུངས། ཀྲུང་གོ་བོད་ཀྱི་དྲ་བ། བཤེར་འབེབས། རིན་ཆེན་ཚེ་རིང་།


དབྱར་དུས་ཀྱི་མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་མངའ་ཁོངས་ཀྱི་ནཱ་རེན་རླན་སར་ཆུ་རྒྱུན་ལྷུང་ལྷུང་དུ་འབབ་པ་དང་། མཐའ་ཡས་པའི་རྩྭ་ཐང་དང་། སྔོ་ཞིང་བསངས་པའི་ནམ་མཁའ། ད་དུང་གཡུ་ཡི་མཎྡལ་ཞུ་འདྲའི་མཚོ་སྔོན་པོ་བཅས་ཀྱིས་མཛེས་སྡུག་ལྡན་པའི་རང་བྱུང་རི་མོ་ཞིག་ངང་གིས་གྲུབ་ཡོད། “ནཱ་རེན”ཞེས་པ་ནི་སོག་པོའི་སྐད་ཡིན་ཞིང་། དེའི་དོན་ནི“ལྷང་ལྷུང་འབབ་པའི་ཆུ་བོ”ཞེས་པའི་དོན་ཡིན། ནཱ་རེན་རླན་ས་ནི་མཚོ་སྔོན་པོའི་བྱང་ངོགས་སུ་གནས་པ་དང་། འོམ་ཆུ་བཞུར་སའི་རླན་ས་རེད།

图片1.png

图片2.png

图片3.png

图片4.png

图片5.png

图片6.png


མཉམ་སྤྱོད།