དེ་རིང་ནི2024ལོའི་ཟླ12པའི་ཚེས22ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

རྐང་ཚ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ཆུ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ཞིབ་བཤེར་ལས་སྐུལ་ལྕག་བྱ་དགའ་སྒོར་ཁྲི100ཐོབ།

2024-11-28 15:05:34   |   301

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་བའི་ལོ་ཤས་རིང་། མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས “ཆུ་བོ་ཤར་གཏོང་དང་། ཆུ་བོ་དྭངས་བ།  ཆུ་འགྲམ་ལྗང་མདོག ཡུལ་ལྗོངས་མཛེས་པ། ” བཅས་ཀྱི་དམིགས་ཚད་ལ་དམ་པོར་གཞིགས་ཏེ། ཆུའི་ཐོན་ཁུངས་དོ་དམ་དང་། ཆུའི་ཁོར་ཡུག་ལེགས་སྒྲིག ཆུའི་སྐྱེ་ཁམས་སླར་གསོ། ཆུའི་འབག་བཙོག་འགོག་བཅོས་བཅས་ལ་སྐུལ་འདེད་བཏང་བ་དང་། ཆུ་དང་མཚེའུ་དཔོན་ལམ་ལུགས་དོན་འཁྱོལ་ལ་མུ་མཐུད་དུ་ཤུགས་བསྣན་ཏེ། ཆུ་བོ་དང་མཚེའུ་སྔོ་ཞིང་དྭངས་པ་བྱས་པས།  ཞིང་ཆེན་སྲིད་གཞུང་གི་ཆུ་བོ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ཞིབ་བཤེར་ལས་སྐུལ་ལྕག་བྱ་དགའ་སྒོར་ཁྲི100ཐོབ།  

རྐང་ཚ་རྫོང་གིས་རྫོང་དང་། ཡུལ་ཚོ། གྲོང་རྡལ། སྡེ་བ་བཅས་རིམ་པ་གསུམ་གྱི་ཆུ་བོ་དང་མཚེའུ་ཡི་མ་ལག་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་བ་དང་། རྫོང་རིམ་པའི་ཆུ་བོ་དང་མཚེའུ་དཔོན་གཞོན་པ་དང་། ཆུ་དང་མཚེའུ་དཔོན་གྱི་འགན་འཁུར་བ3་ཁ་གསབ་བྱས་ཤིང་། ཆུ་དང་མཚེའུ་ཡི་སྤྱི་དཔོན་གྱི་བཀའ་རྒྱ1དང་། ཆུ་དང་མཚེའུ་དཔོན་གྱི་འགན་འཁུན་བའི་བཀའ་རྒྱ3བཅས་བཏང་། “དཔོན་གསུམ་དང་ལས་མི་གཅིག”གིས་ཆུ་དང་མཚེའུ་ལ་སྐོར་ཞིབ་མི་ཐེངས་ཁྲི1.2བྱས། གནད་དོན་ཐག་གཅོད་བྱས་པ624དང་། གཙོ་གནད་ཆུ་བོⅡལས་སྤུས་ཚད་ལེགས་པའི་བསྡུར་གྲངས100%ཟིན་ཡོད་པ་རེད། སྡེ་ཁག་ལས་བརྒལ་བ་དང་ས་ཁོངས་ལས་བརྒལ་བའི་མཉམ་སྒུལ་དང་ཞིབ་དཔྱོད་སྤྱི་ཕན་གཏུག་བཤེར་རོགས་སྒྲུབ་བཅས་ཀྱི་ལམ་སྲོལ3འཐུས་ཚང་བར་བཙུགས་པ་དང་། 《རྐང་ཚ་རྫོང་གི“ནགས(རྩྭ)དཔོན་ལམ་ལུགས”དང“ཆུ་དང་མཚེའུ་དཔོན་ལམ་ལུགས་”ཀྱི་མཉམ་སྒུལ་ལམ་སྲོལ་ལས་དོན་ཇུས་གཞི》དང་། 《“ཆུ་དཔོན་དང་། ཞིབ་དཔྱོད་དཔོན”གྱི་མཐུན་སྦྱོར་ལམ་སྲོལ་ལ་ཐུན་མོང་སྒོས་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་བསམ་འཆར》བཟོས་ནས་དཔར་འགྲེམ་བྱས་ཏེ། མཐའ་འཁོར་གྱི་རྫོང་ལ་ས་མཚམས་བརྒལ་བའི་བཞུར་ཆུ་མཉམ་འགོག་མཉམ་བཅོས་ཀྱི་མཉམ་ལས་གྲོས་མཐུན་བཞག

རྐང་ཚ་རྫོང་གིས་ཞིང་འབྲོག་ཁུལ་གྱི་མིའི་འཚོ་སྡོད་ཁོར་ཡུག་བཅོས་སྒྲིག་དང་། གསང་སྤྱོད་གསར་བརྗེ་སོགས་ཀྱི་ཆེད་དོན་ལས་དོན་རྒྱུན་མཐུད་ངང་སྤེལ་བ་དང་། ལུད་དང་ཞིང་སྨན་ཉུང་གཏོང་དང་ཕན་འབྲས་ཆེ་རུ་གཏོང་བའི་ལས་གྲྭ་ལག་བསྟར་ཤུགས་ཆེན་བྱས། མཁར་གྲོང་གི་འཚོ་བའི་གད་སྙིགས་གནོད་མེད་ཅན་དུ་གྱུར་ཚད་དང། སྒོ་ཕྱུགས་དང་ཁྱིམ་བྱའི་ལུད་ཐོན་ཁུངས་ཅན་དུ་བསྒྱུར་ནས་བེད་སྤྱོད་ཚད99.8%དང85%ཟིན་པ་དང་། མཚོ་སྐོར་བྱང་ངོགས་དང་ཆུའི་འགྲམ་རྒྱུད་ཀྱི་སྐྱེ་ཁམས་ཁོར་ཡུག་ལེགས་བཅོས་ལ་ནུས་པ་ཐོན་ཡོད། ཆུ་དང་མཚེའུ་ཡི“གནོད་བཞི་གཙང་སེལ”རྒྱུན་རྣམ་ཚད་ལྡན་ཅན་དུ་གྱུར་བ་དང་།   ཆུ་ལོག་སེལ་བར་གནོད་པའི་གནད་དོན་རྩད་ཞིབ་དང་བཅོས་སྒྲིག་སོགས་ཀྱི་ཆེད་དོན་བྱེད་སྒོ་གཏིང་ཟབ་སྤེལ། རྫོང་ཡོངས་ཀྱི་ཆུ་དང་མཚེའུ་ཡི་གཙང་སྦྲའི་དཔུང་ཁག་ཁྱོན་མི་ཐེངས9700ལྷག་ཙམ་སྐུལ་སློང་བྱས་པ་དང་། གཙོ་གནད་བཞུར་རྒྱུན6གི་བཞུར་ལམ་སྤྱི་ལེ2793ལ་སྐོར་ཞིབ་བྱས། རིམ་རྩིས་ལྟར་ན་ཆུ་དང་མཚེའུ་ཡི་གད་སྙིགས་ཏུན4623གཙང་སེལ་བྱས་པས། ཆུ་དང་མཚེའུ་བཅོས་སྐྱོང་གི་ཆུ་ཚད་མཐོ་རུ་ཕྱིན་ཡོད། ཆུ་དང་མཚེའུ་ཡི་གནད་དོན་ཁྲ་ཐིག་ལ་ཡུལ་དངོས་ནས་བསྐྱར་བཤེར་ཐེངས174བྱས་ཤིང་། གནད་དོན་ཁྲ་ཐིག་ཁག149གཏན་འཁེལ་བྱས་པ་དང་འབྲེལ་ནས། ཚང་མ་དུས་ལྟར་སྤུས་ཚད་མཐོ་བའི་སྒོ་ནས་བཅོས་སྒྲིག་བྱས། སྤུས་ཚད་མཐོ་ཞིང་བདེ་སྐྱིད་ལྡན་པའི་ཆུ་དང་མཚེའུ་ཡི་འཛུགས་སྐྲུན་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་བཏང་བ་དང་། འོམ་ཆུའི་བདེ་སྐྱིད་ལྡན་པའི་ཆུ་དང་མཚེའུ་འཛུགས་སྐྲུན་གྱི་རང་དཔྱད་ལས་དོན་དུས་ལྟར་ལེགས་སྒྲུབ་བྱས་ཏེ། སྔོན་དཔག་ལས་བརྒལ་ནས་ཞིང་ཆེན་དང་ཁུལ་གྱི་ཞིབ་བསྡུར་དཔྱད་དཔོག་ལས་འགན་ལེགས་སྒྲུབ་བྱུང་། དེ་དང་ཆབས་ཅིག རྐང་ཚ་རྫོང་གིས་མངའ་ཁོངས་ཀྱི་བཞུར་ཆུའི་སྤུས་ཚད་ལ་ལྟ་ཞིབ་ཚད་ལེན་བྱ་རྒྱུར་ཤུགས་བསྣན་པ་དང་། འཐུང་ཆུའི་ཆུ་མགོའི་ཁུལ་གྱི་བདེ་འཇགས་ཀྱི་མངོན་མེད་རྐྱེན་ངན་ཞིབ་བཤེར་དང་བཅོས་སྒྲིག་བྱས་ཤིང་། ས་ངོས་ཀྱི་ཆུའི་སྤུས་ཚད་དང་རྒྱལ་ཁབ་ཀྱིས་ཚོད་འཛིན་བྱེད་པའི་ཞིང་ཆེན་གྱི་དཔྱད་ཞིབ་ས་ངོས་ཀྱི་ཆུའི་སྤུས་ཀའི་ཚད་ལོན་ཚད100%ཟིན་ཡོད།


སྐབས་སྔོན་མ། ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།
སྐབས་རྗེས་མ། “ཐོན་སྐྱེད་དང་། ལས་སྣོན། ཕྱིར་འཚོང་བཅས་གཞི་གཅིག་ཅན”གྱི་ནུས་མཐོའི་ཞིང་འབྲོག་ཐོན་ལས་མ་ལག་འཛུགས་སྐྲུན་གཏིང་ཟབ་བྱས།
མཉམ་སྤྱོད།