དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།

2024-11-21 19:05:44   |   510

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོ་ནས་བཟུང་། མཚོ་སྔོན་ཞིང་ཆེན་མཚོ་བྱང་བོད་རིགས་རང་སྐྱོང་ཁུལ་རྐང་ཚ་རྫོང་གིས་ཆུ་ཚད་མཐོ་བའི་སྲུང་སྐྱོང་དང་སྤུས་ཚད་མཐོ་བའི་འཕེལ་རྒྱས་ཀྱི་འབྲེལ་བ་ཐག་གཅོད་ཡང་དག་བྱས་ཏེ། ཁྱོན་ཡོངས་ནས“ལྗང་མདོག་དང་།    ཐཱན་ཉུང་།    ནུས་ཆེ”བཅས་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་གི་སྤྱིའི་བཀོད་པ་འཆར་འགོད་བྱས་ཤིང་། ནུས་ཤུགས་ཡོད་རྒུས་དཔལ་འབྱོར་ལྗང་མདོག་ཅན་དུ་བསྒྱུར་ནས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་སྐུལ་འདེད་བཏང་།

གཅིག་གྱུར་འཆར་འགོད་ཀྱིས་སྐུལ་འདེད་བཏང་ནས། ནུས་རྒྱུ་གསར་པའི་འཆར་འགོད་མ་ལག་མུ་མཐུད་དུ་འཐུས་སྒོ་ཇེ་ཚང་དུ་བཏང་།     རྒྱལ་ཁབ་དང་མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གསར་པའི་ཐོན་ལས་འཕེལ་རྒྱས་ལ་སྲིད་ཇུས་ཀྱི་རྒྱབ་སྐྱོར་བྱེད་པའི་གོ་སྐབས་གལ་ཆེན་དམ་འཛིན་གྱིས་མཚོ་སྔོན་ཞིང་ཆེན་གྱི་ནུས་རྒྱུ་གཙང་མའི་རྟེན་གཞི་ཆེ་གྲས་གཏོད་རྒྱུ་དམིགས་ཚད་དུ་བཟུང་སྟེ། “ལྗང་མདོག་དང་།    ཐཱན་ཉུང་།    ནུས་ཆེ”བཅས་ཀྱི་ནུས་རྒྱུ་གཙང་མའི་མ་ལག་ཅི་ནུས་ཀྱིས་འཆར་འགོད་བྱས་ཏེ། ཞིང་ཆེན་ཡོངས་ཀྱི“ས་ཁུལ་བཞི”འཛུགས་སྐྲུན་བྱ་ཆེད་རྐང་ཚའི་སྟོབས་ཤུགས་ཕུལ་ཡོད། མཚོ་སྔོན་པོའི་རྒྱལ་ཁབ་སྤྱི་གླིང་འཆར་འགོད་ཀྱི་གོ་སྐབས་ལེགས་པོ་དམ་འཛིན་བྱས་ནས། རྐང་ཚ་རྫོང་གི“ལོ་ལྔ་ཚན་བཅུ་བཞི་པའི”རིང་གི་ནུས་རྒྱུ་གསར་པའི་ཐོན་ལས་ཚད་མཐོ་བའི་ངང་འཕེལ་རྒྱས་སུ་གཏོང་བའི་ལས་དོན་གོ་རིམ་ལྡན་པའི་ངང་འཆར་འགོད་བྱེད་པ་དང་ནུས་རྒྱུ་གསར་པའི་འཕེལ་རྒྱས་ཀྱི་དམིགས་ཚད་དང་སླར་སྐྱེ་ནུས་རྒྱུ་ཐོན་ལས་ཀྱི་བཀོད་པ་ཇེ་ལེགས་སུ་བཏང་།   

ནུས་ཤུགས་ཡོད་རྒུས་རྣམ་གྲངས་དམ་འཛིན་བྱས་ནས། སྤུས་ཚད་མཐོ་བའི་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་ཇེ་བརྟན་དུ་བཏང་། 《མཚོ་སྔོན་ཞིང་ཆེན་གྱིས་རྒྱལ་ཁབ་ཀྱི་ནུས་རྒྱུ་གཙང་མའི་ཐོན་ལས་ས་མཐོ་གཏོད་པའི་ལས་འགུལ་ཇུས་གཞི》དང《མཚོ་སྔོན་ཞིང་ཆེན་ཐཱན་རྩེར་སོན་གྱི་ལག་བསྟར་ཇུས་གཞི》ལ་དཔེ་བལྟས་ཏེ། མཚོ་སྔོན་ཞིང་ཆེན་གྱིས་ནུས་རྒྱུ་གཙང་མའི་ས་མཐོ་གཏོད་ཆེད་རྐང་ཚའི་སྟོབས་ཤུགས་མུ་མཐུད་དུ་ཕུལ།   རྒྱལ་ཁབ་ནུས་རྒྱུའི་སྟོང་ཝ་ཁྲི120ཟིན་པའི་འོད་ཤུགས་རྣམ་གྲངས2021ལོའི་ཟླ8པར་ལས་མགོ་ཚུགས་པ་དང་། ད་བར་དུ་སྟོང་ཝ་ཁྲི90དྲ་སྦྲེལ་ཐུབ་ཡོད། ལོ་རེར་གློག་གཏོང་ཚད་སྟོང་ཝ་ཆུ་ཚོད་དུང་ཕྱུར15ལྷག་ཙམ་ཟིན་ཡོད།     སྤྱང་ཚང་དང་གཡང་དཀར་ལའི་སྟོང་ཝ་ཁྲི15ཡི“རྡོ་སོལ་སྔོག་འདོན་ས་ཁུལ”གྱི་འོད་ཤུགས་རྣམ་གྲངས་ལས་མགོ་ཚུགས། མིག་སྔའི་བར། རྫོང་ཡོངས་སུ་དྲ་སྦྲེལ་ནུས་རྒྱུ་གསར་པའི་གློག་འདོན་འཕྲུལ་འཁོར་དུ་གློག་འདོན་ཚད་སྟོང་ཝ་ཁྲི་118.05ཟིན་ཡོད།    

དྲ་སྒྲོམ་གྱི་གྲུབ་ཆ་ཇེ་བརྟན་དུ་བཏང་ནས། གློག་ཤུགས་སྐྱེལ་འདྲེན་བགྲོད་ལམ་རྒྱུན་མཐུད་ངང་འཐུས་ཚང་དུ་བཏང་།   སྔ་རྗེས་སུ་བླ་མཚོའི་སྟོང་ཧྥི330ཡི་གཤོང་ཚད་ཇེ་ཆེ་རུ་བཏང་བ་དང་སྟོང་ཧྥི330ཡི་ཚེ་ཐར་གློག་གཏོང་གློག་སྒྱུར་གྱི་ལས་གཞི་འཛུགས་སྐྲུན་ལས་འགན་ལེགས་སྒྲུབ་བྱུང་ལ། དེའི་ནང་ཚེ་ཐར་གྱི་གློག་གཏོང་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར5.2བཏང་ཞིང་། 2023ལོའི་ཟླ12ཚེས22ཉིན་བདེ་བླག་ངང་གློག་གཏོང་མགོ་ཚུགས།    

 སྣ་མང་མཐུན་སྦྱོར་གྱིས་འཕེལ་རྒྱས་བཏང་ནས། ནུས་ཤུགས་ཡོད་རྒུས་ལྗང་མདོག་འཕེལ་རྒྱས་ཀྱི་རྨང་གཞི་གསར་པ་ཇེ་བརྟན་དུ་བཏང་།     “ལྗང་མདོག་དཔལ་འབྱོར”འཕེལ་རྒྱས་ལ་དམིགས་པ་དང་རྫོང་གི་གནས་ཚུལ་དངོས་དང་ཟུང་འབྲེལ་གྱིས“ཁང་ཀླད་འོད་ཤུགས་གསར་སྤེལ་དང་གྲོང་སྡེ་དར་སྤེལ་སྦྲེལ་མཐུད་ནུས་ལྡན་བྱེད་པའི”འཕེལ་རྒྱས་ཀྱི་བསམ་ཕྱོགས་བཏོན་ནས་འོད་ནུས་དེ་གློག་ནུས་སུ་བསྒྱུར་ཏེ་ཐོན་ཁུངས་གསར་སྤེལ་དང་ནུས་རྒྱུ་གསར་པ་གཞན་སྒྱུར་བེད་སྤྱོད་ཐུབ་པ་བྱས་ནས་གྲོང་སྡེ་དར་སྤེལ་ལ་སྒུལ་ཤུགས་གསར་པ་སྣོན་པར་མུ་མཐུད་དུ་སྐུལ་འདེད་བཏང་།  


སྐབས་སྔོན་མ། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་གནས་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་དེ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན།
སྐབས་རྗེས་མ། རྐང་ཚ་རྫོང་ལ་ཞིང་ཆེན་ཡོངས་ཀྱི་ཆུ་དང་མཚེའུ་དཔོན་ལམ་ལུགས་ཀྱི་ཞིབ་བཤེར་ལས་སྐུལ་ལྕག་བྱ་དགའ་སྒོར་ཁྲི100ཐོབ།
མཉམ་སྤྱོད།