དེ་རིང་ནི2024ལོའི་ཟླ12པའི་ཚེས21ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས། 地名pdf

མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་གནས་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་དེ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན།

2024-11-06 11:17:48   |   380

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


1.gif

ཉེ་ལམ། མཚོ་བྱང་ཁུལ་རྐང་ཚ་རྫོང་གི་སྐྱེ་ཁམས་གནས་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་ཐོག་མ་དེ་ཁེ་རམ་ཐང་ལྗོངས་ཁུལ་དུ་བསྐྲུན། ས་ཚིགས་དེ་ནི་རབས་གསར་པའི་རིག་ནུས་རང་འགུལ་གནམ་གཤིས་ས་ཚིགས་ཤིག་ཡིན། དེས་རླན་ཚད་དང་རླུང་གནོན། རླུང་ཕྱོགས། རླུང་གི་མྱུར་ཚད། ཆར་པ་འབབ་ཚད། སྨུག་ཕྱིའི་འགྱེད་འཕྲོ་སོགས་གནམ་གཤིས་ཀྱི་གནད་ཆེའི་རྒྱུ་རྐྱེན་བདུན་དུས་ཐོག་ཏུ་འཚོལ་བསྡུ་བྱ་ཐུབ།  

2.jpg 

སྐྱེ་ཁམས་གནས་སྐོར་གྱི་རང་འགུལ་གནམ་གཤིས་ས་ཚིགས་བསྐྲུན་པ་དེས། ལྗོངས་ཁུལ་གྱི་གནམ་གཤིས་གནོད་འཚེའི་ལྟ་ཞིབ་ཚད་ལེན་དང་སྔོན་བརྡ་གཏོང་བའི་ནུས་པ་ཆེ་རུ་གཏང་ཐུབ་པ་དང། རྒྱ་ཆེའི་གནས་སྐོར་བ་དང་ལྗོངས་ཁུལ་ཉེ་འཁོར་གྱི་མང་ཚོགས་ལ་སྔར་བས་ཞིབ་ཚགས་ཀྱི་གནམ་གཤིས་ཞབས་ཞུ་མཁོ་འདོན་བྱ་ཐུབ། དུས་མཚུངས་སུ། གནམ་གཤིས་སྡེ་ཁག་གིས་ཀྱང་ལྟ་ཞིབ་ཚད་ལེན་གྱི་གཞི་གྲངས་གཞིར་བཟུང་ནས་ལྗོངས་ཁུལ་གྱི་གནས་སྐོར་དོ་དམ་སྡེ་ཁག་ལ་ཚན་རིག་དང་མཐུན་པའི་ཐབས་ཇུས་ཀྱི་གཞི་འཛིན་ས་མཁོ་འདོན་བྱེད་རྒྱུ་རེད།

3.jpg

རྐང་ཚ་རྫོང་གནམ་གཤིས་བརྟག་དཔྱད་ཅུ་ཡིས་ཚན་རིག་དང་མཐུན་པའི་འཆར་འགོད་དང་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་པར་མུ་མཐུད་དུ་ཤུགས་བསྣན་ནས། ནུས་ཤུགས་ཡོད་རྒུས་ཁྱོན་ཡོངས་དང་ནུས་ཆེའི་སྐྱེ་ཁམས་གནས་སྐོར་གནམ་གཤིས་ལྟ་ཞིབ་ཚད་ལེན་ས་ཚིགས་འཛུགས་སྐྲུན་བྱ་རྒྱུ་རེད། སྤུས་ཚད་དོ་དམ་མ་ལག་དང་ལྟ་ཞིབ་ཚད་ལེན་གྱི་འགག་རྩའི་དུམ་ཚན་ལ་ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། གཞི་གྲངས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ། གཞི་གྲངས་ནུས་ལྡན་མཁོ་འདོན་བྱེད་ཤུགས་ཆེ་རུ་གཏོང་བ་བཅས་བྱས་ནས་རྐང་ཚ་ས་ཁུལ་གྱི་གཙོ་གནད་གནས་སྐོར་ལྗོངས་ཁུལ་དང་དེ་བཞིན་གནས་སྐོར་ལམ་ཐིག་གྲགས་ཅན་གྱི་གནམ་གཤིས་ལྟ་ཞིབ་ཚད་ལེན་བྱེད་པར་རོགས་བྱས་ཏེ། གནས་སྐོར་གནམ་གཤིས་ཞབས་ཞུའི་སྤུས་ཚད་མཐོ་རུ་འགྲོ་བར་སྐུལ་འདེད་གཏོང་རྒྱུ་རེད།

4.jpg


སྐབས་སྔོན་མ། མཚོ་བྱང་རྐང་ཚས“དམིགས་པ་གསུམ”ལ་བརྟེན་ནས་སྨན་བཅོས་འཕྲོད་བསྟེན་གྱི་མི་སྣ་འཇོན་ཐང་ཅན་སྐྱེད་སྲིད་བྱས།
སྐབས་རྗེས་མ། ནུས་རྒྱུ་གཙང་མའི་ཐོན་ལས་མ་ལག་གིས་སྤུས་ཚད་མཐོ་བའི་འཕེལ་རྒྱས་ལ་འདེགས་སྐྱོར་བྱས།
མཉམ་སྤྱོད།