དེ་རིང་ནི2024ལོའི་ཟླ12པའི་ཚེས31ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་ལ་རྒྱལ་ཡོངས་འཕྲིན་བཅར་ལས་དོན་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་ཐོབ་པ།

2024-12-04 09:51:37   |   240

རྩོམ་སྒྲིག  ཀླུ་མོ་མཚོ།   ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས།   བཤེར་འབེབས། རིན་ཆེན་ཚེ་རིང་།


རྐང་ཚ་རྫོང་གིས་འཕྲིན་བཅར་བྱ་བའི་ཁྲོད་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བ་རུ་འཛིན་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། ཁྱོན་ཡོངས་དང་རིམ་པ་མང་བའི་འཕྲིན་བཅར་བྱ་བའི་མ་ལག་བཙུགས་ནས།  གཞི་རིམ་གྱི་འཕྲིན་བཅར་དྲ་བའི་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ། འཕྲིན་བཅར་གྱི་གནད་དོན་སྔ་མོ་ནས་ཤེས་རྟོགས་འབྱུང་བ་དང་སྔ་མོ་ནས་ཐག་གཅོད་བྱེད་པ། འགལ་རྩོད་ཆེ་རུ་མི་འབྱུང་བར་དུས་ཐོག་ཏུ་སེལ་ཐུབ་པ་བྱས་ཡོད། ཉེ་ལམ་རྒྱལ་ཁབ་འཕྲིན་བཅར་ཅུ་ཡིས་ཞིབ་དཔྱད་བྱས་པ་བརྒྱུད། རྐང་ཚ་རྫོང་ལ2023ལོ་འཁོར་གྱི་རྒྱལ་ཡོངས་འཕྲིན་བཅར་ལས་དོན་གྱི་དཔེ་སྟོན་རྫོང་གི་གཟི་བརྗིད་མཚན་སྙན་བསྩལ།  གཟི་བརྗིད་དེ་ནི་རྐང་ཚ་རྫོང་གི་འཕྲིན་བཅར་ལས་དོན་ལ་ཚད་མཐོའི་ཁས་ལེན་བྱས་པ་ཞིག་ཡིན་པ་མ་ཟད། དུས་ཡུན་རིང་པོའི་ནང་མང་ཚོགས་ཀྱི་རེ་ཞུ་ཐག་གཅོད་དང་སྤྱི་ཚོགས་བརྟན་ལྷིང་སྲུང་སྐྱོང་ལ་གཞོལ་བའི་དཔང་པོ་ནུས་ལྡན་ཞིག་ཀྱང་ཡིན།   

e2837f638c917e50eef609191ef8daf.jpg

 ལོ་འདིའི་ནང་། རྫོང་ཨུའི་རྒྱུན་ཨུ་དང་སྲིད་གཞུང་རྒྱུན་ལས་ཚོགས་པ། སྲིད་གཞུང་ཏང་རྩ་འཛུགས།  ཆེད་དོན་ཚོགས་འདུ་སོགས་བརྒྱུད་ནས《འཕྲིན་བཅར་བྱ་བའི་སྲོལ་ཡིག》དང་།  རྒྱལ་ཡོངས་འཕྲིན་བཅར་ཅུ་ཀྲང་ཚོགས་འདུའི་དགོངས་དོན་བརྒྱུད་བསྒྲགས་དང་སློབ་སྦྱོང་བྱས་ནས།  རྫོང་ཨུ་དང་རྫོང་སྲིད་གཞུང་གིས་འཕྲིན་བཅར་བྱ་བ་ཐེངས6ལ་ཞིབ་འཇུག་དང་བཀོད་སྒྲིག་བྱས། “ནུས་ཤུགས་གཅིག་བསྡུས་ཀྱིས་འཕྲིན་བཅར་དམ་འཛིན་དང་རང་འགུལ་གྱིས་དམངས་ཀྱི་སེམས་ཁྲལ་སེལ་བའི”འཕྲིན་བཅར་བྱ་བའི་རྣམ་པ་ཞིག་ཆགས།  རྫོང་ཨུ་དང་རྫོང་སྲིད་གཞུང་གི་མགོ་ཁྲིད་ཀྱིས་སྣེ་ཁྲིད་དེ་མང་ཚོགས་ཀྱི་འཕྲིན་བཅར་དང་དྲ་ཐོག་འཕྲིན་བསྐུར་བྱས་པ་ཐེངས9ལ་བལྟས་པ་དང་གཉེར་སྒྲུབ་བྱས་ལ། རྫོང་རིམ་པའི་མགོ་ཁྲིད་ཀྱིས་ངོ་བཅར་མཁན་ལ་སྣེ་ལེན་ཞུས་པ་དང་མང་ཚོགས་ཀྱིས་བཏོན་པའི་དཀའ་གནད་ཆེ་བའི་འཕྲིན་བཅར་གྱི་གནད་དོན་ཁག9ཐག་གཅོད་བྱས་ཡོད།  རྫོང་ཡོངས་ཀྱི་འཕྲིན་བཅར་ལས་དོན་མཉམ་འབྲེལ་ཚོགས་འདུའི་ཁོངས་མི་ཁ་གསབ་བྱས་ནས་འཕྲིན་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་ལམ་ལུགས་བཟོ་བཅོས་དང་འཐུས་ཚང་དུ་བཏང་བས་ཡུལ་ཚོ་དང་གྲོང་རྡལ་གྱི་འཕྲིན་བཅར་ལས་དོན་གྱི་མཉམ་འབྲེལ་ཚོགས་འདུའི་རྐྱེན་སྲོལ་ཁྱབ་ཚད100%ཡིན།  མང་ཚོགས་ཀྱི་འཕྲིན་བཅར་དང་དྲ་ཐོག་འཕྲིན་བསྐུར་གྱི་དོན་བྱ58དང་། གྱོད་གཞི་འགལ་རྩོད་འདུམ་སེལ་གྱི་འཕྲིན་བཅར48ཁྲིམས་ལྟར་ཐག་གཅོད་བྱས།  ལྷག་པར་དུ་ཚོགས་འདུ་གལ་ཆེན་དང་བྱེད་སྒོ་གལ་ཆེན་སྤེལ་བའི་རིང་གི་འཕྲིན་བཅར་གྱི་བྱུར་རྐྱེན་གྱི་ཉེན་ཁ་ལེབ་བཤེར་དང་འདུམ་སེལ་བྱས་པར་མང་ཚོགས་ཀྱིས་གདེང་འཇོག་བཟང་པོ་ཐོབ་པ་དང་། དམིགས་བསལ་དང་དཀའ་གནད་ཆེ་བའི་འཕྲིན་བཅར་ཁག་གོང་རིམ་སྡེ་ཁག་ལ་གོང་ཞུ་བྱས་ཏེ་དཔེ་མཚོན་གྱོད་གཞི་འདུམ་སེལ་བྱས་པར་གྲུབ་འབྲས་མངོན་གསལ་བླངས་ཡོད། ཁུལ་ཡོངས་ཀྱིས《འཕྲིནབཅར་རོགས་སྐྱོབ་མ་དངུལ་དོ་དམ་བྱ་ཐབས》སྔོན་ལ་བཏོན་པ་དེས་འཕྲིན་བཅར་དང་འབྲེལ་བ་ཡོད་པའི་མི་སྣ་ཁག་ཅིག་གི་དམིགས་བསལ་དཀའ་ངལ་ནུས་ལྡན་ངང་སེལ་ཐུབ་པ་བྱུང་བས། ལོ་རྒྱུས་རང་བཞིན་གྱི་ཤུལ་ལུས་གནད་དོན་དང་དཀའ་གནད་ཆེ་བའི་གྱོད་གཞི་ཐག་གཅོད་བྱ་རྒྱུར་སྐུལ་འདེད་བཏང་། རང་རྫོང་གིས་ཡིག་སྒྱུར་བྱས་པའི་འཕྲིན་བཅར་བྱ་བའི་སྲོལ་ཡིག་མཚོ་སྔོན་བོད་ཡིག་ཁྲིམས་ལུགས་ཚགས་པར་གྱིས་བསྡུ་ལེན་བྱས་ཏེ་ཞིང་ཆེན་ཡོངས་སུ་ཁྱབ་སྤེལ་བྱས་ཡོད།

རྐང་ཚ་རྫོང་གིས་དོན་དངོས་དང་ཟུང་འབྲེལ་བྱས་ཏེ《འཕྲིན་བཅར་ལས་དོན་སྲོལ་ཡིག》དང《འཕྲིན་བཅར་གྱི་རྒྱུན་ཤེས》སོགས་རྒྱ་བོད་སྐད་གཉིས་ཀྱི་འཕྲིན་བཅར་སྐོར་གྱི་ཤེས་བྱའི་ཀློག་དེབ་འགྲེམ་སྤེལ་བྱས་ཤིང་། “གཅིག་སྡུད་དྲིལ་སྒྲོག་ཟླ་བའི”བྱེད་སྒོ་སྤེལ་བ་དང་། ཡུལ་ཚོ་དང་གྲོང་རྡལ། སྡེ་བ་དང་གཞིས་ཁུལ།  རོང་འབྲོག་མང་ཚོགས་ཀྱི་ཁྱིམ་ནང་དུ་ཕྱིན་པ་བཅས་བྱས་ནས་ཆེད་དོན་འཆད་ཁྲིད་དང་ངོ་ཐུག་གདོང་འཕྲད་ཀྱིས་འགྲེལ་བཤད་བྱས། མིག་སྔའི་བར་གཅིག་སྡུད་དྲིག་སྒྲོག་ཐེངས30བྱས་པ་དང་། ཁྱིམ་ཚང་དུ་དྲིག་སྒྲོག་ཐེངས70ལྷག་བྱས། དྲིག་སྒྲོག་བཀླག་དེབ1000ལྷག་ཙམ་འགྲེམ་སྤེལ་བྱས། རོང་འབྲོག་མང་ཚོགས་ཀྱི་འཕྲིན་བཅར་འདུ་ཤེས་སྔར་ལས་གཏིང་ཟབ་ཏུ་ཕྱིན་པས། རྫོང་ཡོངས་ཀྱི་འཕྲིན་བཅར་འདུ་ཤེས་བརྟན་པོའི་ངང་ཚོད་འཛིན་ཐུབ་པ་བྱུང་ལ། མང་ཚོགས་ཀྱིས་རྙོག་དྲ་བཟོ་བ་དང་།  རིམ་བརྒལ་ཀྱིས་ངོ་བཅར་བྱེད་པ་དང་པེ་ཅིང་དུ་ངོ་བཅར་བྱེད་པ་སོགས་ཀྱི་གནས་ཚུལ་བྱུང་མེད།

    འཕྲིན་བཅར་ཅུ་ཡི་ལས་བྱེད་པ་དང་། ཡུལ་ཚོ་དང་གྲོང་རྡལ་གྱི་མཉམ་འབྲེལ་ཚོགས་འདུ་སྐོང་བསྡུ་མཁན། སྡེ་བར་བཅའ་སྡོད་ལས་བྱེད་རུ་མི་དང་སྡེ་བའི་ལས་བྱེད་པ་སོགས་གཞི་རིམ་གྱི་སྟོབས་ཤུགས་སྒྲིག་འཛུགས་བྱས་ཏེ་ལྟེ་བ་གཅིག་དང་རུ་དཔུང་ལྔའི་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་བྱ་བའི་བྱེད་ཐབས་ཀྱི་ནུས་པ་འདོན་སྤེལ་བྱས་ནས། གྱོད་གཞི་བྱུང་མ་ཐག་ནས་ཞིང་ཆེན་དང་པེ་ཅིང་དུ་ངོ་བཅར་བྱེད་པ་དང་། ངོ་བཅར་དུ་རྙོག་དྲ་བཟོ་བ། འུད་གཏམ་སྒྲོག་པ་སོགས་གཙོ་གནད་འཕྲིན་བཅར་མི་སྣ་རེ་རེ་བཞིན་གྲལ་བཤེར་དང་། གནད་དོན་མཐའ་འཁྱོངས་བྱེད་པ། གནས་ཚུལ་ཁ་གསལ་ཡོང་བ་བཅས་བྱས་ནས། འབུར་ཐོན་གྱི་གནད་དོན་དང་བྱུར་རྐྱེན་དུས་ཐོག་ཏུ་ཤེས་རྟོགས་འབྱུང་བ་དང་ལས་སྒྲུབ་བྱེད་པ་བྱས་ཏེ། འབྲེལ་ཡོད་མི་སྣ་དང་གནད་དོན་རྫོང་རིམ་པའི་མགོ་ཁྲིད་ལ་བཀོད་སྒྲིག་བྱས་ནས་ཐག་གཅོད་བྱེད་དུ་བཅུག་ནས། “འགལ་བ་དང་རྩོད་གཞི་གྲལ་བཤེར་ནན་མོ་བྱེད་པ་དང་།  མགོ་ཁྲིད་ལས་བྱེད་པས་འཕྲིན་བཅར་སྣེ་ལེན་བྱེད་པ།  འབུར་ཐོན་གྱི་གནད་དོན་གཞི་ནས་ཐག་གཅོད་བྱེད་པ”བཅས་ཀྱི་བྱ་བའི་རྣམ་པ་ནུས་ལྡན་ངང་ཆགས་ཡོད། 

    རྐང་ཚ་རྫོང་གིས་རྒྱལ་ཁབ་དང་ཞིང་ཆེན། ཁུལ་བཅས་ཀྱི་འཕྲིན་བཅར་སྡེ་ཁག་གིས་བསྒྲུབ་རྒྱུར་སྤྲད་པའི་འཕྲིན་བཅར་གྱི་གྱོད་གཞིར་དམིགས་ནས་གནད་དོན་གྱི་རྩིས་ཁྲ་བཟོས་ཏེ།  འཕྲིན་བཅར་གྱི་འབུར་ཐོན་གནད་དོན་ཐག་གཅོད་བྱེད་པའི“ཉིན་བརྒྱའི་འགག་སྒྲོལ་བྱ་སྤྱོད”གཅིག་སྡུད་ཀྱིས་སྤེལ།    རྫོང་གི་ཁྲུའུ་རིམ་པའི་མགོ་ཁྲིད་ཀྱིས“འཕྲིན་བཅར་དང་གཤམ་འདྲི”ལ་དོན་འཁྱོལ་ནན་པོ་བྱེད་པ། བསགས་གྲངས་ཉུང་གཏོང་དང་འཕར་གྲངས་ཚོད་འཛིན།    འགྱུར་ཚད་འགོག་པ་བཅས་ཧུར་ཐག་གིས་བྱས་ཏེ་འཕྲིན་བཅར་ལ་བྱུར་རྐྱེན་གྱི་ཉེན་ཁ་མི་ཐོན་པ་དང་། ཚོད་འཛིན་ཐུབ་པ།  གོང་གཏུག་མི་བྱེད་པ་བཅས་ལ་འགན་ལེན་བྱས་ནས་འགལ་བ་དང་རྩོད་གཞི་སྣ་ཚོགས་གཞི་རིམ་དུ་ཐག་གཅོད་དང་ས་གནས་རང་ངོས་ནས་དུས་ཐོག་ཏུ་ཐག་གཅོད་ནན་མོ་བྱེད་ཐུབ་པ་བྱས་ཡོད།

 རྐང་ཚ་རྫོང་གིས་མི་དམངས་ཀྱི་འཕྲིན་བཅར་ལས་དོན་ལ་ཤུགས་སྣོན་རྒྱག་པ་དང་ཇེ་ལེགས་སུ་གཏོང་བའི་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གལ་ཆེའི་དགོངས་དོན་ནན་ཏན་སྒོས་ལག་བསྟར་དོན་འཁྱོལ་བྱས་ནས། རྒྱལ་ཡོངས་ཀྱི་འཕྲིན་བཅར་དཔེ་སྟོན་རྫོང་ལེགས་འགྲུབ་ངང་གསར་འཛུགས་བྱེད་པའི་གོ་སྐབས་དང་བསྟུན་ཏེ་མང་ཚོགས་ཀྱི་སེམས་ཁྲལ་སེལ་བ་དང་དམངས་སེམས་གཅིག་ཏུ་སྒྲིལ་བའི་ཐད་ཕན་འབྲས་དངོས་བརྩོན་ལེན་བྱ་རྒྱུ་ཡིན་ལ།  འཕྲིན་བཅར་བསྐྱར་ཟློས་བཅོས་སྐྱོང་དང་འཕྲིན་བཅར་གྱི་ཕུང་གསོག་ཐེབས་པའི་གྱོད་གཞི་སེལ་བའི་རྒྱུན་རྣམ་དང་ཕུགས་ཕན་རྒྱུན་མཐུད་གཏིང་ཟབ་ཏུ་བཏང་ནས་དམངས་ཀྱི་དཀའ་ངལ་སེལ་བ་དང་ཏང་གི་སེམས་ཁྲལ་སེལ་བའི་ཆབ་སྲིད་ཀྱི་འགན་འཁྲི་དེ་བས་ལེགས་པའི་སྒོ་ནས་ལག་བསྟར་བྱ་བ་དང་། འཕྲིན་བཅར་ལས་དོན་གྱི་སྤྱི་ཡོངས་ཀྱི་ཆུ་ཚད་རྒྱུན་ཆད་མེད་པར་མཐོ་རུ་བཏང་སྟེ། རྫོང་ཡོངས་ཀྱི་འཕྲིན་བཅར་གྱི་གནས་བབ་རྒྱུན་མཐུད་ངང་ཞི་མཐུན་བརྟན་ལྷིང་ཡོང་རྒྱུར་སྐུལ་འདེད་གཏང་བ་དང་། དུས་རབས་གསར་པའི་འཐབ་ལམ་གསར་པའི་འཕྲིན་བཅར་ལས་དོན་གྱི་སྤུས་ཚད་མཐོ་བའི་རྣམ་པ་གསར་པ་ནུས་ཤུགས་ཅི་ཡོད་རྒུས་གཏོད་དགོས།







མཉམ་སྤྱོད།