དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚའི་རྩག་པ་ཨུ་རུ་སུ་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་གཞན་པར་ཕྱིར་འཚོང་བྱས།

2025-04-11 15:15:30   |   760

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ཉེ་ལམ། རྐང་ཚ་རྫོང་དམངས་གཉེར་ཁེ་ལས་ཏེ། ཚོང་བ་ཡར་འགྲོ་མི་རིགས་གྱོན་ཆས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་གྱིས་ཐོན་སྐྱེད་བྱས་པའི་བོད་ལུག་རྩག་པ་དེ་དྲ་ཐོག་ནས་ཕྱིར་འཚོང་བྱས་པ་བརྒྱུད་དེ། ཨུ་རུ་སུ་དང་ཨ་རི་སོགས་རྒྱལ་ཁབ་དང་ས་ཁུལ་གཞན་པར་ཕྱིར་འཚོང་བྱས་པས་རྐང་ཚའི་སྤུས་ལེགས་ཐོན་རྫས་རྒྱལ་སྤྱིའི་ཁྲོམ་རར་ཚུད་པ་མཚོན་ཡོད།

1.jpg

རྐང་ཚ་རྫོང་ཚོང་བ་ཡར་འགྲོ་མི་རིགས་གྱོན་ཆས་ཐོན་སྐྱེད་ཚད་ཡོད་སྤྱི་གཉེར་ནི་མཚོ་བྱང་ཁུལ་གྱི་གཞི་རྒྱ་ཆེ་ཤོས་དང་ཐོན་སྐྱེད་ནུས་པ་ཆེན་པོ་ལྡན་པའི་འབྲོག་ལུག་པགས་རྩག་མི་རིགས་གྱོན་ཆས་དམངས་གཉེར་ཁེ་ལས་ཤིག་ཡིན་ལ། 2025ལོའི་དུས་ཚིགས་དང་པོར་སྤྱི་གཉེར་འདིས་མངགས་ཐོའི་གཞི་ཁྱོན་དང་དྲ་རྒྱའི་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི154ཟིན་པ་དང་། ལྷག་པར་དྲ་རྒྱའི་ཕྱིར་འཚོང་གི་གྲུབ་འབྲས་གཟེངས་སུ་ཐོན་ཞིང་། ཉིན་གཅིག་ལ་ཕྱིར་འཚོང་བྱེད་ཚད་སྒོར་ཁྲི64ཟིན་པས་རང་ས་གནས་ཀྱི་ཁྱད་ཆོས་ལྡན་པའི་ནོར་ལུག་གི་ཟུར་སྣོན་ཐོན་དངོས་དང་ཐོན་རྫས་ཀྱི་ཤུགས་རྐྱེན་སྔར་ལས་ཇེ་མཐོར་ཕྱིན་ཡོད།

2.jpg

ཉེ་བའི་ལོ་ཤས་རིང་། རྐང་ཚ་རྫོང་གིས་ཐོག་མཐའ་བར་གསུམ་དུ་མི་རིགས་སྲོལ་རྒྱུན་ལག་ཤེས་བཟོ་ལས་སྲུང་སྐྱོབ་དང་རྒྱུན་འཛིན། འཕེལ་རྒྱས་བཅས་བྱ་བའི་གཙོ་གནད་དུ་བཟུང་སྟེ། ནུས་ཤུགས་ཡོད་རྒུས་སྲོལ་རྒྱུན་དམངས་ཁྲོད་བཟོ་རྩལ་ཐོན་རྫས་ཐོན་ལས་གསོ་སྐྱོང་བྱས་ནས།《མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་འཕེལ་རྒྱས་གཏོང་བའི་བྱེད་ཐབས་དོན་ཚན18》དང《རྐང་ཚ་རྫོང་ནོར་སྲིད་ཀྱིས་ཁེ་ལས་ལ་རོགས་སྐྱོར་བྱས་ནས་དཀའ་ངལ་སེལ་བ་དང་ཁྲོམ་ར་གཙོ་གཞིའི་འཕེལ་རྒྱས་ལ་རྒྱབ་སྐྱོར་བྱེད་པའི་ཆེད་དོན་མ་དངུལ་དོ་དམ་བྱ་ཐབས》སོགས་རོགས་སྐྱོར་སྲིད་ཇུས་མང་པོ་བཟོས་ཏེ། སྒོར་ཁྲི400ལྷག་གི་མ་དངུལ་བཏང་ནས་ཐོན་ལས་རིམ་སྤོར་བསྒྱུར་བཀོད་བཟོ་སྐྲུན་ལག་བསྟར་བྱས་ཏེ། ཧུར་ཐག་གིས་ཞིང་ཕྱུགས་ཐོན་ལས་གཉོར་སྐྱོང་གླིང་གསར་དུ་བསྐྲུན་པ་དང་། རིགས་མི་འདྲ་བའི་ལས་སྣོན་ཁེ་ལས་སྣ་ཚོགས་ནང་འདྲེན་བྱས་ནས་གཉོར་སྐྱོང་གླིང་དུ་བསྡུ་བ་དང་། འབྲོག་ལུག་པགས་རྩག་སོགས་ཞར་བྱུང་ཐོན་དངོས་དང་ཐོན་རྗས་རིགས་ཇེ་མང་དུ་སོང་བ་བཅས་བྱས་ནས།  མི་རིགས་ལག་ཤེས་བཟོ་ལས་དང་སྲོལ་རྒྱུན་ལག་རྩལ་རིགས་ཁྲོམ་ར་ཅན་དང་གཞི་ཁྱོན་ཅན། ཐོན་རྫས་ཅན་དུ་འགྱུར་བར་སྐུལ་འདེད་བཏང་སྟེ། མི་རིགས་ཀྱི་རིག་གནས་རྒྱུན་འཛིན་དང་གྲོང་གསེབ་དར་སྤེལ་མཉམ་འདྲེས་བྱེད་པའི་ཁྱད་ལྡན་གྱི་ཐབས་ལམ་ཞིག་འཚོལ་ཞིབ་བྱས་ཡོད།

3.jpg



མཉམ་སྤྱོད།