དེ་རིང་ནི2025ལོའི་ཟླ04པའི་ཚེས27ཡིན།
མདུན་ངོས། མགོ་ཁྲིད། གསར་འགྱུར། སྲིད་དོན། ཕ་ཡུལ། རིག་གནས། ལོ་ཙཱ། རྒྱུན་ཤེས། བརྙན་ཟློས།

རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་ཡིས་ཁྲོམ་རའི་རིན་གོང་ལྟ་སྐུལ་དོ་དམ་ལ་ཤུགས་སྣོན་བརྒྱབ་སྟེ། དམངས་ཚིས་བརྟན་འཇགས་ལ་འགན་སྲུང་བྱས།

2025-04-18 11:32:22   |   351

རྩོམ་སྒྲིག སངས་རྒྱས་སྐྱིད། ཡོང་ཁུངས། རྐང་ཚ་རྫོང་མི་རིགས་སྐད་ཡིག་ལས་དོན་ལྟེ་གནས། བཤེར་འབེབས། རིན་ཆེན་ཚེ་རིང་།


ད་ལོའི་ཚུན་ལ། རྐང་ཚ་རྫོང་ཁྲོམ་ར་ལྟ་སྐུལ་དོ་དམ་ཅུ་ཡིས“ཤུགས་སྣོན་གསུམ”དམིགས་ས་གཙོ་བོ་རུ་བཟུང་ཞིང་། ཁྲོམ་རའི་རིན་གོང་གི་སྒྲིག་ལམ་སྲུང་སྐྱོང་བྱེད་པ་དང་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་གཏོང་བ། དམངས་ཚིས་རིན་གོང་གི་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་མགོ་རྩོམ་སར་བཟུང་སྟེ། རིན་གོང་ལྟ་སྐུལ་དེ་སྔོན་གྱི“གནད་དོན་བྱུང་རྗེས་ཀྱི་ཞིབ་བཤེར་ཐག་གཅོད”ནས“སྔོན་ལ་སྔོན་འགོག”བྱེད་པ་རུ་བསྒྱུར་ཏེ། ནུས་ཤུགས་ཡོད་རྒུས་དྲང་གཞག་དང་གོ་རིམ་ལྡན་པའི་རིན་གོང་སྒྲིག་ལམ་བཙུགས་ཏེ་རྐང་ཚ་རྫོང་གི་ཚོང་གཉེར་ཁོར་ཡུག་ཇེ་ལེགས་སུ་བཏང་ནས། “གོང་བདེ་དམངས་ཕན”ཐད་གསོན་ཤུགས་གསར་པ་བསྣན་ཡོད།

1.jpg

དྲན་སྐུལ་བསླབ་བྱ་ལ་ཤུགས་སྣོན་བརྒྱབ་ནས། ལས་རིགས་ཀྱི་རང་གཅུན་ལ་སྣེ་ཁྲིད་བྱས། སྔོན་གྱི་འགོག་ཟོན་དང་གནད་དོན་བྱུང་བའི་ཁྲོད་དང་གནད་དོན་བྱུང་རྗེས་ཀྱི་ལྟ་སྐུལ་དོ་དམ་ཟུང་འབྲེལ་བྱ་རྒྱུ་མཐའ་འཁྱོངས་བྱས་ནས་རིན་གོང་སྲིད་ཇུས་ཀྱི་ཁྲིམས་སྲོལ་དྲིལ་སྒྲོག་དང་དྲན་སྐུལ་བསླབ་བྱ་ལ་ཤུགས་སྣོན་བརྒྱབ་ཅིང་། སྐད་འཕྲིན་ཚོགས་པར་བརྒྱུད་སྐུར་བྱེད་པ་དང་ཡུལ་དངོས་སུ་འགྲེམ་པ། བཞུགས་མོལ་ཚོགས་འདུ་འཚོགས་པ་སོགས་བྱ་ཐབས་སྣ་ཚོགས་བརྒྱུད་དེ་སྤྱི་སྟེགས་སུ《རིན་གོང་བྱ་སྤྱོད་ཚད་ལྡན་དུ་གཏོང་བའི་དྲན་སྐུལ་ཡི་གེ》དང《རིན་གོང་གི་ཁ་དན་ཚིག་གནས་ཀྱི་གྲོས་གཞི་ཡི་གེ》སོགས་ཁྱབ་བསྒྲགས་བྱས་པར་མ་ཟད། འབྲེལ་ཡོད་ལས་གཉེར་པར་ཁྲིམས་ལྟར་དྲན་སྐུལ་བསླབ་བྱ་བཏང་ཡོད། ལས་གཉེར་གཙོ་གཟུགས་ཁག་གིས་ལས་རིགས་རང་གཅུན་ལ་ཤུགས་སྣོན་རྒྱག་པ་དང་། རང་རྟོགས་ངང་ཁྲོམ་རའི་སྒྲིག་ལམ་སྲུང་སྐྱོང་བྱེད་པ། ཧུར་ཐག་གིས་སྤྱི་ཚོགས་འགན་འཁྲི་ལག་བསྟར་བྱེད་པ་དང་ལས་གཉེར་བྱ་སྤྱོད་ཚད་ལྡན་དུ་གཏོང་བ་བཅས་བྱས་ནས། ལས་རིགས་སྤྱིའི་རྣམ་པ་མཐོར་འདེགས་སུ་བཏང་། འཛད་སྤྱོད་པར་སྤུས་ལེགས་དང་ཆེད་ལས། ཞིབ་ཚགས་ཀྱི་ཞབས་ཞུ་མཁོ་འདོན་བྱེད་ཆེད། ཞབས་ཞུའི་ལས་རིགས་ཁག་གི་ལས་སྒྲུབ་མི་སྣར་གསོ་སྦྱོང་དང་སློབ་གསོ་གཏོང་བ་བཅས་བྱེད་པར་ཤུགས་སྣོན་བརྒྱབ་སྟེ། ལས་ཞུགས་མི་སྣའི་བཅའ་ཁྲིམས་ཀྱི་འདུ་ཤེས་དང་ལས་རིགས་ཀྱི་ཀུན་སྤྱོད། ལས་སྒོའི་ཆུ་ཚད་བཅས་མཐོར་འདེགས་སུ་བཏང་ནས། ཡང་དག་པའི་རིན་ཐང་ལྟ་བ་དང་ཞབས་ཞུའི་འདུ་ཤེས་འཛུགས་པར་ཁྲིད་སྟོན་བྱས།

5.jpg

ལྟ་སྐུལ་དོ་དམ་བྱེད་ཤུགས་ཆེ་རུ་གཏོང་བ་དང་། ཚོང་རའི་སྒྲིག་ལམ་སྲུང་སྐྱོང་བྱས། རིན་གོང་ལྟ་སྐུལ་ཞིབ་བཤེར་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་གཙོ་གནད་བྱ་བ་དང་ཟུང་འབྲེལ་བྱས་ཏེ། ཁྱོན་ཡོངས་ནས་རིན་གོང་ལ་ལྟ་སྐུལ་ཞིབ་བཤེར་དང་ཚུལ་མིན་གྱི་འགྲན་རྩོད་ལ་ངོ་རྒོལ་བྱེད་པའི་ལས་དོན་ཁག་གཅིག་གྱུར་འཆར་འགོད་བྱས། ཁྲིམས་འགལ་སྒྲིག་འགལ་གྱི་ལས་གཉེར་བྱ་སྤྱོད་ལ་རྡུང་རྡེག་ཚ་ནན་བཏང་སྟེ། དུས་ཆེན་དང་གུང་གསེང་སྐབས་སུ། ཚོང་རའི་རིན་གོང་སྒྲིག་ལམ་བརྟན་ལྷིང་ཡོང་བའི་ལས་དོན་རྒྱུན་མཐུད་ངང་ལེགས་པར་སྒྲུབ་པ་དང་། དྲིལ་སྒྲོག་དང་ཁྲིད་སྟོན་བྱེད་ཤུགས་ཆེ་རུ་གཏོང་བ། ཡུན་ཕན་གྱི་ལྟ་སྐུལ་དོ་དམ་ལམ་སྲོལ་འཛུགས་པ་དང་འཐུས་ཚང་དུ་གཏོང་བ། འབྱུང་རྩའི་སྟེང་སྒྲིག་སྲོལ་ལས་འགལ་བའི་དངུལ་བསྡུའི་གནད་དོན་བཅོས་སྒྲིག་བྱེད་པ། ཚོང་གཉེར་ཁོར་ཡུག་སྔར་བས་ཇེ་ལེགས་སུ་བཏང་ནས་ལས་གཉེར་གཙོ་གཟུགས་ལ་གསོན་ཤུགས་སྤེལ་བ་དང་ཆབས་ཅིག  སློབ་གསོ་དང་སྨན་བཅོས། གནས་སྐོར། པུར་འཇུག་སོགས་དམངས་ཚིས་དང་འབྲེལ་ཡོད་ཀྱི་གཙོ་གནད་ལས་རིགས་ཀྱི་རིན་གོང་བསྡུ་ལེན་གྱི་ཆེད་དོན་ཁྲིམས་བསྟར་དང་། རིགས་སོ་སོའི་ལས་གཉེར་གཙོ་གཟུགས་གི་རིན་གོང་གསལ་འགོད་བྱས་ཚུལ་ལ་ཞིབ་བཤེར་བྱས་ཏེ། ཁྱོན་རིན་གོང་བཅོས་བསྒྱུར་ཀྱི་བརྡ་ཐོ་ཁག13དང་། དྲན་སྐུལ་བརྡ་ཐོ་ཁག125  ཁྲིམས་ལུགས་ཁྱབ་གདལ་གྱི་དྲིལ་སྒྲོག་ཐེངས5བཅས་བྱས་པ་རེད།

ཁེ་དབང་སྲུང་སྐྱོང་གི་བགྲོད་ལམ་ལ་ཤུགས་སྣོན་བརྒྱབ་ནས། དམངས་ཚིས་རིན་གོང་འགོག་སྲུང་ནན་མོ་བྱས། ཟས་རིགས་བཟའ་བཏུང་སོགས་དམངས་ཚིས་ཁྱབ་ཁོངས་ལ་དམིགས་ནས། འབྲུ་རིགས་དང་སྣུམ། འཚོ་བའི་མཁོ་ཆས། སྨན་རྫས་སོགས་གཙོ་གནད་ཚོང་ཟོག་གི་རིན་གོང་ལ་ལྟ་ཞིབ་ཚད་ལེན་བྱེད་པ་ཤུགས་ཆེར་བཏང་ནས།“དྲ་ཐོག་དང་དྲ་ཕྱིའི”ཐབས་ལམ་གཉིས་ལ་བརྟེན་ནས་ཞུ་གཏུག་གོང་ཞུའི་རིགས་གང་མྱུར་གྱིས་ཐག་གཅོད་བྱེད་ཐུབ་པ་དང་། གང་མྱུར་གྱིས་ལན་འདེབས་ཐུབ་པ་བྱས་ནས། འབེལ་ཉོ་དཀོན་འཚོང་དང་ཟོག་གོང་ཧམ་སྤར་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་བཀག་འགོག་ནུས་ལྡན་བྱས་ནས་འཛད་སྤྱོད་པའི་ཁྲིམས་མཐུན་ཁེ་དབང་ལ་འགན་སྲུང་ཏན་ཏིག་བྱས། མིག་སྔའི་བར། རིན་གོང་རིགས་ཀྱི་ཞུ་གཏུག་ངོ་གྲངས3ཐག་གཅོད་བྱས། དུས་མཚུངས་ལས78%མར་ཆག་ཡོད། ཚད་འཇལ་ཡོ་བྱད་ཆེད་དོན་བཅོས་སྒྲིག་ལས་དོན་སྤེལ་ནས། ཁྲིམས་ལྟར་ཁྲིམས་འགལ་བྱ་སྤྱོད་ལ་རྡུང་རྡེག་ནན་མོ་བཏང་། རྒྱ་གྲངས་དང་མི་འདང་བའི་གཡོ་ཚོང་སྣོག་ཚོང་ལ་ཞིབ་བཤེར་ནན་པོ་བྱེད་པ་དང་ཆབས་ཅིག ཚད་འཇལ་ཡོ་བྱད་ཀྱི་ཤེས་བྱ་དང་བཅའ་ཁྲིམས་ཁྱབ་གདལ་དུ་བཏང་ནས། རྒྱ་ཆེའི་འཛད་སྤྱོད་པར་ཚད་འཇལ་ཡོ་བྱད་གཡོ་སྣོག་ལ་ཇི་ལྟར་ངོས་ཟིན་པར་འགྲེལ་བཤད་བྱས་ཏེ། འཛད་སྤྱོད་པས་ཚད་འཇལ་ཡོ་བྱད་ཀྱིས་གཡོ་སྣོག་བྱེད་པ་སོགས་ཁྲིམས་འགལ་སྒྲིག་འགལ་གྱི་བྱ་སྤྱོད་ལ་ཐེར་འདོན་ཞུ་གཏུག་བྱེད་པར་སྐུལ་མ་བཏང་ཞིང་།  ཚད་འཇལ་ཡོ་བྱད་ཀྱིས་གཡོ་སྣོག་བྱེད་པའི་རིགས་གཏན་འགོག་བྱེད་པ་ཧུར་ཐག་གིས་བསྒྲུབས།



མཉམ་སྤྱོད།